བདག་གི་ཚོར་བའི་དངོས་པོ། མིག་ཆུ།


འབར་བཞིན་པའི་མེ་ཡི་ལོ་མ
རྨི་ལམ་གྲངས་མེད་ཅིག་གི་རེ་བ་ཁུར་བཞིན
ལམ་གྱི་རིང་ཚད་ལ་མིག་ཆུས་རི་མོ་བྲིས
 
རྨི་ལམ་གྱི་ཁྱེའུ་མངལ་དུ་མ་སྦྲུམ་གོང
ངའི་གླེགས་བམ་གློ་ཁ་དེའི་མདུན་ངོས་དྲན
ང་རང་ཆེས་མཐའ་མཇུག་གི་ཀློག་པ་པོ་སྟེ
དོ་ནུབ་ཀྱི་སྐད་ཆ་འདི་ཚོ
སྐར་མ་དང་རྡོ་བ་ཚོར་ལབ་ན་འདོད
 
བརྗོད་མི་འདོད་པ་དེ་དུས་ཚོད་རེད་ལ
གླེང་མི་ཕོད་པ་དེ་བར་ཐག་ཡིན་ངེས
སྤྲིན་ནག་གི་ཡོལ་བ་དེ་ག་ལེར་ཕྱེ་དུས
མཚན་མོར་ཁ་ཟས་མི་དགོས་པའི་ལྟོ་བ་ཅན་དེ་སུ་རེད
 
དམ་ཚིག་གི་གེའུ་སྐེ་རུ་བཏགས་ཏེ
སྐར་མ་རྩི་མཁན་གྱི་མཚན་སྡོད་བྱིའུ་
ཁྱེད་ནི་དེ་འདྲའི་གླེན་པ་ལ་ཨང
                   ༢༠༡༡  ༨  ༢༦

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གི་ཚོར་བའི་དངོས་པོ། མིག་ཆུ།

2011-10-24 བཙན་སྒྲ། ཀློག་གྲངས། མཆན ཡོད།


འབར་བཞིན་པའི་མེ་ཡི་ལོ་མ
རྨི་ལམ་གྲངས་མེད་ཅིག་གི་རེ་བ་ཁུར་བཞིན
ལམ་གྱི་རིང་ཚད་ལ་མིག་ཆུས་རི་མོ་བྲིས
 
རྨི་ལམ་གྱི་ཁྱེའུ་མངལ་དུ་མ་སྦྲུམ་གོང
ངའི་གླེགས་བམ་གློ་ཁ་དེའི་མདུན་ངོས་དྲན
ང་རང་ཆེས་མཐའ་མཇུག་གི་ཀློག་པ་པོ་སྟེ
དོ་ནུབ་ཀྱི་སྐད་ཆ་འདི་ཚོ
སྐར་མ་དང་རྡོ་བ་ཚོར་ལབ་ན་འདོད
 
བརྗོད་མི་འདོད་པ་དེ་དུས་ཚོད་རེད་ལ
གླེང་མི་ཕོད་པ་དེ་བར་ཐག་ཡིན་ངེས
སྤྲིན་ནག་གི་ཡོལ་བ་དེ་ག་ལེར་ཕྱེ་དུས
མཚན་མོར་ཁ་ཟས་མི་དགོས་པའི་ལྟོ་བ་ཅན་དེ་སུ་རེད
 
དམ་ཚིག་གི་གེའུ་སྐེ་རུ་བཏགས་ཏེ
སྐར་མ་རྩི་མཁན་གྱི་མཚན་སྡོད་བྱིའུ་
ཁྱེད་ནི་དེ་འདྲའི་གླེན་པ་ལ་ཨང
                   ༢༠༡༡  ༨  ༢༦

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།