རོལ་དབྱངས་དང་གར་མ།

སྒྲེན་པོ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-14


དཀོན་མཆོག་གིས
མིའི་རིགས་ཀྱི་སྡུག་བསྔལ་རྨང་ནས་སངས་བྱེད་དུ
དབྱངས་ཀྱི་མགྲིན་པ་འོན་ལྐུགས་ཅིག་གཡར་ཡོད
དེ་ནི་ཏན་ཏིན་ལགས་ཀྱི་ལྷའི་རོལ་དབྱངས་མ་ཡིན་ལ
མཚོ་བྱུང་མའི་ཕྱག་ན་སིལ་སིལ་འཁྲོལ་བའི་སོར་གདུབ་དང
རྒྱུད་དྲུག་གི་པི་ལྦང  ད་དུང་སྙན་ངག་སྟོབ་བྱེད་ཀྱི
དབྱངས་དེ་ཀོ་རེད་འདོད་ན
ཉིད་ནས་མིའི་རིགས་ཀྱི་རྣ་བ་འོན་ཡོད་མེད་ལ་བྱ་ར་བྱོས

དཀོན་མཆོག་གིས
མིའི་རིགས་ཀྱི་སྐྱོ་ངལ་དར་ཅིག་སེལ་བྱེད་དུ
གར་མའི་གྲིབ་གཟུགས་མག་མོག་ཅིག་བསྩལ་ཡོད
དེ་ནི་སེང་རས་ཕག་ནས་ཁྱེད་ལ་དུངས་ཀ་སློང་བའི་ཁོ་མོ་མ་ཡིན་ལ
ལྷ་མོ་ཨུ་མས་རྐང་གདུབ་ཁྲོལ་ལེ   སྟངས་སྟབས་ཤིག་གེར
ཚངས་བ་བསླུས་ཚུལ་གྱི       འདོད་ཡོན་གྱིས་ར་རོར་བཏང་ཟིན་པའི
ངག་རྒྱུན་དེ་ཀོ་རེད་སྙམ་ན
ཉིད་ནས་མིའི་རིགས་ཀྱི་མིག་ཟུང་ལྡོངས་ཡོད་མེད་ལ་མནོ་བསམ་བཞེས


རོལ་དབྱངས་ལ་མི་སེམས་ཀྱི་ཚོས་ཀྱིས་བསྒོས་འདུག
 ལྷུང་ལྷུང་བཞུར་གྱིན་པའི་རོལ་དབྱངས་འདིས
མཚན་མོའི་དྲི་བསུང་དང་ཚེ་སྲོག་གི་འཕར་འཇགས
སྣང་ལ་མ་ངེས་པའི་འདོད་ཁམས་ཀྱི་སྨུག་པ་ལང་ལོང
ད་དུང་དམྱལ་བའི་ཁེར་རྐྱང  ལྷ་ཡུལ་གྱི་དགོད་སྒྲ་དག
འདར་སྐྱོམས་བྱེད་ཀྱིན་པའི་རྒྱུད་སྐུད་ལ་བརྒྱུས་འདུག

གར་མའི་སྟངས་སྟབས་ལ་ཚེ་སྲོག་གི་རོ་བྲོས་སིམ་འདུག
སེང་རས་ཀྱིས་མོག་པོར་བསྒྲིབ་ཟིན་པའི
འགྱིག་གི་བུད་མེད་དེའི་སྒྱུ་འཕྲུལ་གྱི་ལྡེམ་ཤུགས
ཆགས་སྲེད་ཀྱི་བ་སྤུའི་ཨི་ཁུང་ལས་རང་ཤུགས་ཀྱིས་བརྡོལ་བའི
རྔུལ་ཆུ་ཐར་ཐོར   འཇའ་ཚོན་གྱི་བཀྲག་མདངས
ད་དུང་གནམ་མཐའི་དྲན་གདུང  འཐག་མོའི་མིག་ཆུ
ཚངས་མགུར་གྱི་སྦྲང་ཆང
ལྡེམ་ལྡེམ་འཁྱུག་གིན་པའི་གར་གྱི་སྟངས་སྟབས་ལ་སིམ་ཚར
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རོལ་དབྱངས་དང་གར་མ།

2011-10-14 སྒྲེན་པོ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།


དཀོན་མཆོག་གིས
མིའི་རིགས་ཀྱི་སྡུག་བསྔལ་རྨང་ནས་སངས་བྱེད་དུ
དབྱངས་ཀྱི་མགྲིན་པ་འོན་ལྐུགས་ཅིག་གཡར་ཡོད
དེ་ནི་ཏན་ཏིན་ལགས་ཀྱི་ལྷའི་རོལ་དབྱངས་མ་ཡིན་ལ
མཚོ་བྱུང་མའི་ཕྱག་ན་སིལ་སིལ་འཁྲོལ་བའི་སོར་གདུབ་དང
རྒྱུད་དྲུག་གི་པི་ལྦང  ད་དུང་སྙན་ངག་སྟོབ་བྱེད་ཀྱི
དབྱངས་དེ་ཀོ་རེད་འདོད་ན
ཉིད་ནས་མིའི་རིགས་ཀྱི་རྣ་བ་འོན་ཡོད་མེད་ལ་བྱ་ར་བྱོས

དཀོན་མཆོག་གིས
མིའི་རིགས་ཀྱི་སྐྱོ་ངལ་དར་ཅིག་སེལ་བྱེད་དུ
གར་མའི་གྲིབ་གཟུགས་མག་མོག་ཅིག་བསྩལ་ཡོད
དེ་ནི་སེང་རས་ཕག་ནས་ཁྱེད་ལ་དུངས་ཀ་སློང་བའི་ཁོ་མོ་མ་ཡིན་ལ
ལྷ་མོ་ཨུ་མས་རྐང་གདུབ་ཁྲོལ་ལེ   སྟངས་སྟབས་ཤིག་གེར
ཚངས་བ་བསླུས་ཚུལ་གྱི       འདོད་ཡོན་གྱིས་ར་རོར་བཏང་ཟིན་པའི
ངག་རྒྱུན་དེ་ཀོ་རེད་སྙམ་ན
ཉིད་ནས་མིའི་རིགས་ཀྱི་མིག་ཟུང་ལྡོངས་ཡོད་མེད་ལ་མནོ་བསམ་བཞེས


རོལ་དབྱངས་ལ་མི་སེམས་ཀྱི་ཚོས་ཀྱིས་བསྒོས་འདུག
 ལྷུང་ལྷུང་བཞུར་གྱིན་པའི་རོལ་དབྱངས་འདིས
མཚན་མོའི་དྲི་བསུང་དང་ཚེ་སྲོག་གི་འཕར་འཇགས
སྣང་ལ་མ་ངེས་པའི་འདོད་ཁམས་ཀྱི་སྨུག་པ་ལང་ལོང
ད་དུང་དམྱལ་བའི་ཁེར་རྐྱང  ལྷ་ཡུལ་གྱི་དགོད་སྒྲ་དག
འདར་སྐྱོམས་བྱེད་ཀྱིན་པའི་རྒྱུད་སྐུད་ལ་བརྒྱུས་འདུག

གར་མའི་སྟངས་སྟབས་ལ་ཚེ་སྲོག་གི་རོ་བྲོས་སིམ་འདུག
སེང་རས་ཀྱིས་མོག་པོར་བསྒྲིབ་ཟིན་པའི
འགྱིག་གི་བུད་མེད་དེའི་སྒྱུ་འཕྲུལ་གྱི་ལྡེམ་ཤུགས
ཆགས་སྲེད་ཀྱི་བ་སྤུའི་ཨི་ཁུང་ལས་རང་ཤུགས་ཀྱིས་བརྡོལ་བའི
རྔུལ་ཆུ་ཐར་ཐོར   འཇའ་ཚོན་གྱི་བཀྲག་མདངས
ད་དུང་གནམ་མཐའི་དྲན་གདུང  འཐག་མོའི་མིག་ཆུ
ཚངས་མགུར་གྱི་སྦྲང་ཆང
ལྡེམ་ལྡེམ་འཁྱུག་གིན་པའི་གར་གྱི་སྟངས་སྟབས་ལ་སིམ་ཚར
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།