དགུན་ཁ་བསླེབ་བྱུང་།

ཧོར་ནག་པ་འདྲེ་མིག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-01

ཐབ་མེ་ལ་བསྒོང་བའི་ཨ་མའི་སླེ་བོར་བཏུས་པའི་ལྕི་བ་དང
རྔུལ་ནག་གིས་བཟོས་པའི་ཨ་ཕའི་སློག་རྩག་དྲོན་པོའི་རུམ་ཁ་ནས
དགུན་ཞེས་པའི་དུས་ཚིགས་ཤིག་གི་རྒྱབ་ལྗོངས་མཐོང་མ་མྱོང

 
མེ་ཏོག་གི་རྩྭ་ས་ས་རྐོ་རྡོ་སློག་གི་བྱེ་ཐང་གིས་ཟོས་ཤིང
སྤྲིན་དཀར་གྱི་ལུག་ཁྱུ་དུས་ཚོད་ཀྱི་རླུང་ནག་གིས་དེད་དུས
ང་ལ་དགུན་ཁ་སླེབས་བྱུང འཁྱག་གྲང་གིས་ངོ་མ་བཟོད་ཐབས་བྲལ
རྣོ་ལྕགས་ཨར་འདམ་གྱི་གཤིས་ཀ་འཁྱག་དྲགས་པས
ཁང་བརྩེགས་དང་རྡུལ་སྨུག་གིས་ཉི་མའི་མེ་འོད་མ་ཕོག་པའི་དབང་གིས
ངས་ཨ་ཕ་དང་ཨ་མ་དྲན་བྱུང
མེས་པོ་དྲན་བྱུང ཕ་ཡུལ་དྲན་བྱུང
ད་དུང གཡའ་དག་པའི་ནམ་མཁའ་དྲན་བྱུང

 
དྲན་པ་ཞིག་གི་མཁའ་ལ་རྫོགས་མཐའ་བྲལ་དུས
འཁྱག་རླུང་གིས་དེད་པའི་སེམས་པ་འདར་སིག་སིག
དུས་ཚོད་ཀྱི་དབང་གིས
ཁ་བ་ད་དུང་མུ་མཐུད་དུ་འབབ་སྲིད་པས
ཨ་མའི་ལྕི་བ་དང་ཨ་ཕའི་སློག་རྩག་ངས་ཡང་བསྐྱར་མི་འཚོལ་ཀ་མེད་རེད
                          ༢༠༡༠.༡༠.༡༧

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགུན་ཁ་བསླེབ་བྱུང་།

2011-12-01 ཧོར་ནག་པ་འདྲེ་མིག ཀློག་གྲངས། མཆན ཡོད།

ཐབ་མེ་ལ་བསྒོང་བའི་ཨ་མའི་སླེ་བོར་བཏུས་པའི་ལྕི་བ་དང
རྔུལ་ནག་གིས་བཟོས་པའི་ཨ་ཕའི་སློག་རྩག་དྲོན་པོའི་རུམ་ཁ་ནས
དགུན་ཞེས་པའི་དུས་ཚིགས་ཤིག་གི་རྒྱབ་ལྗོངས་མཐོང་མ་མྱོང

 
མེ་ཏོག་གི་རྩྭ་ས་ས་རྐོ་རྡོ་སློག་གི་བྱེ་ཐང་གིས་ཟོས་ཤིང
སྤྲིན་དཀར་གྱི་ལུག་ཁྱུ་དུས་ཚོད་ཀྱི་རླུང་ནག་གིས་དེད་དུས
ང་ལ་དགུན་ཁ་སླེབས་བྱུང འཁྱག་གྲང་གིས་ངོ་མ་བཟོད་ཐབས་བྲལ
རྣོ་ལྕགས་ཨར་འདམ་གྱི་གཤིས་ཀ་འཁྱག་དྲགས་པས
ཁང་བརྩེགས་དང་རྡུལ་སྨུག་གིས་ཉི་མའི་མེ་འོད་མ་ཕོག་པའི་དབང་གིས
ངས་ཨ་ཕ་དང་ཨ་མ་དྲན་བྱུང
མེས་པོ་དྲན་བྱུང ཕ་ཡུལ་དྲན་བྱུང
ད་དུང གཡའ་དག་པའི་ནམ་མཁའ་དྲན་བྱུང

 
དྲན་པ་ཞིག་གི་མཁའ་ལ་རྫོགས་མཐའ་བྲལ་དུས
འཁྱག་རླུང་གིས་དེད་པའི་སེམས་པ་འདར་སིག་སིག
དུས་ཚོད་ཀྱི་དབང་གིས
ཁ་བ་ད་དུང་མུ་མཐུད་དུ་འབབ་སྲིད་པས
ཨ་མའི་ལྕི་བ་དང་ཨ་ཕའི་སློག་རྩག་ངས་ཡང་བསྐྱར་མི་འཚོལ་ཀ་མེད་རེད
                          ༢༠༡༠.༡༠.༡༧

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།