རྩེ་ཆུ། རྩེ་ཆུ།༼ཞར་བཀོད་གཅིག་ཡོད༽


མེས་པོ་དག་གི་ཇག་ལམ་ལྟ་བུའི་
ང་ཡི་མིག་མདུན་གྱི་གཙང་བོ་འདིས་
ཁུ་སིམ་གྱི་འབྲོག་སྡེ་ཞིག་གི་རྣམ་ཤེས་རུམ་ནས་
མེས་པོ་དག་གི་གཏམ་རྒྱུད་ཁྱེར་ཏེ་ང་ཡི་སེམས་ལ་བཏབ་
ལྟོ་བ་མུ་གེ་གཏད་པའི་དབུལ་བོའི་ལས་དབང་
གཉིད་དང་བྲལ་བའི་ཕྱུག་པོ་ཚོའི་ཉིན་མཚན་དབྱེར་མེད་
ཇག་དང་གསོད་ལ་མཁས་པའི་དཔའ་བོའི་མིང་བྱང་འོག་གི་མི་ནག་
ད་རུང་           གཡོག་ལ་རྒྱུགས་མཁས་ཀྱི་བྱིས་པ་སྣམ་བླུགས་དག་
རྩེ་ཆུས་བསྐྱངས་ཤིང་      རྩེ་ཆུས་བསྐྱབས་པས་
 
ཁྱེད་ཀྱི་ཁྲག་རྩ་ལྟ་བུའི་ཆུ་མིག་དག་གི་རྗེས་ཤུལ་ནས་
ཉ་མོའི་ཚེ་སྲོག་རྡོ་བར་འབྱར་ཞིང་
འདབ་ཆགས་ཚོགས་རྒྱང་དུ་འཕུར་དུས་
ངས་ཁྱེད་ཀྱི་མགོ་ཁུངས་ན་གངས་རི་ཡོད་མེད་དང་
ངས་ཁྱེད་ཀྱི་མིག་མདུན་གྱི་རྒྱ་མཚོ་ཟབ་མིན་ལ་
གཡས་གཡོན་གྱི་ཆུ་ཕྲན་དག་ལའང་ཡང་ཡང་ལྟ་དགོས་བྱུང་
 
           རྨི་ལམ།
མཚན་མོ་ཤོག་བུ་ཞིག་ཡིན་པའི་དབང་དུ་བཏང་ནས་
རྨི་ལམ་གྱི་བརྗོད་བྱ་དག་དེ་ཡི་ངོས་སུ་བྲིས་
ཐ་སྙད་ཁ་ཤས་ལ་སྲོག་གསར་བ་རེ་བྱུགས་རྗེས་
རིགས་ཞེན་གྱི་བརྩེ་དུངས་ཡོད་པར་བྱས་ན་
ང་ཚོ་ཡང་ཁེར་རྐྱང་གི་དབུལ་བོ་དེ་མ་ཡིན་པར་
རྨི་ལམ་དང་          འཚོ་བ་ཡོད་
 
སྟོན་རླུང་ཞིག་གི་རྗེས་སུ་
རྨི་ལམ་སྤྲུམ་པའི་ལོ་མ་དག་
རང་མལ་དང་བྲལ་ནས་འགྲོ་དུས་ནི་
རང་རང་གི་ཕུགས་འདུན་ཞིག་གི་བསླད་དུ་ཡིན་ན་
རླུང་བུས་ཁྱེར་ས་དག་ནས་
ཁོ་ཚོའི་རྨི་ལམ་གྱི་ཁ་དོག་སྨིན་སྲིད་དམ་

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩེ་ཆུ། རྩེ་ཆུ།༼ཞར་བཀོད་གཅིག་ཡོད༽

2011-10-11 མགར་ཚང་དར་རྒྱས། ཀློག་གྲངས། མཆན ཡོད།


མེས་པོ་དག་གི་ཇག་ལམ་ལྟ་བུའི་
ང་ཡི་མིག་མདུན་གྱི་གཙང་བོ་འདིས་
ཁུ་སིམ་གྱི་འབྲོག་སྡེ་ཞིག་གི་རྣམ་ཤེས་རུམ་ནས་
མེས་པོ་དག་གི་གཏམ་རྒྱུད་ཁྱེར་ཏེ་ང་ཡི་སེམས་ལ་བཏབ་
ལྟོ་བ་མུ་གེ་གཏད་པའི་དབུལ་བོའི་ལས་དབང་
གཉིད་དང་བྲལ་བའི་ཕྱུག་པོ་ཚོའི་ཉིན་མཚན་དབྱེར་མེད་
ཇག་དང་གསོད་ལ་མཁས་པའི་དཔའ་བོའི་མིང་བྱང་འོག་གི་མི་ནག་
ད་རུང་           གཡོག་ལ་རྒྱུགས་མཁས་ཀྱི་བྱིས་པ་སྣམ་བླུགས་དག་
རྩེ་ཆུས་བསྐྱངས་ཤིང་      རྩེ་ཆུས་བསྐྱབས་པས་
 
ཁྱེད་ཀྱི་ཁྲག་རྩ་ལྟ་བུའི་ཆུ་མིག་དག་གི་རྗེས་ཤུལ་ནས་
ཉ་མོའི་ཚེ་སྲོག་རྡོ་བར་འབྱར་ཞིང་
འདབ་ཆགས་ཚོགས་རྒྱང་དུ་འཕུར་དུས་
ངས་ཁྱེད་ཀྱི་མགོ་ཁུངས་ན་གངས་རི་ཡོད་མེད་དང་
ངས་ཁྱེད་ཀྱི་མིག་མདུན་གྱི་རྒྱ་མཚོ་ཟབ་མིན་ལ་
གཡས་གཡོན་གྱི་ཆུ་ཕྲན་དག་ལའང་ཡང་ཡང་ལྟ་དགོས་བྱུང་
 
           རྨི་ལམ།
མཚན་མོ་ཤོག་བུ་ཞིག་ཡིན་པའི་དབང་དུ་བཏང་ནས་
རྨི་ལམ་གྱི་བརྗོད་བྱ་དག་དེ་ཡི་ངོས་སུ་བྲིས་
ཐ་སྙད་ཁ་ཤས་ལ་སྲོག་གསར་བ་རེ་བྱུགས་རྗེས་
རིགས་ཞེན་གྱི་བརྩེ་དུངས་ཡོད་པར་བྱས་ན་
ང་ཚོ་ཡང་ཁེར་རྐྱང་གི་དབུལ་བོ་དེ་མ་ཡིན་པར་
རྨི་ལམ་དང་          འཚོ་བ་ཡོད་
 
སྟོན་རླུང་ཞིག་གི་རྗེས་སུ་
རྨི་ལམ་སྤྲུམ་པའི་ལོ་མ་དག་
རང་མལ་དང་བྲལ་ནས་འགྲོ་དུས་ནི་
རང་རང་གི་ཕུགས་འདུན་ཞིག་གི་བསླད་དུ་ཡིན་ན་
རླུང་བུས་ཁྱེར་ས་དག་ནས་
ཁོ་ཚོའི་རྨི་ལམ་གྱི་ཁ་དོག་སྨིན་སྲིད་དམ་

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།