དོ་དགོང་།

དོ་དགོང་ང་་་
 དོ་དགོང་ང་གཅིག་པུ་མལ་ཁང་དུ་ལུས།
ངའི་སློབ་གྲྭོགས་ཚོས་ཅི་ཞིག་བྱེད་བཞིན་ཡོད་དམ།
ད་དུང་སློབ་གྲྭའི་ཕྱི་རོལ་གྱི་ཆང་ཁང་དུ་་་ཧུ་ཧུ་ཧུ།
མི་རིགས་ཀྱི་སང་ཉིད་དང་།
འབྲོག་པ་རྒན་པོ་ཚོའི་རྒྱ་གྲོང་འགྲིམ་དུས་སུ་བྱུང་མྱོང་བས་མཚར་གཏམ་དག་ལབ་ནས་ཆང་ཕོར་རེ་གཏུགས་ཏེ་བསྡད་ཡོད་དམ།
ཡང་ན་ཆང་ཁང་དུ་མི་རིགས་ཀྱི་ལ་རྒྱ་རྩོད་བཞིན་ཡོད་སྲིད་དམ།
དོ་དགོང་ང་་་
དོ་དགོང་ང་གཅིག་པུ་མལ་ཁང་དུ་ལུས།
ནམ་རྒྱུན་འུར་སྒྲས་ཁང་བའི་ངའི་མལ་ཁང་ཚོར་སྣང་ཞིག་ལ་དོ་དགོང་ལྷིང་འཇགས་ཅན་ཞིག་ཏུ་གྱུར་འདུག
ང་ལ་དོ་དགོང་གླུ་དབྱངས་ཞིག་གི་དབྱངས་རྟ་ལས་འདུག་རོགས་ཅི་ཡང་མ་མཆིས།
ངའི་སློབ་གྲོགས་ཚོ་གང་ལ་བཞུད་ཟིན།
ཁོ་ཚོ་ད་དུང་སློབ་སྦྱོང་ལ་རེམ་སྟེ་་་
སློབ་སྦྱོང་ལ་རེམ་སྟེ་ཕྱིར་ཕེབས་མ་ཐུབ་པ་ཡིན་ནམ།
ང་ལ་དོ་དགོང་བསམ་གཞིགས་དང་སུན་སྣང་གིས་འདུག་རོགས་བྱེད་བཞིན་འདུག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དོ་དགོང་།

2011-10-29 འོད། ཀློག་གྲངས། མཆན ཡོད།

དོ་དགོང་ང་་་
 དོ་དགོང་ང་གཅིག་པུ་མལ་ཁང་དུ་ལུས།
ངའི་སློབ་གྲྭོགས་ཚོས་ཅི་ཞིག་བྱེད་བཞིན་ཡོད་དམ།
ད་དུང་སློབ་གྲྭའི་ཕྱི་རོལ་གྱི་ཆང་ཁང་དུ་་་ཧུ་ཧུ་ཧུ།
མི་རིགས་ཀྱི་སང་ཉིད་དང་།
འབྲོག་པ་རྒན་པོ་ཚོའི་རྒྱ་གྲོང་འགྲིམ་དུས་སུ་བྱུང་མྱོང་བས་མཚར་གཏམ་དག་ལབ་ནས་ཆང་ཕོར་རེ་གཏུགས་ཏེ་བསྡད་ཡོད་དམ།
ཡང་ན་ཆང་ཁང་དུ་མི་རིགས་ཀྱི་ལ་རྒྱ་རྩོད་བཞིན་ཡོད་སྲིད་དམ།
དོ་དགོང་ང་་་
དོ་དགོང་ང་གཅིག་པུ་མལ་ཁང་དུ་ལུས།
ནམ་རྒྱུན་འུར་སྒྲས་ཁང་བའི་ངའི་མལ་ཁང་ཚོར་སྣང་ཞིག་ལ་དོ་དགོང་ལྷིང་འཇགས་ཅན་ཞིག་ཏུ་གྱུར་འདུག
ང་ལ་དོ་དགོང་གླུ་དབྱངས་ཞིག་གི་དབྱངས་རྟ་ལས་འདུག་རོགས་ཅི་ཡང་མ་མཆིས།
ངའི་སློབ་གྲོགས་ཚོ་གང་ལ་བཞུད་ཟིན།
ཁོ་ཚོ་ད་དུང་སློབ་སྦྱོང་ལ་རེམ་སྟེ་་་
སློབ་སྦྱོང་ལ་རེམ་སྟེ་ཕྱིར་ཕེབས་མ་ཐུབ་པ་ཡིན་ནམ།
ང་ལ་དོ་དགོང་བསམ་གཞིགས་དང་སུན་སྣང་གིས་འདུག་རོགས་བྱེད་བཞིན་འདུག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།