དྲན་ཤིང་མ།

སྨན་མཁའ་འབུམ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-01-01


སྐྱོ་གདུང་དང་དྲན་ཤིང་གིས་མནར་བའི་རྣམ་ཤེས་ཀྱི་སྦྲང་ཆུང
རི་ཆུ་སྟོང་ཕྲག་གི་ཕ་མཐའ་དེ་ནས
གཟུགས་མེད་ཀྱི་རླུང་བུ་དང་འགྲོགས་ནས
ཁྱེད་ཀྱི་ཡིད་དབུས་སུ་འཐིམས
ཁྱོད་ཀྱི་འཛུམ་མདངས
ང་ཡི་དགོད་སྒྲ
ཕྱི་མིག་གི་བསྣོལ་མཚམས་རེ་རེ་ན
དྲག་དུ་འཕྱོ་བའི་མཛེས་སྡུག་གི་འཚོ་བ་ཡིན་ལ
དྲན་སྣང་དང་དུང་སེམས་ནི
ངའི་སེམས་པའི་ཡི་ཁ་མདོག་ཉིད
དེ་དུས་ངའི་བྲིས་མི་ཚར་བའི་སྙན་ངག་གི་སྦྲུམ་བྱ་དང་
བརྗོད་མི་ཚར་བའི་བརྩེ་དུང་གི་ཡང་སྙིང
ཁྱེད་རང་ཁོ་ན་རེད
འཛུམ་མདངས་དེ་དང་བརྩེ་བ་དེའི་ཆེད་དུ
མཛེས་སྡུག་གི་ཕྱིར་དྲན
རི་ཆུ་སྟོང་ཕྲག་གི་ཚུར་རོལ་ནས་གླེང་ཤིང
མཛའ་བརྩེ་ཡི་མིག་ཟུང་རྒྱང་རིང་ལ་གཏད་པ
ཐེངས་གཅིག་གི་གཡོ་ཟོལ་མིན
དྲན་ཤིང་མ
ཁྱེད་ནི་ངའི་ཚེ་གང་བོར་ཡིད་རྟོན་བྱེད་སའི་མེ་ཏོག་རྐང་གཅིག་ཡིན་ལ
ཁྱེད་ནི་ངའི་མཐའ་མཇུག་གི་གནས་མལ་བཅོལ་སའི་རྨི་ལམ་དེའང་ཡིན
དེ་བས་གངས་དཀར་བོའི་ཁ་མདོག་མ་ཉམས་ན
ཆུ་གཙང་བོའི་བཞུར་རྒྱུན་མ་འཆད་ན
ས་ཆེན་པོའི་འགྲེ་ལོག་མ་བརྒྱབ་ན
མྱི་ཁ་དང་འཕྱ་སྨོད་ཁ་ཆར་བཞིན་རྒོད་རུང
ངས་འུ་གཉིས་ཀྱི་བརྩེ་དུང་གི་སྦྲེལ་ཐག་འདི
རྡོ་རྗེའི་ཚིག་ལ་མདུད་རྒྱུ་ཡིན
     ༢༠༡༡ལོའི་ཟླ༡༡ཚེས༢༦ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་ཤིང་མ།

2012-01-01 སྨན་མཁའ་འབུམ་ཚེ་རིང་། ཀློག་གྲངས། མཆན ཡོད།


སྐྱོ་གདུང་དང་དྲན་ཤིང་གིས་མནར་བའི་རྣམ་ཤེས་ཀྱི་སྦྲང་ཆུང
རི་ཆུ་སྟོང་ཕྲག་གི་ཕ་མཐའ་དེ་ནས
གཟུགས་མེད་ཀྱི་རླུང་བུ་དང་འགྲོགས་ནས
ཁྱེད་ཀྱི་ཡིད་དབུས་སུ་འཐིམས
ཁྱོད་ཀྱི་འཛུམ་མདངས
ང་ཡི་དགོད་སྒྲ
ཕྱི་མིག་གི་བསྣོལ་མཚམས་རེ་རེ་ན
དྲག་དུ་འཕྱོ་བའི་མཛེས་སྡུག་གི་འཚོ་བ་ཡིན་ལ
དྲན་སྣང་དང་དུང་སེམས་ནི
ངའི་སེམས་པའི་ཡི་ཁ་མདོག་ཉིད
དེ་དུས་ངའི་བྲིས་མི་ཚར་བའི་སྙན་ངག་གི་སྦྲུམ་བྱ་དང་
བརྗོད་མི་ཚར་བའི་བརྩེ་དུང་གི་ཡང་སྙིང
ཁྱེད་རང་ཁོ་ན་རེད
འཛུམ་མདངས་དེ་དང་བརྩེ་བ་དེའི་ཆེད་དུ
མཛེས་སྡུག་གི་ཕྱིར་དྲན
རི་ཆུ་སྟོང་ཕྲག་གི་ཚུར་རོལ་ནས་གླེང་ཤིང
མཛའ་བརྩེ་ཡི་མིག་ཟུང་རྒྱང་རིང་ལ་གཏད་པ
ཐེངས་གཅིག་གི་གཡོ་ཟོལ་མིན
དྲན་ཤིང་མ
ཁྱེད་ནི་ངའི་ཚེ་གང་བོར་ཡིད་རྟོན་བྱེད་སའི་མེ་ཏོག་རྐང་གཅིག་ཡིན་ལ
ཁྱེད་ནི་ངའི་མཐའ་མཇུག་གི་གནས་མལ་བཅོལ་སའི་རྨི་ལམ་དེའང་ཡིན
དེ་བས་གངས་དཀར་བོའི་ཁ་མདོག་མ་ཉམས་ན
ཆུ་གཙང་བོའི་བཞུར་རྒྱུན་མ་འཆད་ན
ས་ཆེན་པོའི་འགྲེ་ལོག་མ་བརྒྱབ་ན
མྱི་ཁ་དང་འཕྱ་སྨོད་ཁ་ཆར་བཞིན་རྒོད་རུང
ངས་འུ་གཉིས་ཀྱི་བརྩེ་དུང་གི་སྦྲེལ་ཐག་འདི
རྡོ་རྗེའི་ཚིག་ལ་མདུད་རྒྱུ་ཡིན
     ༢༠༡༡ལོའི་ཟླ༡༡ཚེས༢༦ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།