སྤོས་ལྡན་གྲོང་ནས་ཕ་ཡུལ་དྲན་པ།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-11-05


ཆར་བ་དེ་མ་བབས་པའི་སྔ་རོལ་དུ
སྤོས་ལྡན་གྲོང་གི་མཁའ་དབྱིངས་ནི
ཕ་ཡུལ་གྱི་ཆར་བ་འབབ་ལ་ཁད་ཀྱི་ནམ་མཁའ་དེ་ཡིན་འདུག
སྤོས་ལྡན་གྲོང་ནས་ཕ་ཡུལ་དྲན་ན
སེམས་འཕྲིན་བསྐུར་སའི་བྱིའུ་ཆུང་དེ་ངས་མ་རྙེད་ལ
སེམས་པ་མཚོན་བྱེད་ཀྱི་ཆུ་ཕྲན་དྭངས་མོ་དེ་ཡང་ངས་མ་མཐོང

སྤོས་ལྡན་གྲོང་ནས་ཕ་ཡུལ་དྲན་ན
ཁ་པར་ལས་བརྩེ་བ་བསྐུར་བ་ལས་ང་ལ་ཅི་ཡང་མི་འདུག
སྤོས་ལྡན་གྲོང་ནས་ཉི་འོད་ལ་རོལ་ཚུལ་ནི
ཕ་ཡུལ་གྱི་དབྱར་གཞུང་ནས
ཆར་བ་ཐེངས་གཅིག་ལ་སྒུག་ཚུལ་དེ་ཡིན་འདུག
 
ཕ་ཡུལ་གྱི་ནངས་དགོང་གི་ནོར་ལུག་ཕུད་འཇུག་ཚུལ་དེ་ནི
སྤོས་ལྡན་གྲོང་གི་མི་ཚོགས་དང་རླངས་འཁོར་གྱི་འདུར་རྒྱུག་དེ་ཡིན་འདུག
སྤོས་ལྡན་གྲོང་ནས་‘མཚོ་སྔོན’་ཞེས་བོས་ན
མི་ཚོགས་ཀྱིས་‘ཡུལ་ཤུལ་ས་འགུལ’་དེ་གོ་མྱོངས་ཟེར
སློབ་གླིང་དང་སྡོད་ཤག་ནས་‘ཕ་ཡུལ་ཡ་རྫི་’ཞེས་བརྗོད་དུས
མཚོ་སྔོན་ནས་འོངས་པའི་སློབ་གྲོགས་ཚོས
‘ཞོན་ཧྭ་’ཟེར་བའི་རྫོང་ཞིག་ཡོད་པ་ལས
‘ཡ་རྫི’་ཟེར་བ་ག་རེ་རེད་ཅེས་དགོད་ཁ་འཆོར་གྱིན་འདུག
 
སྤོས་ལྡན་གྲོང་ནས་ཕ་ཡུལ་དྲན་པ་ནི
སྙིང་ཁོང་གི་རང་ཉིད་དང་འདྲ་བར
ནམ་ཡང་ལག་པས་སྐྱོར་ཞིང་སེམས་ཀྱིས་སྐྱོང་བཞིན་པ་དེ་ཡིན་འདུག
སྤོས་ལྡན་གྲོང་ནས་ཕ་ཡུལ་བསམ་པ་ནི
རང་ཉིད་ཀྱི་སྙན་ངག་དང་འདྲ་བར
འགྲོ་འདུག་སྤྱོད་གསུམ་གྱི་བར་ན་འཁྱིལ་བའི་སེམས་གཞས་སྐྱུར་བོ་དེ་ཡིན་འདུག
 
སྤོས་ལྡན་གྲོང་ནས་སྙན་ངག་འབྲི་བ་ནི
ཁ་པར་ལས་གཞན་ཕ་ཡུལ་ལ་འཚམས་འདྲི་བྱེད་སྟངས་གཞན་ཞིག་ཡིན་འདུག
སྙན་ངག་འབྲི་བ་ནི
སྤོས་ལྡན་གྲོང་ནས་ཕ་ཡུལ་དྲན་ཚུལ་གཞན་དེ་ཡིན་འདུག
སྤོས་ལྡན་གྲོང་ནས་ཕ་ཡུལ་དྲན་པ་ནི
སྙན་ངག་གི་སྲོག་ཏུ་གྱུར་བའི་ཟུངས་ཁྲག་དྲོད་མོ་དེ་ཡང་ཡིན་འདུག
                                                           ༢༠༡༡   ༡༠ ༢༧
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤོས་ལྡན་གྲོང་ནས་ཕ་ཡུལ་དྲན་པ།

2011-11-05 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།


ཆར་བ་དེ་མ་བབས་པའི་སྔ་རོལ་དུ
སྤོས་ལྡན་གྲོང་གི་མཁའ་དབྱིངས་ནི
ཕ་ཡུལ་གྱི་ཆར་བ་འབབ་ལ་ཁད་ཀྱི་ནམ་མཁའ་དེ་ཡིན་འདུག
སྤོས་ལྡན་གྲོང་ནས་ཕ་ཡུལ་དྲན་ན
སེམས་འཕྲིན་བསྐུར་སའི་བྱིའུ་ཆུང་དེ་ངས་མ་རྙེད་ལ
སེམས་པ་མཚོན་བྱེད་ཀྱི་ཆུ་ཕྲན་དྭངས་མོ་དེ་ཡང་ངས་མ་མཐོང

སྤོས་ལྡན་གྲོང་ནས་ཕ་ཡུལ་དྲན་ན
ཁ་པར་ལས་བརྩེ་བ་བསྐུར་བ་ལས་ང་ལ་ཅི་ཡང་མི་འདུག
སྤོས་ལྡན་གྲོང་ནས་ཉི་འོད་ལ་རོལ་ཚུལ་ནི
ཕ་ཡུལ་གྱི་དབྱར་གཞུང་ནས
ཆར་བ་ཐེངས་གཅིག་ལ་སྒུག་ཚུལ་དེ་ཡིན་འདུག
 
ཕ་ཡུལ་གྱི་ནངས་དགོང་གི་ནོར་ལུག་ཕུད་འཇུག་ཚུལ་དེ་ནི
སྤོས་ལྡན་གྲོང་གི་མི་ཚོགས་དང་རླངས་འཁོར་གྱི་འདུར་རྒྱུག་དེ་ཡིན་འདུག
སྤོས་ལྡན་གྲོང་ནས་‘མཚོ་སྔོན’་ཞེས་བོས་ན
མི་ཚོགས་ཀྱིས་‘ཡུལ་ཤུལ་ས་འགུལ’་དེ་གོ་མྱོངས་ཟེར
སློབ་གླིང་དང་སྡོད་ཤག་ནས་‘ཕ་ཡུལ་ཡ་རྫི་’ཞེས་བརྗོད་དུས
མཚོ་སྔོན་ནས་འོངས་པའི་སློབ་གྲོགས་ཚོས
‘ཞོན་ཧྭ་’ཟེར་བའི་རྫོང་ཞིག་ཡོད་པ་ལས
‘ཡ་རྫི’་ཟེར་བ་ག་རེ་རེད་ཅེས་དགོད་ཁ་འཆོར་གྱིན་འདུག
 
སྤོས་ལྡན་གྲོང་ནས་ཕ་ཡུལ་དྲན་པ་ནི
སྙིང་ཁོང་གི་རང་ཉིད་དང་འདྲ་བར
ནམ་ཡང་ལག་པས་སྐྱོར་ཞིང་སེམས་ཀྱིས་སྐྱོང་བཞིན་པ་དེ་ཡིན་འདུག
སྤོས་ལྡན་གྲོང་ནས་ཕ་ཡུལ་བསམ་པ་ནི
རང་ཉིད་ཀྱི་སྙན་ངག་དང་འདྲ་བར
འགྲོ་འདུག་སྤྱོད་གསུམ་གྱི་བར་ན་འཁྱིལ་བའི་སེམས་གཞས་སྐྱུར་བོ་དེ་ཡིན་འདུག
 
སྤོས་ལྡན་གྲོང་ནས་སྙན་ངག་འབྲི་བ་ནི
ཁ་པར་ལས་གཞན་ཕ་ཡུལ་ལ་འཚམས་འདྲི་བྱེད་སྟངས་གཞན་ཞིག་ཡིན་འདུག
སྙན་ངག་འབྲི་བ་ནི
སྤོས་ལྡན་གྲོང་ནས་ཕ་ཡུལ་དྲན་ཚུལ་གཞན་དེ་ཡིན་འདུག
སྤོས་ལྡན་གྲོང་ནས་ཕ་ཡུལ་དྲན་པ་ནི
སྙན་ངག་གི་སྲོག་ཏུ་གྱུར་བའི་ཟུངས་ཁྲག་དྲོད་མོ་དེ་ཡང་ཡིན་འདུག
                                                           ༢༠༡༡   ༡༠ ༢༧
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།