བརྙན་ཟུར་ཞིག་ནས་རང་ཉིད་ལ་བལྟས་པ།


མཚན་མོ་ནག་པོ
གླུ་དབྱངས་ཟ་ཟི
རྐང་ཐང་བའི་རྣམ་ཤེས་འཁྱམ་པོ
སྐུ་དྲག་ཚང་གི་རྒྱ་ཕིབས་ལས་གྱེས་ཏེ
ལོ་མ་སེར་བོ་ཞིག་གི་འཕུར་གྲུ་བྱས་སོང

སྐྲ་རྒྱན་དངུལ་ཤན་མ་དེས
ཚེ་སྲོག་བསྟིམས་ཚུལ་བསམ་ན
རང་ཉིད་ཅི་ཡང་མིན་པའི་འཇམ་ཐང་ཐིང་གི་ནམ་མཁའ་འོ

བེམ་པོར་མིག་ཆུ་ཆད་པའི་ཉི་མ་དམར་པོ
ཁོའི་བདེ་སྐྱིད་ཀྱི་མཐར་ཐུག་ཏུ་འདོད
གང་ལྟར་འཕྲིན་པ་ཉིས་བརྒྱའི་ཁ་དོག
སྣ་ཚོགས་ཀྱིས་ཁྱབ་པའི་རྣག་ཁྲག་དེ

སྡུག་བསྔལ་གྱིས་ལག་པ་དང་དབང་པོ་དག་དྲུད་དེ
ཤོག་བུ་སྲེག་སའི་དུར་ཁུང་དུ་བསྐྱལ་ཀྱང
ཕྲེང་བ་བསྟར་བའི་ཕྱིར་མིག་གི་ཟུར་ཁ
ཁྱོད་ཀྱི་བྲང་གཞུང་གི་ནུ་འབུར་ངོས་སུ་ལྷེམ་ལྷེམ་སྐྱེས

ཆང་ཁང་གི་གར་སྟེགས་སུ་འཕྱོ་བའི་ལྤུ་བ་དཀར་པོ
སུ་ཞིག་གི་མིད་པ་རུ་འགུལ་བས་གཟུགས་མེད་སྡུག་ཡུས་ཀྱི་གླུ་སྐད་ཡིན
སུ་ཞིག་གི་གང་འདོད་དུ་སྤྱོད་པའི་ཉལ་གདན་ཆུང་ཆུང་དེ་ཡིན
སུ་ཞིག་གི་ཚེ་སྲོག་བོར་བའི་ཧམ་པ་དེ་ཡིན
ཁྱོད་གང་ན་ཡོད  ནག་རོག་རོག་གི་དབྱིངས་སུ

མིག་ཟུང་དུ་སྐར་མ་འོད་ཆེན་འཚེར་བ་ང་ཡིས་རྟོགས
སེམས་པ་རུ་རླངས་བ་ཤུགས་ཀྱིས་འཕྱུར་བ་ང་ཡིས་གོ

མཚན་མོ་ནག་པོ
གླུ་དབྱངས་ཟ་ཟི
རྐང་ཐང་བའི་རྣམ་ཤེས་འཁྱམ་པོ
སྐུ་དྲག་ཚང་གི་རྒྱ་ཕིབས་ལས་གྱེས་ཏེ
ལོ་མ་སེར་བོ་ཞིག་གི་འཕུར་གྲུ་བྱས་སོང

                     2011.11.10ཉིན་ལན་དྲུག་ཏུ་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྙན་ཟུར་ཞིག་ནས་རང་ཉིད་ལ་བལྟས་པ།

2011-11-18 རྣོ་ཟུར། ཀློག་གྲངས། མཆན ཡོད།


མཚན་མོ་ནག་པོ
གླུ་དབྱངས་ཟ་ཟི
རྐང་ཐང་བའི་རྣམ་ཤེས་འཁྱམ་པོ
སྐུ་དྲག་ཚང་གི་རྒྱ་ཕིབས་ལས་གྱེས་ཏེ
ལོ་མ་སེར་བོ་ཞིག་གི་འཕུར་གྲུ་བྱས་སོང

སྐྲ་རྒྱན་དངུལ་ཤན་མ་དེས
ཚེ་སྲོག་བསྟིམས་ཚུལ་བསམ་ན
རང་ཉིད་ཅི་ཡང་མིན་པའི་འཇམ་ཐང་ཐིང་གི་ནམ་མཁའ་འོ

བེམ་པོར་མིག་ཆུ་ཆད་པའི་ཉི་མ་དམར་པོ
ཁོའི་བདེ་སྐྱིད་ཀྱི་མཐར་ཐུག་ཏུ་འདོད
གང་ལྟར་འཕྲིན་པ་ཉིས་བརྒྱའི་ཁ་དོག
སྣ་ཚོགས་ཀྱིས་ཁྱབ་པའི་རྣག་ཁྲག་དེ

སྡུག་བསྔལ་གྱིས་ལག་པ་དང་དབང་པོ་དག་དྲུད་དེ
ཤོག་བུ་སྲེག་སའི་དུར་ཁུང་དུ་བསྐྱལ་ཀྱང
ཕྲེང་བ་བསྟར་བའི་ཕྱིར་མིག་གི་ཟུར་ཁ
ཁྱོད་ཀྱི་བྲང་གཞུང་གི་ནུ་འབུར་ངོས་སུ་ལྷེམ་ལྷེམ་སྐྱེས

ཆང་ཁང་གི་གར་སྟེགས་སུ་འཕྱོ་བའི་ལྤུ་བ་དཀར་པོ
སུ་ཞིག་གི་མིད་པ་རུ་འགུལ་བས་གཟུགས་མེད་སྡུག་ཡུས་ཀྱི་གླུ་སྐད་ཡིན
སུ་ཞིག་གི་གང་འདོད་དུ་སྤྱོད་པའི་ཉལ་གདན་ཆུང་ཆུང་དེ་ཡིན
སུ་ཞིག་གི་ཚེ་སྲོག་བོར་བའི་ཧམ་པ་དེ་ཡིན
ཁྱོད་གང་ན་ཡོད  ནག་རོག་རོག་གི་དབྱིངས་སུ

མིག་ཟུང་དུ་སྐར་མ་འོད་ཆེན་འཚེར་བ་ང་ཡིས་རྟོགས
སེམས་པ་རུ་རླངས་བ་ཤུགས་ཀྱིས་འཕྱུར་བ་ང་ཡིས་གོ

མཚན་མོ་ནག་པོ
གླུ་དབྱངས་ཟ་ཟི
རྐང་ཐང་བའི་རྣམ་ཤེས་འཁྱམ་པོ
སྐུ་དྲག་ཚང་གི་རྒྱ་ཕིབས་ལས་གྱེས་ཏེ
ལོ་མ་སེར་བོ་ཞིག་གི་འཕུར་གྲུ་བྱས་སོང

                     2011.11.10ཉིན་ལན་དྲུག་ཏུ་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།