གཞི་རིམ་ནས་ཐ་མག་རྔུབ་དུས།

བལྟས་ཚོད་ལ
གཞི་རིམ་གྱི་ནམ་མཁའ་ནི་རང་གིས་ཕྱོགས་བསྡུས་བྱས་པའི་སུན་སྣང་ཞིག་ལྟར་རྒྱུ་ལ
རྩུབ་རེག་གི་ངོས་སུ་ཚེར་མ་བཞིན་ཟུག་པའི་ཉམ་ང་ནི
དུས་ཚོད་དང་གྱང་གོག་གི་ལོགས་སུ་གད་སྙིགས་བཞིན་བསྟར་འདུག
དེ་དུས་ང་ཡི་གཞི་རིམ་ལ་མཚན་མོ་བསླེབས་ཤིང
ལྷིང་འཇགས་ཁོ་ན་ཡང་མུན་པ་སྟུག་པོ་ཞིག་ཏུ་གྱུར་ཚར
 
མི་རྣམས་གཞི་རིམ་དུ་ཕར་འགྲོ་ཚུར་འོང་ལ་བྲེལ་ཐེངས་སུ
ཉི་འོད་ཀྱི་ནེམ་ཤ་ས་ལ་སྨིན་པའི་བར་སྟོང་དག་མཇལ་ན
གཞི་རིམ་ནི་ཡིག་ནོར་གྱིས་ཁེངས་བའི་དཔེ་རྙིང་ཞིག་གམ
བདག་གི་ཚོར་བ་རྨང་ནས་འབྲེག་བྱེད་ཀྱི་གནམ་གཤིས་འཁྱག་པ་དེའོ
 
སྐབས་འདིའི་ས་སྲོས་ཀྱི་རུས་ཚོགས་ལ་སེམས་ཁ་ཅི་ལྟར་གླན་ནའང
ངས་བདེ་སྐྱིད་ཟེར་བའི་རྨི་ལམ་ཞིག་རྨི་ཐབས་དཀོན་ཨང
 
རླུང་བུ་ལྡིང་མཚམས་སུ་འགྲེང་ཚུགས་ཀྱིས་སྡོད་དུས
བརྩེ་བ་ནི་སྐྱ་ཐིང་ཐང་གི་མདུན་ལྗོངས་ཟད་པོ་དེ་དང
དེའི་སྲུབ་ཀ་རེ་རེ་ནས་བཞུར་བའི་སྐད་ཆའི་ཤུན་པ་དེ་རེད་པས
ངས་གཞི་རིམ་གྱི་ཆག་འཇིག་མཛུབ་མོས་བགྲངས་ཞོར
ཆེས་ཁེར་རྐྱང་དང་སྒྱུ་རྩལ་གྱི་ཐ་མག་རྔུབ་ཀྱིན་ཡོད
 
མེ་དང་སྐད་སྒྲས་བསྲེག་པའི་འདོད་ཁམས་ཀྱི་ལྷ་དང་ལྷ་མོ
གློ་དང་མཆིན་པས་བརྡུང་བའི་ཤེས་རབ་ཀྱི་མདངས་དང་གཟི་འོད
གློ་བུར་ཆེམ་ཆེམ་དུ་འབར་བའི
ཚོར་ཤེས་དང་སྒྱུ་འཕྲུལ་གྱི་གཙང་ཆེན་ཡིན་ལ
བདག་གི་ངོ་གདོང་ནས་ཐད་ཀར་ལྷུང་བའི
རྡོ་བའི་ནམ་མཁའ་དང་བརྩེ་ཆེན་གྱི་བྱང་ཐང་ཡིན་པས
 
དོ་ནུབ  ལག་མཐིལ་དུ་ལྷུང་བ་ཐམས་ཐད་ཤོག་བུ་དག་མིན་པར
བདག་གི་འཁྲུལ་སྣང་དང་ཡིད་ཁམས་འགག་བྱེད་ཀྱི
དམར་ཤུར་ཤུར་གྱི་ཐ་སྙད་དག་གོ
 
འབག་བཟོས་སྟོང་ཁམས་ཤིག་ཨུ་ཚུགས་དང་ཕམ་ཁས་བསྐྲུན་རྗེས
གཞི་རིམ་ནི་བྱིས་པ་དམར་རྗེན་ཞིག་མངལ་ལས་ལྷུང་ཤུལ་གྱི
ཨ་མའི་མིག་ཟུང་དེ་ཡིན  ཨ་ཕའི་དངངས་འདར་དེ་ཡིན
དེ་དུས་ཀྱི་གཞི་རིམ་ནི
སུ་ཞིག་ལ་དངུལ་ལོའི་དཔྱ་ཁྲལ་མ་མཇལ་བའི་མང་ཚོགས་ཕལ་བ་ཞིག་ཨང
 
འགྱིག་རྡེའུ་ཞིག་ལྟར་བཞག་པའི་སྡོད་ཁང་རེ་རེ་ལ
དབུགས་དང་དྲི་མ་ཡལ་བྱེད་ཀྱི་སྒེའུ་ཁུང་རེ་བཏོད་རྗེས
གཞི་རིམ་ན་ཁྱོད་ལ
གནས་ལུགས་སྟོན་བྱེད་དུ་བཙུགས་པའི་ཤིང་གི་ཕོར་བ་ཞིག་ཡོད
ཕྱི་ནང་བརྗེ་བྱེད་དུ་བཞེངས་པའི་ཡི་གེའི་ཤོག་བྱང་ཞིག་ཡོད
ཡིན་ཡང 
ཞོགས་པ་ཞིག་ལ་སོ་མར་མཇལ་ཡོང་བའི་གཞི་རིམ་ལ་བལྟ་དུས
ཁྱོད་ཀྱང་སྔ་ནས་ཁ་རོག་གེར་རྒས་ཟིན
 
སྨྲ་སྒོ་གཏན་དུ་རྒྱབ་ཟིན་པའི་དུས་ཚིགས་འདིར
གཞི་རིམ་ནི་རང་གི་སྙིང་ཁ་འདིར་བརྐོས་པའི་རོལ་དབྱངས་ཀྱི་གསང་ལམ་དང
རྨི་ལམ་གྱི་འགྲུལ་བཞུད་ཡིན
དེ་ལྟར་བསམ་བཞིན        ངས་སླར་ཡང་གཞི་རིམ་ལ་བལྟ་ཞོར
ཐ་མག་ཅིག་རྔུབ་འདོད་སྐྱེས
 
                                                  རྩེ་ཁོག་གི་གཞི་རིམ་ཞིག་ནས་བྲིས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཞི་རིམ་ནས་ཐ་མག་རྔུབ་དུས།

2011-11-16 རྩེ་སྲས་ཨ་རྡོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།