སྦྲང་དཀར་རྩམ་པ།

ཧོར་ནག་པ་འདྲེ་མིག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-24


ཕྱི་ཡི་ཕོར་བ་ཁ་ཆག་འདིའི་ནང་བརྫི་བཞིན་པའི་སྦྲང་དཀར་རྩམ་པ་འདི
སེམས་ཀྱི་ཕོར་བ་དཀར་གཙང་འདིའི་ནང་བརྫི་བཞིན་པའི་སྦྲང་དཀར་རྩམ་པ་འདི
ཁྱེད་དང་ཨ་མ་ཁོ་ནས་མྱང་ཆོག་པའི་ཁ་ཟས་ཤིག་མིན་ལ
ང་གཅིག་པུས་ཟས་ཆོག་པའི་ཞལ་ལག་ནི་དེ་བས་ཀྱང་ག་ལ་ཡིན
འདི་ནི    འགྲོ་བ་མིའི་རིགས་ཀྱིས་རོལ་ཞིང་མྱང་ཆོག་པའི་ཟས་མཆོག་ཅིག་མ་ཡིན་ནམ
 
སྦྲང་དཀར་རྩམ་པ་འདི་ཟས་ཏེ
ཡབ་མེས་གོང་མ་རྣམས་ཀྱིས   ཡར་ལུང་ཁོག་ནས་ཆས་ཏེ
སུམ་ཉིས་ས་ཡི་དཀྱིལ་འཁོར་ལ་ཞབས་རྗེས་བཀོད་མྱོང་ཟེར་ལ
རྡོ་ཡི་ལྕགས་མཁར་སྨུག་པོ་པོ་ཏ་ལ་ཡང་ཤ་དང་རུས་པའི་སྟོབས་ཀྱིས་བརྩིགས་མྱོང་ཟེར
 
ད་དུང   སྦྲང་དཀར་རྩམ་པ་འདིས་བསྐྱངས་པའི་ཨ་མའི་ནུ་ཞོས
ཚ་གདུང་གིས་གཟིར་བའི་གོ་ལ་འདིའི་སྐོམ་གདུང་སེལ་མྱོང་ཟེར་ལ
ཨ་ཕའི་ཞི་བདེའི་མེ་ཏོག་གིས
གཙང་ཆུ་ཡིས་བཅད་དེ་ཁྱེད་དང་ང་ཟེར་བའི་རི་ལུང་མཐའ་དག་ལ
མཛའ་གཅུགས་སེམས་ཀྱིས་སྦྲེལ་བའི་གསེར་ཟམ་འཕེན་བཞིན་ཡང་ཡོད་ཟེར
འདི་ལྟར   སྦྲང་དཀར་རྩམ་པའི་ཉི་འོད་མཁའ་དབྱིངས་དང་འདྲ་ལ
མཁའ་དབྱིངས་ཉི་འོད་དང་འདྲ
 
སྦྲང་དཀར་རྩམ་པ    ཁྱོད་ཀྱི་པང་ཁ་ནས་ང་ཚོ་ད་དུང་ལམ་ལ་ཆས་ཏེ
ཁྱོད་ཀྱི་ཞིང་ཁམས་དངོས་ཟླ་བའི་གོ་ལ་དང་ཉི་མའི་ཁྱིམ་ཚང་ལ་བསྐྱོད་དགོས
ཉི་མའི་ཁྱིམ་ཚང་ནི་དྲོད་ཅིང་སྐྱིད་ལ  ཟླ་བའི་གོ་ལ་བསིལ་ཞིང་འཇམ་པས་ན
དེ་ནི   ཁྱེད་ཀྱི་ཆེས་མཐར་ཐུག་གི་རེ་སྨོན་དང་རླུང་རྟ་ཡིན་སྲིད་ལ
ང་ཚོའི་ཆེས་མཐར་ཐུག་གི་བདེ་སྐྱིད་དང་མཛེས་སྡུག་གི་ལོངས་སྤྱོད་ཡིན་ཆོག
                                                    

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྦྲང་དཀར་རྩམ་པ།

2011-12-24 ཧོར་ནག་པ་འདྲེ་མིག ཀློག་གྲངས། མཆན ཡོད།


ཕྱི་ཡི་ཕོར་བ་ཁ་ཆག་འདིའི་ནང་བརྫི་བཞིན་པའི་སྦྲང་དཀར་རྩམ་པ་འདི
སེམས་ཀྱི་ཕོར་བ་དཀར་གཙང་འདིའི་ནང་བརྫི་བཞིན་པའི་སྦྲང་དཀར་རྩམ་པ་འདི
ཁྱེད་དང་ཨ་མ་ཁོ་ནས་མྱང་ཆོག་པའི་ཁ་ཟས་ཤིག་མིན་ལ
ང་གཅིག་པུས་ཟས་ཆོག་པའི་ཞལ་ལག་ནི་དེ་བས་ཀྱང་ག་ལ་ཡིན
འདི་ནི    འགྲོ་བ་མིའི་རིགས་ཀྱིས་རོལ་ཞིང་མྱང་ཆོག་པའི་ཟས་མཆོག་ཅིག་མ་ཡིན་ནམ
 
སྦྲང་དཀར་རྩམ་པ་འདི་ཟས་ཏེ
ཡབ་མེས་གོང་མ་རྣམས་ཀྱིས   ཡར་ལུང་ཁོག་ནས་ཆས་ཏེ
སུམ་ཉིས་ས་ཡི་དཀྱིལ་འཁོར་ལ་ཞབས་རྗེས་བཀོད་མྱོང་ཟེར་ལ
རྡོ་ཡི་ལྕགས་མཁར་སྨུག་པོ་པོ་ཏ་ལ་ཡང་ཤ་དང་རུས་པའི་སྟོབས་ཀྱིས་བརྩིགས་མྱོང་ཟེར
 
ད་དུང   སྦྲང་དཀར་རྩམ་པ་འདིས་བསྐྱངས་པའི་ཨ་མའི་ནུ་ཞོས
ཚ་གདུང་གིས་གཟིར་བའི་གོ་ལ་འདིའི་སྐོམ་གདུང་སེལ་མྱོང་ཟེར་ལ
ཨ་ཕའི་ཞི་བདེའི་མེ་ཏོག་གིས
གཙང་ཆུ་ཡིས་བཅད་དེ་ཁྱེད་དང་ང་ཟེར་བའི་རི་ལུང་མཐའ་དག་ལ
མཛའ་གཅུགས་སེམས་ཀྱིས་སྦྲེལ་བའི་གསེར་ཟམ་འཕེན་བཞིན་ཡང་ཡོད་ཟེར
འདི་ལྟར   སྦྲང་དཀར་རྩམ་པའི་ཉི་འོད་མཁའ་དབྱིངས་དང་འདྲ་ལ
མཁའ་དབྱིངས་ཉི་འོད་དང་འདྲ
 
སྦྲང་དཀར་རྩམ་པ    ཁྱོད་ཀྱི་པང་ཁ་ནས་ང་ཚོ་ད་དུང་ལམ་ལ་ཆས་ཏེ
ཁྱོད་ཀྱི་ཞིང་ཁམས་དངོས་ཟླ་བའི་གོ་ལ་དང་ཉི་མའི་ཁྱིམ་ཚང་ལ་བསྐྱོད་དགོས
ཉི་མའི་ཁྱིམ་ཚང་ནི་དྲོད་ཅིང་སྐྱིད་ལ  ཟླ་བའི་གོ་ལ་བསིལ་ཞིང་འཇམ་པས་ན
དེ་ནི   ཁྱེད་ཀྱི་ཆེས་མཐར་ཐུག་གི་རེ་སྨོན་དང་རླུང་རྟ་ཡིན་སྲིད་ལ
ང་ཚོའི་ཆེས་མཐར་ཐུག་གི་བདེ་སྐྱིད་དང་མཛེས་སྡུག་གི་ལོངས་སྤྱོད་ཡིན་ཆོག
                                                    

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།