སྲོད་ཀྱི་དྲན་པ།

ཧོར་ནག་པ་འདྲེ་མིག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-23


མེ་ལོང་ལ་འཁྱུག་པའི་ཚོར་སྣང་གི་ཡུལ་ལྗོངས
གོམ་པ་རྒྱང་ལ་སྤོས་པ་ཙམ་གྱིས་ཁ་གྱེས་ཐབས་བྲལ་བའི་ཕ་ཡུལ་དང་འདྲ
སེམས་པ་གཅིག་གི་བརྩེ་དུང་དེ་ལག་པ་གཉིས་ཀྱིས་མཚོན་ཐབས་བྲལ་བས
ཟུངས་ཁྲག་གི་གཙང་བོ་བརྒལ་དགོས་ཀྱང་ཅི་ལ་སྐྱོན
 
བག་ཆགས་ཀྱི་གོན་པ་རང་ལུས་ལ་བགོས་ནས་ལོ་ཟླ་ག་ཚོད་ཆས
ཞེ་འདང་གི་མཛེས་པའང་དྲན་གདུང་གི་མཁའ་དབྱིངས་ན་འོད་དུ་གསལ
ལོ་མ་དུས་རླུང་གིས་རྒྱང་ལ་མ་འཁྱེར་ན
སྡོང་བོ་ར་ལག་ཡལ་གའི་འཚོ་བ་བརྗེད་པ་ག་ལ་སྲིད
 
འགྲོག་སླ་བ་བརྩེ་བ་ཡི་རང་གཤིས
གྲོལ་དཀའ་བ་དུངས་སེམས་ཀྱི་མདུད་པ
དྲན་པ་དང་བསམ་གཞིག་གི་འོ་ཆུ་ལྷན་དུ་བསྡེབས་པ་ནས
ལེགས་སྐྱེས་འདི་ལྟ་བུའི་ཆོ་ལོ་ནི་རང་ཉིད་ཀྱི་ཡོང་སྒོ་རེད
 
ཕྱིར་མིག་གི་བང་རིམ་ན་དགའ་འོས་པ་དང་སྐྱོ་དགོས་པ་གང་མང་ཞིག
དགའ་དུས་གླུ་ལེན་པ་དང་སྡུག་དུས་ངུ་འདོད་པ་མཐའ་དག་ཀྱང
གཙང་བོ་ཕྱིར་ལྡོག་མེད་པའི་གནས་ལུགས་འདིར་བསམ་བློ་གཏོང་ཤེས་ན
འཚོ་བ་འདི་མི་ཡུལ་གྱི་བདེ་སྐྱིད་ཡིན
                                                 ༢༠༡༠.༩.༢༨

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲོད་ཀྱི་དྲན་པ།

2011-12-23 ཧོར་ནག་པ་འདྲེ་མིག ཀློག་གྲངས། མཆན ཡོད།


མེ་ལོང་ལ་འཁྱུག་པའི་ཚོར་སྣང་གི་ཡུལ་ལྗོངས
གོམ་པ་རྒྱང་ལ་སྤོས་པ་ཙམ་གྱིས་ཁ་གྱེས་ཐབས་བྲལ་བའི་ཕ་ཡུལ་དང་འདྲ
སེམས་པ་གཅིག་གི་བརྩེ་དུང་དེ་ལག་པ་གཉིས་ཀྱིས་མཚོན་ཐབས་བྲལ་བས
ཟུངས་ཁྲག་གི་གཙང་བོ་བརྒལ་དགོས་ཀྱང་ཅི་ལ་སྐྱོན
 
བག་ཆགས་ཀྱི་གོན་པ་རང་ལུས་ལ་བགོས་ནས་ལོ་ཟླ་ག་ཚོད་ཆས
ཞེ་འདང་གི་མཛེས་པའང་དྲན་གདུང་གི་མཁའ་དབྱིངས་ན་འོད་དུ་གསལ
ལོ་མ་དུས་རླུང་གིས་རྒྱང་ལ་མ་འཁྱེར་ན
སྡོང་བོ་ར་ལག་ཡལ་གའི་འཚོ་བ་བརྗེད་པ་ག་ལ་སྲིད
 
འགྲོག་སླ་བ་བརྩེ་བ་ཡི་རང་གཤིས
གྲོལ་དཀའ་བ་དུངས་སེམས་ཀྱི་མདུད་པ
དྲན་པ་དང་བསམ་གཞིག་གི་འོ་ཆུ་ལྷན་དུ་བསྡེབས་པ་ནས
ལེགས་སྐྱེས་འདི་ལྟ་བུའི་ཆོ་ལོ་ནི་རང་ཉིད་ཀྱི་ཡོང་སྒོ་རེད
 
ཕྱིར་མིག་གི་བང་རིམ་ན་དགའ་འོས་པ་དང་སྐྱོ་དགོས་པ་གང་མང་ཞིག
དགའ་དུས་གླུ་ལེན་པ་དང་སྡུག་དུས་ངུ་འདོད་པ་མཐའ་དག་ཀྱང
གཙང་བོ་ཕྱིར་ལྡོག་མེད་པའི་གནས་ལུགས་འདིར་བསམ་བློ་གཏོང་ཤེས་ན
འཚོ་བ་འདི་མི་ཡུལ་གྱི་བདེ་སྐྱིད་ཡིན
                                                 ༢༠༡༠.༩.༢༨

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།