མི་ཡུལ་དུ་འབབ་པ།
ཆར་བ་གནམ་ནས་ལྷུང་གིན་འདུག
མི་ཡུལ་གྱི་མགོ་བོ་གཅོག་གིན
སྡོང་རྒན་དག་གི་ལག་ཟུང་ཐུར་དུ་དཔྱངས་ཡོད
སྐྲ་ལོ་དང་ཁ་སྤུའང
འདམ་བག་གིས་རྫུས་པའི་ལམ་ཕྲན་དང་རྐང་བ་དག
ཆར་ཐིགས་ས་ལ་མ་འཐོར་གོང་དུ
རླངས་པས་བསྐྱལ་ཟིན
ཆར་བ་འབབ་ཤུལ་དུ
ངའི་རྣ་ཏོག་ལ་བཙའ་ཆགས་ཀྱིན་འདུག
རྣ་བ་དང་མིག་ཟུང་ལའང
ཟིལ་བ་ཆགས་པའི་རྨི་ལམ་མཇུག་མ་དེ
མཐུད་མ་ཐུབ་པའི་ཆར་བའི་ཁྲོད་དུ་འཐིམ་གྱིན་འདུག
རྡུལ་གྱི་མེ་ཏོག་གི་འདབ་མ་ཁ་ཤས
རླུང་གི་ཁ་གཏད་ནས་འཕུར
མི་ཡུལ་དུ་འབབ་གྱིན་པ
མི་ཡུལ་ནས་ཡལ་ཟིན་པ་དག་དག་རེད
༢༠༡༡ལོའི་ཟླ་༩བའི་ཚེས་༡༩་ཉིན།
རྩོམ་ཁུངས། ངེད་དྲ་བ།