དུར་ཐང་།

ཧོར་ནག་པ་འདྲེ་མིག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-20

ཤ་རུས་བྱ་རྒོད་ཀྱིས་བཏོག་ཤུལ་དང་འཕུར་ཤུལ་ན
སེམས་པ་བསྙེས་ས་ནི་སེམས་ཀྱི་གདུང་བ་ཤོད་སའི་པོ་ཏ་ལ་མ་ཡིན་ནམ
པོ་ཏ་ལའི་རྡོ་ཐེམ་རེ་རེར་འགོས་ཏེ་ཐོད་ལ་སྙེག་དུས
རང་ཉིད་ཀྱི་མེ་ལོང་བོར་བའི་ལོ་རྒྱུས་ཀྱི་ཆག་གྲུམ་རེ་རེ་སུ་ཞིག་གི་སྙིང་ཁོང་ལ་རྡོ་ཡི་ཐེམ་པ་ལྟར་བརྩེགས་བྱུང་ཨང
 
རྡོ་དང་བྲག་ལ་འཐིམས་པའི་རྣམ་ཤེས་ཀྱི་ཚོགས
ཆུ་དང་གཙང་བོར་འཛར་བའི་ཟུངས་ཁྲག་གི་རྒྱུན
རེ་རེ་བཞིན    ཤོད་མ་ཐུབ་པའི་ངག་སྒོ་གང་རུང་ན་གསང་བ་ལྐོག་ཏུ་གྱུར་གྱིན་འདུག་པ་བདེན་ནམ
 
ལོ་ལོན་རྒན་གཞོན་མེད་པར་ལྷ་སར་གཤར་གྱིན་འདུག
མདོ་དབུས་མཐོ་སྒང་གི་སྒལ་ཚིགས་སྟེང་ནུར་གྱིན་པའི་མེ་འཁོར་ལ་བསྡད་དེ་ལྷ་སར་གཤར་གྱིན་འདུག
ལྟོ་གོས་ཀ་བཅའ་ཕྲག་ལ་གཟར་ཏེ་རྐང་ཐང་ལ་ལྷ་སར་གཤར་གྱིན་འདུག
རི་དང་གཙང་བོ་ལུས་ཀྱིས་གཞལ་ནས་རྒྱང་ཕྱག་འཚལ་གྱིན་ལྷ་སར་གཤར་གྱིན་འདུག
ལྷ་སར་འདི་ལྟར་གཤར་བ་ནི་ཕ་ཡུལ་ལ་ལོག་པ་དང་འདྲ་ཟེར
དེས་ན   ཕ་ཡུལ་ནི་ལྷ་ས་ཡིན་ནམ  ལྷ་ས་མ་ཡིན་པའི་ཕ་ཡུལ་གཞན་ཞིག་ཡོད་དམ
གལ་ཏེ་གཞན་ཞིག་ཡོད་པའི་དབང་དུ་བཏང་ན་ཕ་ཡུལ་དེ་ག་འདྲ་ཞིག་ཡིན་དགོས་སམ
 
གསེར་རྩི་བྱུགས་ཀྱིན་པའི་ཇོ་བོའི་གསེར་ཞལ་ངའི་མེས་པོའི་གསེར་ཞལ་ཡིན་ནམ
ཤོག་སྒོར་གྱིས་སྲེག་གིན་པའི་ལྷ་སའི་ནམ་མཁའ་ངའི་སེམས་ཀྱི་ནམ་མཁའ་ཡིན་ནམ
ཡིག་ནོར་དང་འགྱིག་ཤོག་གིས་ཁེངས་པའི་མཐོ་སྒང་ནི་ངའི་ཕ་ཡུལ་ཡིན་ནམ
སྐད་ཆ་བསྲེས་མ་སྨྲ་བར་སྤྲོ་བའི་བོད་པ་ཚོ་ནི་ངའི་ཡུལ་མི་དག་ཡིན་ནམ
ཨར་འདམ་དང་སོ་ཕག་གིས་གྲུབ་པའི་རྩྭ་ཐང་གི་རྡོ་ཡི་ཁང་བ་དག་ནི་ངའི་མེས་པོའི་ཕ་ཁྱིམ་ཡིན་ནམ
 
ཕ་ཡུལ་ཨ  གསོན་དུས་མི་ཚེ་ཁྱེད་ལ་བསྟིམས
འཆི་དུས་སེམས་པ་ཁྱེད་ལ་བསྙེས
 
མཛེས་སྡུག་གི་ནོར་འཁྲུལ་དང་འདོད་སྲེད་ཀྱི་མཆེ་བ་རྣོན་པོ་རེ་རེ་དུས་ཚོད་བཞིན་འཛིང་འོང་དུས
རང་ཚིགས་མེད་པའི་གཤེན་པོའི་བེམ་རོ་དུ་མ་ངའི་ཕ་ཡུལ་གྱི་དུར་ཁྲོད་ལ་བསྐྱལ་ཆོག་པའི་གནས་ལུགས་སུ་ལ་ཡོད
རང་ཉིད་ཀྱི་བླ་མཁར་བཤིག་ནས   རང་ཉིད་ཀྱི་རུས་མིང་འབོར་དུས
བྱ་རྒོད་ཀྱི་ཚོགས་ཡང་བསྐྱར་མཁའ་དབྱིངས་ནས་ལྡིང་བསྐོར་བརྒྱབ་འོངས
ལྡིང་བསྐོར་བརྒྱབ་འོང་དུས   པོ་ཏ་ལ་གཅིག་པུ་ས་སྒང་གི་ཆེས་མཐོ་ཤོས་ན་ཁེར་ཧྲེང་གིས་འགྲེང་འདུག
དེ་དུས   པོ་ཏ་ལ་གཅིག་པུ་མ་གཏོགས་བྱ་རྒོད་ཀྱི་ཚོགས་ལ་བཏོག་རྒྱུ་ཡོད་དམ      བཏོག་རྒྱུ་ཡོད་དམ
ཡོད་ཚད་ཀྱི་ཡོད་ཚད་གང་ལ་གཤར་སོང་ཨང
                        ༢༠༡༡.༥.༣༠ཉིན་ཀོའུ་སྡེ་ནས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུར་ཐང་།

2011-10-20 ཧོར་ནག་པ་འདྲེ་མིག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།