མཚན་ཐོ།


དོ་ནུབ་ཀྱི་ལྷིང་འཇགས་ཆར་བའི་གཤོག་སྒྲ་ཁོ་ནས་དཀྲོག་གིན་འདུག
ཆར་བའི་གཤོག་སྒྲ་དེ་བཙན་དྲགས་པས་མིན་ན
དོ་ནུབ      ངའི་རྡོག་སྒྲ་ཧ་ཅང་གཉོམ
 
རྐང་འཇབ་ལག་འཇབ་ཀྱིས་ཁོ་མོའི་སྔས་གོང་དུ་ཐོན་དུས
ཆར་བས་བཀྲུས་པའི་ལག་པ་དེས
སྔུར་བ་ཡང་མོས་བཀྱགས་པའི་ཁོ་མོའི་རྨི་ལམ་ག་ལེར་དཀྲོགས་བཞག
 
སེམས་པ་དང་སེམས་པ་སྔར་ནས་བསྲེས་མྱངས་ཡང
ཤ་ཁྲག་གི་དྲོད་རླབས་དབྱེར་མེད་དུ་འདྲེས་པ་དོ་ནུབ་ཡིན
 
དམྱལ་བའི་གྲུ་རྫིངས་སུ་ཤུགས་ཀྱིས་འཕེན་མཁན་དེ་དངོས་སུ་ཐོན་ཡང
ཚེ་ཐོག་འདི་ནས        ང་ཁོ་མོས་མི་གཏོང་ཟེར   
 
ཐོ་རངས་བྱ་ཕོ་མ་གྲགས་པའི་ཡར་སྔོན་ཏག་ཏག
ང་ཕྱིར་ལ་ལོག་དུས
ཆར་བ་ད་དུང་ཡང་ཟམ་ཟིམ་གྱིས་འབབ་ཀྱིན་འདུག
སྐབས་དེར        ངའི་སེམས་པ་ཡང་ཆར་བ་དང་བསྲེས་ནས་ཁོ་མོའི་འཇིག་རྟེན་དུ་འཐོར་སོང
                                  ༢༠༡༡      ༡༠   ༢༥

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་ཐོ།

2011-11-06 ཞོགས་རླུང་། ཀློག་གྲངས། མཆན ཡོད།


དོ་ནུབ་ཀྱི་ལྷིང་འཇགས་ཆར་བའི་གཤོག་སྒྲ་ཁོ་ནས་དཀྲོག་གིན་འདུག
ཆར་བའི་གཤོག་སྒྲ་དེ་བཙན་དྲགས་པས་མིན་ན
དོ་ནུབ      ངའི་རྡོག་སྒྲ་ཧ་ཅང་གཉོམ
 
རྐང་འཇབ་ལག་འཇབ་ཀྱིས་ཁོ་མོའི་སྔས་གོང་དུ་ཐོན་དུས
ཆར་བས་བཀྲུས་པའི་ལག་པ་དེས
སྔུར་བ་ཡང་མོས་བཀྱགས་པའི་ཁོ་མོའི་རྨི་ལམ་ག་ལེར་དཀྲོགས་བཞག
 
སེམས་པ་དང་སེམས་པ་སྔར་ནས་བསྲེས་མྱངས་ཡང
ཤ་ཁྲག་གི་དྲོད་རླབས་དབྱེར་མེད་དུ་འདྲེས་པ་དོ་ནུབ་ཡིན
 
དམྱལ་བའི་གྲུ་རྫིངས་སུ་ཤུགས་ཀྱིས་འཕེན་མཁན་དེ་དངོས་སུ་ཐོན་ཡང
ཚེ་ཐོག་འདི་ནས        ང་ཁོ་མོས་མི་གཏོང་ཟེར   
 
ཐོ་རངས་བྱ་ཕོ་མ་གྲགས་པའི་ཡར་སྔོན་ཏག་ཏག
ང་ཕྱིར་ལ་ལོག་དུས
ཆར་བ་ད་དུང་ཡང་ཟམ་ཟིམ་གྱིས་འབབ་ཀྱིན་འདུག
སྐབས་དེར        ངའི་སེམས་པ་ཡང་ཆར་བ་དང་བསྲེས་ནས་ཁོ་མོའི་འཇིག་རྟེན་དུ་འཐོར་སོང
                                  ༢༠༡༡      ༡༠   ༢༥

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།