ཁེར་རྐྱང་ལ་ཉིན་མཚན་གཏོང་དུས།

ང་ལ་མཚོན་ན    རྩྭ་ཐང་ནི་རང་ཉིད་ལ་ཆེད་དུ་བཟོས་པའི
ཁེར་རྐྱང་གི་རྨི་ལམ་ཞིག་གཏོང་བ་ཡིན་ལ་
ནམ་ཡང་རང་ཉིད་གསོན་པོར་གནས་པའི་དུས་ཚོད་འདི་དག་ལ
བརྩེ་དུང་རྐྱང་རྐྱང་གི་སེམས་ངལ་ཐ་དག་སྙིམ་པར་བཅངས་ནས
ཕྱིར་ཡོང་མེད་པའི་སྙིང་ཉེ་ཞིག་དྲན་པ་དང་ཇི་འདྲའི་མཚུངས་ཨང
 
རྩྭ་གསེབ་ན་འཕུར་བའི་བྱིས་ཆུང་དག་གི་ཅ་ཅོ་ལས
ང་ལ་འཇིགས་སྣང་གི་ཉེན་བརྡ་གསར་བ་རེ་སྤྲོད་ཀྱིན་འདུག་ལ
ལྗང་མདོག་མངའ་བའི་རྩྭི་སྟེང་གི་ཆུ་ཐིགས་གྲངས་མེད་ཅིག
མཁུར་མགོའི་གཤོང་བུ་རྒྱུད་ནས
ཁྱོད་ཀྱིས་མཐོང་མི་སྲིད་པའི་མནར་སྡུག་གི་ལྟེང་ཀ་ཞིག་བརྡོལ་མགོ་བརྩམས
 
ཉིན་རྒྱུན་མདུན་ངོས་ཀྱི་སྤང་ཐང་ཆུང་ཆུང་འདི་ནས་གཉིད་དུ་ལོག་དུས
སྙིང་ན་བའི་གླུ་སྐད་ཅིག་རྣ་རྒྱབ་ཏུ་ཟུག་འོང
གླུ་སྐད་དེ་ནི     རླུང་བུའི་ཤུགས་གླུ་དང་ཆུ་མོའི་བཞུར་སྒྲ་མ་ཡིན
གླུ་སྐད་དེའི་ཁྲོད་ནས    བདག་གིས་ཕ་ཡུལ་གྱི་མི་དམངས་མཐོང་སོང
ཁོ་ཚོས་ད་དུང      ཕྱི་གཙང་ནང་གཙང་གི་རྫི་གླུ་ལེན་བཞིན
ཧྲལ་ཧྲུལ་དུ་གྱུར་བའི་མེ་ལོང་ཟད་པོ་ཞིག་གི་བརྙན་ལམ་ནས
གནག་ཕྱུགས་དང་སྦྲ་ནག་གི་གཏམ་རྒྱུད་གླེང་གིན་ཡོད་ཀྱང
ཕྱིར་འོང་མེད་པའི་དུས་ཚིགས་རེ་རེ་ནི     སེམས་ངལ་ཁོ་ནའི
མྱ་ངན་གྱི་འདས་དོན་ཞིག་ཡིན་པ་གཞར་ཡང་ཚོར་མེད་པ་འདྲ
 
ཡིན་ཡང     གངས་རི་ནི་གཏན་ནས་བོར་མི་སྲིད་པའི་ཁོ་ཚོའི་བླ་རི་ཡིན་ལ
སྤང་ལྗོངས་ནི་ལོ་ངོ་སྟོང་ཕྲག་ལྷག་གི་ཁོ་ཚོའི་ཞབས་རྗེས་ཡིན་པས
ཞི་ལྷོད་ཀྱི་ཁོར་ཡུག་འདིར         ཕྱི་ནང་མེད་པའི་རྨི་ལམ་ཁོ་ན་གཏོང་རྒྱུར་ཤིན་ཏུ་དགའ་རྐྱེན    
ཁོ་ཚོའི་གཤིས་རྒྱུད་ནི་བདག་ལ་མེད་དུ་མི་རུང་བའི་ཚེ་སྲོག་གི་ཆ་དེ་ཡིན་ལ    དུས་རྒྱུན་གྱི་བསམ་བློ་འཁོར་སའང
བདག་ལ་འཕྲུལ་འཁོར་གྱི་འུར་སྒྲ་འཇགས་པའི
ཆེས་ཞི་ལྷོད་ཀྱི་གནས་ཚང་ཞིག་ཐོབ་དགོས་པ་ཁོ་ནའོ
 
ཕ་ཡུལ་ལ་རང་ཉིད་བཞིན་མངའ་བའི
ཁ་སང་གི་འདས་སོང་རེ་རེ་ལ་ཚང་རྩིས་བརྒྱག་ནུས་པའི་དབང་དུ་བྱས་ན
འོ་སྐོལ་གྱི་མཁའ་དབྱིངས་ན་རྩེན་པའི
འདས་སོང་གི་རྣམ་ཤེས་དེ་དག
དལ་གྱིས་རྒྱུ་བའི་སྤྲིན་དཀར་གྱི་འདབ་མ་བཞིན
ང་ཚོ་ལ་ཡིད་ཆེས་མངའ་བའི་ཕྱིར་མིག་གི་སྦྲང་ཆར་སྩོལ་ངེས་རེད
དེ་ནི      བདག་གིས་ཡིད་ཆེས་ཀྱིས་འཚོལ་བའི
ཉི་ཟླའི་རྣ་ལུང་གཡར་བ་དང་ཇི་འདྲའི་མཚུངས་ཨང
 
ཡིན་ཡང     རྒྱང་རིང་དུ་བལྟ་དུས
བདག་གིས་ཆུང་དུས་སུ་སྟ་གོན་གནངས་མྱོང་བའི
སྒྲོལ་མ་དང་ངེད་གཉིས་ཀྱི་མ་འོངས་མཚོན་པའི
ནེའུ་གསིང་གི་རྩེད་ར་གྲུ་བཞི་དེ
སུ་ཞིག་གི་མིག་ངོས་ལ་གཟན་པའི
དམིགས་ཡུལ་གྱི་ཁ་གཏད་ལ་གཏོར་བཅོམ་བྱ་བར་གྱུར་ཡོད་པས
ད་ལྟ    ས་ངོས་ཨར་འདམ་དང་གླིང་བཞི་སོ་ཕག་གིས་བསྐོར་བའི
རླངས་འཁོར་འབབ་ཚིགས་ཤིག་གིས་ཡོངས་སུ་མནན་ཡོད
 
དུས་ཚོད་ནི་རང་ཉིད་འཆི་ལམ་དུ་བགྲོད་པའི་ལམ་པ་བཞིན
སུ་ལའང་མཐུན་མོང་མིན་པའི་འཛུམ་བག་དག་སྤྲོད་ཀྱིན་ཡོད་ལ
གནའ་དུས     ཡུལ་མི་འདི་ཚོས་ཁལ་མའི་སྐྱེལ་འདྲེན་གནང་སའི
ཀྱག་ཀྱོག་གི་རྐང་ལམ་དག་མཐོང་དུས
ད་གཟོད་བདག་གི་དབྱར་ས་ནས་སྟོན་ས
དགུན་ས་ནས་ཞང་ཐོག་བར
ཉིན་ཞག་གྲངས་མེད་རྡོག་པས་བགྲངས་པའི
དཀའ་སྡུག་གི་ལོ་ཟླ་རེ་རེ་ནི
རང་ཉིད་ལ་ཁ་ཟས་བཞིན་བཏུང་བར་མོས་པའི
ཕྱི་དྲན་གྱི་གསོལ་སྟོན་ཐེངས་ཤིག་མ་ཡིན་ནམ
 
ད་ནི    ངའི་མིག་ངོས་སུ་མངོན་སུམ་དུ་བཞུད་སོང་བའི
མག་མོག་གི་ལམ་བུ་འདི་གཞི་ནས་འགྱུར་སོང
རྒྱུ་རྐྱེན་འདིས་བསགས་པའི་མཐའ་འབྲས་སུ
དེ་རིང་དཔེ་ཁུག་མི་ཐེག་པའི་བྱིས་པ་འདི་ཚོ
སློབ་གསེང་ཁྲོད་ཕ་ཡུལ་དུ་ལོག་དུས
ཁོ་ཚོ་ལ་རྨི་ལམ་དང་སྤྲོ་སྐྱིད་ཡོད་ཀྱང
ཁོ་ཚོ་ལ་ཕུགས་བསམ་དང་འབྱུང་འགྱུར་ཡོད་ཀྱང
བདག་གི་ཕོ་བ་བརླན་མྱོང་བའི
འདས་སོང་གི་རྨི་ལམ་གཏོང་མཁན་ཤིན་ཏུ་དབེན
 
ཉིན་བཞིན་ཞོགས་པའི་ཉི་ཟེར་འཛུམ་པའི་སྐབས་སུ
གཙང་བོའི་འགྲམ་ནས་བྲག་ཅ་ཞིག་མཆེད་ཡོང་ལ
བྲག་ཅ་དེའི་ཀློང་ནས  བདག་གཞི་ནས་ཁེར་རྐྱང་ཡིན་པ་ཤེས་ནུས
རྒྱུ་མཚན་ནི    སུ་ལའང་འགྲེལ་བཤད་གསལ་ཐག་པ་ཞིག་བརྗོད་རྒྱུ་མེད་པའི
སྐྱ་ཡུག་ཡུག་གི་ཚོར་སྣང་སྐྱུར་བོ་ཞིག་ཡིན་པས
ངས་ནམ་མཁའ་ཁོ་ན་དཔང་ལ་བཙུགས་ནས
རང་ཉིད་ཀྱི་བརྩེ་བ་ལ་བདེན་ལུགས་ཀྱི་སྤྱི་འགྲོས་བཀོད
 
གལ་ཏེ    ཁེར་རྐྱང་ལ་ཉིན་མཚན་གཏོང་བའི
རྩྭ་ཐང་འདིའི་ཕྱི་ནང་གང་རུང་ནས
ངས་རང་དབང་གི་མགོ་བོ་དགོང་ལ་གཏད་ནས
དུར་སྒྲོམ་ལྟ་བུའི་མཚེར་ཤུལ་རེ་རེ་ལ
སུབ་མེད་ཀྱི་རྨ་ཤུལ་རེ་རེ་འཇོག་ནུས་ན
བདག་གི་མནར་གཅོད་ཀྱི་རྨི་ལམ་ལ
ཨུ་ཚུགས་ཀྱི་བདེན་ལུགས་སྐྲུན་མཁན་ནི
རང་ཉིད་ཀྱི་ཕུགས་བསམ་ཁོ་ན་མིན་པར་སྨོན
                  
སྙན་རྩོམ་འདི་ནི་ཕ་ཡུལ་ནས་ཉིན་འགར་བསྡད་པའི་མྱོང་སྣང་དག་རི་མོར་བཀོད་པ་ཡིན་པས་ངས་ཀློག་པ་པོ་སུ་ལའང་ཨུ་ཚུགས་ཀྱིས་ཀློག་པར་སྐུལ་བ་ཙམ་མོ།།
                 ༢༠༡༡ ལོའིཟླ༩ཚེས༢༩ ཉིན་ཉི་མ་ལུང་ནས་བྲིས་ཚར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁེར་རྐྱང་ལ་ཉིན་མཚན་གཏོང་དུས།

2011-11-06 ཏཱ་ནི་སྨྱུ་གུ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།