ཙོང་ཁ་པ།


ཙོང་ཁ་པ
གསེར་མདོག་གིས་འཚེར་བའི་བོད་ཡུལ་གྱི་ལྟ་གྲུབ་སྨྲ་བ
ཁྱེད་ཕེབས་ཤུལ་ཏུ        མེས་པོ་ཚོའི་འཇིག་རྟེན
མུན་ནག་གི་ལོ་ཟླ་ཞིག་གིས་ཁད་གྱིས་བསྒྲིབས་ཤིང
རིགས་དྲུག་གི་བདེ་སྡུག་མིག་ཆུའི་ཕྲེང་ཐག་ལ་སིམ
ད་དུང
དཀར་ནག་གི་གོ་རིམ་ཁྲོད་བཞུར་བའི་མི་སྡེ་འདིས་ཟུངས་ཁྲག
པོ་ཏ་ལའི་སྐས་ཐེམ་ནས་འཛར་ཏེ
ཁྱེད་ཀྱི་ནང་མི་ཚོའི་ལས་དབང་གི་སྒོ་འགྲམ་ཏུ་འཁྱིལ
ཙོང་ཁ་པ
མིའི་རིགས་ཀྱི་བདེ་སྡུག་མགུར་ཏུ་བཞེངས་བའི་ལོ་རྒྱུས་ཀྱི་འོད་ཟེར
དགུན་འཁྱགས་འདིས་བྲང་གཞུང་ནས་ཁྱེད་རང་འོད་གསལ་གྱི་དབྱིངས་ལ་འཕུར་བས
མེས་པོ་ཚོས་ཞྭ་བཞིན་བཀུར་བའི་གངས་རི་དང
ཕུ་ནུ་ཚོས་སྲོག་ལྟར་གཅེས་བའི་རྩྭ་ཐང
ཚེ་རབས་ནས་ཚེ་རབས་ལ་བསྲིངས་ཆོག་པའི་ཞི་བདེ་ཡི་གླུ་སྐད
ཡོད་ཚད་ནས་ཡོད་ཚད
སྐྱོ་གར་གྱི་གཏམ་རྒྱུད་གསོན་པོ་ཞིག་གི་བྲང་གཞོང་དུ་འཐིམ་སོང
ལོག་རྟོག་གི་ཐོང་རྩར་འཇུས་བའི་གནས་ལུགས་ཀྱི་བདག་པོ
ཉི་ཟླའི་གཤོག་འོག་ཏུ་བཞུར་བའི་གནམ་གྱི་སྐར་ཆེན
ཁྱེད་ཀྱིས་སུ་ལ་ཡང་མི་སྒུར་བའི་ང་རྒྱལ་གྱི་མགོ་བོ་དེ་ཁུར་ནས
ཡང་བསྐྱར་འཁོར་བའི་མེ་དོང་གི་འོབ་ཏུ་ལུས་པའི་སེམས་ཅན་གྱི་ཆེད་དུ་ཕེབས་ཤོག
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཙོང་ཁ་པ།

2011-12-21 བོད་གཞི་བདག ཀློག་གྲངས། མཆན ཡོད།


ཙོང་ཁ་པ
གསེར་མདོག་གིས་འཚེར་བའི་བོད་ཡུལ་གྱི་ལྟ་གྲུབ་སྨྲ་བ
ཁྱེད་ཕེབས་ཤུལ་ཏུ        མེས་པོ་ཚོའི་འཇིག་རྟེན
མུན་ནག་གི་ལོ་ཟླ་ཞིག་གིས་ཁད་གྱིས་བསྒྲིབས་ཤིང
རིགས་དྲུག་གི་བདེ་སྡུག་མིག་ཆུའི་ཕྲེང་ཐག་ལ་སིམ
ད་དུང
དཀར་ནག་གི་གོ་རིམ་ཁྲོད་བཞུར་བའི་མི་སྡེ་འདིས་ཟུངས་ཁྲག
པོ་ཏ་ལའི་སྐས་ཐེམ་ནས་འཛར་ཏེ
ཁྱེད་ཀྱི་ནང་མི་ཚོའི་ལས་དབང་གི་སྒོ་འགྲམ་ཏུ་འཁྱིལ
ཙོང་ཁ་པ
མིའི་རིགས་ཀྱི་བདེ་སྡུག་མགུར་ཏུ་བཞེངས་བའི་ལོ་རྒྱུས་ཀྱི་འོད་ཟེར
དགུན་འཁྱགས་འདིས་བྲང་གཞུང་ནས་ཁྱེད་རང་འོད་གསལ་གྱི་དབྱིངས་ལ་འཕུར་བས
མེས་པོ་ཚོས་ཞྭ་བཞིན་བཀུར་བའི་གངས་རི་དང
ཕུ་ནུ་ཚོས་སྲོག་ལྟར་གཅེས་བའི་རྩྭ་ཐང
ཚེ་རབས་ནས་ཚེ་རབས་ལ་བསྲིངས་ཆོག་པའི་ཞི་བདེ་ཡི་གླུ་སྐད
ཡོད་ཚད་ནས་ཡོད་ཚད
སྐྱོ་གར་གྱི་གཏམ་རྒྱུད་གསོན་པོ་ཞིག་གི་བྲང་གཞོང་དུ་འཐིམ་སོང
ལོག་རྟོག་གི་ཐོང་རྩར་འཇུས་བའི་གནས་ལུགས་ཀྱི་བདག་པོ
ཉི་ཟླའི་གཤོག་འོག་ཏུ་བཞུར་བའི་གནམ་གྱི་སྐར་ཆེན
ཁྱེད་ཀྱིས་སུ་ལ་ཡང་མི་སྒུར་བའི་ང་རྒྱལ་གྱི་མགོ་བོ་དེ་ཁུར་ནས
ཡང་བསྐྱར་འཁོར་བའི་མེ་དོང་གི་འོབ་ཏུ་ལུས་པའི་སེམས་ཅན་གྱི་ཆེད་དུ་ཕེབས་ཤོག
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།