མཚན་མོའི་ཆིག་ལབ།

ཐམས་ཅད་ལྷིང་འཇགས་སེ
ཡོད་ཚད་གཉིད་དུ་ཡུར་ཟིན
དེས་དུས  ངས་རང་ཉིད་ཀྱི་གམ་ན་ཡོད་པས
ཅ་ལག་དག་ལ་ག་ལེར་ག་ལེར་ལྟོས་ཀྱིན
བསམ་ན  ང་ནི་གཉིད་དགོས་པ་འདྲ
 
ངས་ནི་གཞར་གྱིས་མནོ་སེམས་རེ་གཏོང་དུས
ང་ནི་ད་དུང་གཉིད་དགོས་པ་འདྲ
 
ཡིན་ཡང  ད་ནི་ང་གཉིད་ཐེངས་དུ་བར་སླེབས་ཡོད་དམ
ང་འདི་སྐྱེས་ནས་ད་དབར་དུ་གཉིད་ལ་ཐིམས་པ་མ་ཡིན་ནམ
 
སད་ཅེས་པའི་ཐ་སྙད་དེ་
ངའི་རྣ་བའི་ཧྲུབ་ཀའི་དབར་ཕན་ཚུན་རྒྱུ་བ་ལས
སེམས་ཀྱི་དཀྱིལ་མཐའི་ཟུར་དུ་འང་རྒྱུ་མ་མྱོང་པ་འདྲ
 
གང་ལྟར  དོན་ནུབ་ངས་རང་གི་ཐ་འཁོར་གྱི་ཅ་ལག་དག
རང་ཉིད་དེ་ཡིན་པ་བཞིན་སྒོམ་ནས   ཆིག་ལབ་རྫོགས་མེད་ཅིག
ད་དུང་རྗེས་སུ་ལུས་ཡོད     ངག་ལས་འཁྲོལ་མེད
         ༢༠༡༡.༡༡.༠༩མཚན་མོར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་མོའི་ཆིག་ལབ།

2011-12-14 མང་རའི་རབ་ཆུང་། ཀློག་གྲངས། མཆན ཡོད།

ཐམས་ཅད་ལྷིང་འཇགས་སེ
ཡོད་ཚད་གཉིད་དུ་ཡུར་ཟིན
དེས་དུས  ངས་རང་ཉིད་ཀྱི་གམ་ན་ཡོད་པས
ཅ་ལག་དག་ལ་ག་ལེར་ག་ལེར་ལྟོས་ཀྱིན
བསམ་ན  ང་ནི་གཉིད་དགོས་པ་འདྲ
 
ངས་ནི་གཞར་གྱིས་མནོ་སེམས་རེ་གཏོང་དུས
ང་ནི་ད་དུང་གཉིད་དགོས་པ་འདྲ
 
ཡིན་ཡང  ད་ནི་ང་གཉིད་ཐེངས་དུ་བར་སླེབས་ཡོད་དམ
ང་འདི་སྐྱེས་ནས་ད་དབར་དུ་གཉིད་ལ་ཐིམས་པ་མ་ཡིན་ནམ
 
སད་ཅེས་པའི་ཐ་སྙད་དེ་
ངའི་རྣ་བའི་ཧྲུབ་ཀའི་དབར་ཕན་ཚུན་རྒྱུ་བ་ལས
སེམས་ཀྱི་དཀྱིལ་མཐའི་ཟུར་དུ་འང་རྒྱུ་མ་མྱོང་པ་འདྲ
 
གང་ལྟར  དོན་ནུབ་ངས་རང་གི་ཐ་འཁོར་གྱི་ཅ་ལག་དག
རང་ཉིད་དེ་ཡིན་པ་བཞིན་སྒོམ་ནས   ཆིག་ལབ་རྫོགས་མེད་ཅིག
ད་དུང་རྗེས་སུ་ལུས་ཡོད     ངག་ལས་འཁྲོལ་མེད
         ༢༠༡༡.༡༡.༠༩མཚན་མོར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།