༡༠པའི་ཚེས་༢༩ཡི་མཚན་མོར། ངས་ལྷ་སའི་སྲང་ལམ་མྱུལ།

གློབུར་བའི་ཁ་པར་དེས། ང་ཕྱི་རོལ་དུ་ཁྲིད་སོང་།
ཕྱི་རོལ་དུ། ཁ་བས་རོལ་དབྱངས་ཤིག་གི་རམ་འདེགས་འོག
ལམ་འགྲམ་གྱི་སྤྲོ་སྐྱིད་ཁང་དེའི་སྒོ་ཁར་བསུས་བྱུང་།
སྦི་རག་དང་ཐ་མག་གིས་འགམ་བཞིན་པའི་སེམས་པ་སྐྱ་བོ།
མིག་མདུན་གྱི་མཆུ་སྒྲོས་དང་མྱོས་བུམ་གྱིས་སྐད་ཅིག་གིས་རླན་པར་བྱས་འགྲོ་ལ།
ནམ་ཡང་རང་གཤིས་སུ་མངའ་བའི་ཨུ་ཚུགས་ཀྱང་སྐད་ཅིག་མས་བསྲེག་འགྲོ་ན།
གནས་འདི་ཡང་ཡོད་ཚད་ཁྱུར་མིད་དུ་གཏོང་སའི་མཐའ་མཇུག་གི་གནས་མལ་དེ་ཨེ་རེད།

10པའི་ཚེས་29ཡི་མཚན་མོར། ངས་ལྷ་སའི་སྲང་ལམ་ཉུལ།
ལྷ་སའི་སྦི་རག་གི་བཟི་ཁ་བཙན་པོ་དེས་ཁ་ལོ་སྒྱུར་བཞིན།
གཞུང་ལམ་སྟེང་ལྷོད་ཀྱིས་བཞུར་བའི་མོ་ཊ་དག
ལམ་འགྲམ་ན་གཉིད་དུ་ཡར་བའི་འབྲོག་ཁྱིའི་ཚོགས།
ད་དུང་ཨར་ཁང་དུ་འཁོར་བའི་སྐྱག་སྦྲང་ཚོགས།
ཇ་ཁང་དུ་གོམས་པའི་མངར་ཇ་པ།
རྨི་ལམ་འཇམ་པོ་ཞིག་གི་རྔ་མར་འཆིང་བའི་མཐའ་འཁོར་གྱི་ཁོ་བོ་ཅག
རྨི་ལམ་ཁྲོད་རྒས་པའི་པོ་ཏ་ལ།
རྒས་གཉེར་གྱིས་འཚོ་པའི་དྲན་པ་ཐར་ཐོར།
འདི་དག་གིས་སྦགས་པའི་ལྷ་ལྡན་མཐོང་ལམ་དུ་རྒྱུད་ཐེངས་རེར།
ཚོད་ཚོད་ལ་སྦི་རག་ཧུར་གྱིས་འགམ་དགོས་བྱུང་།
ཚོད་ཚོད་ལ་ལྷ་སའི་གླིང་དུ་གོམ་པས་གཞལ་འདོད།

མཐོང་ལམ་དུ། གནས་མཇལ་བ་ཚོས།
གཞུང་ལམ་གྱི་ཉེ་ལོགས་སུ།
ཁྱིམ་གཞི་གསར་བ་ཞིག་གི་ཁ་དོག་མིད་ཀྱིན།
རྨི་ལམ་དྲོན་མོ་ཞིག་ལ་ལག་བརྡ་གཏོང་བཞིན།
ཇོ་བོ་རིན་པོ་ཆེའི་བྱིན་རླབས་ལ་དྲན་པ་གླན་ཞོར།
སྔ་མོ་ནས་གཉིད་དུ་ཡར་ཚར།
ང་ཡང་ཕྱིར་མལ་ཁང་དུ་ལོག་དགོས་བྱུང་།
         2011/10/29སྨྱོན་པས་ལྷ་ལྡན་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༡༠པའི་ཚེས་༢༩ཡི་མཚན་མོར། ངས་ལྷ་སའི་སྲང་ལམ་མྱུལ།

2011-11-11 འབའ་ཚེ་སྨྱོན། ཀློག་གྲངས། མཆན ཡོད།

གློབུར་བའི་ཁ་པར་དེས། ང་ཕྱི་རོལ་དུ་ཁྲིད་སོང་།
ཕྱི་རོལ་དུ། ཁ་བས་རོལ་དབྱངས་ཤིག་གི་རམ་འདེགས་འོག
ལམ་འགྲམ་གྱི་སྤྲོ་སྐྱིད་ཁང་དེའི་སྒོ་ཁར་བསུས་བྱུང་།
སྦི་རག་དང་ཐ་མག་གིས་འགམ་བཞིན་པའི་སེམས་པ་སྐྱ་བོ།
མིག་མདུན་གྱི་མཆུ་སྒྲོས་དང་མྱོས་བུམ་གྱིས་སྐད་ཅིག་གིས་རླན་པར་བྱས་འགྲོ་ལ།
ནམ་ཡང་རང་གཤིས་སུ་མངའ་བའི་ཨུ་ཚུགས་ཀྱང་སྐད་ཅིག་མས་བསྲེག་འགྲོ་ན།
གནས་འདི་ཡང་ཡོད་ཚད་ཁྱུར་མིད་དུ་གཏོང་སའི་མཐའ་མཇུག་གི་གནས་མལ་དེ་ཨེ་རེད།

10པའི་ཚེས་29ཡི་མཚན་མོར། ངས་ལྷ་སའི་སྲང་ལམ་ཉུལ།
ལྷ་སའི་སྦི་རག་གི་བཟི་ཁ་བཙན་པོ་དེས་ཁ་ལོ་སྒྱུར་བཞིན།
གཞུང་ལམ་སྟེང་ལྷོད་ཀྱིས་བཞུར་བའི་མོ་ཊ་དག
ལམ་འགྲམ་ན་གཉིད་དུ་ཡར་བའི་འབྲོག་ཁྱིའི་ཚོགས།
ད་དུང་ཨར་ཁང་དུ་འཁོར་བའི་སྐྱག་སྦྲང་ཚོགས།
ཇ་ཁང་དུ་གོམས་པའི་མངར་ཇ་པ།
རྨི་ལམ་འཇམ་པོ་ཞིག་གི་རྔ་མར་འཆིང་བའི་མཐའ་འཁོར་གྱི་ཁོ་བོ་ཅག
རྨི་ལམ་ཁྲོད་རྒས་པའི་པོ་ཏ་ལ།
རྒས་གཉེར་གྱིས་འཚོ་པའི་དྲན་པ་ཐར་ཐོར།
འདི་དག་གིས་སྦགས་པའི་ལྷ་ལྡན་མཐོང་ལམ་དུ་རྒྱུད་ཐེངས་རེར།
ཚོད་ཚོད་ལ་སྦི་རག་ཧུར་གྱིས་འགམ་དགོས་བྱུང་།
ཚོད་ཚོད་ལ་ལྷ་སའི་གླིང་དུ་གོམ་པས་གཞལ་འདོད།

10པའི་ཚེས་29ཡི་མཚན་མོར། ངས་ལྷ་སའི་སྲང་ལམ་ཉུལ།
མཐོང་ལམ་དུ། གནས་མཇལ་བ་ཚོས།
གཞུང་ལམ་གྱི་ཉེ་ལོགས་སུ།
ཁྱིམ་གཞི་གསར་བ་ཞིག་གི་ཁ་དོག་མིད་ཀྱིན།
རྨི་ལམ་དྲོན་མོ་ཞིག་ལ་ལག་བརྡ་གཏོང་བཞིན།
ཇོ་བོ་རིན་པོ་ཆེའི་བྱིན་རླབས་ལ་དྲན་པ་གླན་ཞོར།
སྔ་མོ་ནས་གཉིད་དུ་ཡར་ཚར།
ང་ཡང་ཕྱིར་མལ་ཁང་དུ་ལོག་དགོས་བྱུང་།
         2011/10/29སྨྱོན་པས་ལྷ་ལྡན་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།