ཡིག་ནོར།

ཏག་ཏག  ཡིག་ནོར་རེ་རེ
མིག་གིས་མ་ཟིན་ལ
ལག་པས་མ་ཁོག་པར་ཤོར་སོང
 
ཤེས་དང་མ་ཤེས་པའི་མཚམས་ནས
མཉམ་པར་བཞག་དང་མ་བཞག་པའི་མཚམས་ནས
ཡིག་ནོར་འགའ་ཞིག
ཡག་བཤད་རྩོག་བཤད་ཅི་ཡང་མེད་པར
དངོས་སུ་བྲིས་བཞག
 
ཁོ་བོ  ཡིག་ནོར་གྱི་ཁུར་བོས་མནན་ནས་ཡོད་ཅིང
ཉིད་ཀྱི་རྩོམ་དུ་ཡང་ཡིག་ནོར་གྱིས་འཚང་ཁ་བྱེད་པར་མཐོང
 
ཡིག་ནོར་རེས  ཡིག་ནོར་འགའ་རེ་སྤྲུམ་ཞིང
ཡིག་ནོར་རེ་འགའ་བཙའ་ཡི་འདུག
དགེ་རྒན་གྱིས་བྲིས་པའི་ཡིག་ནོར་དེས
དུས་ད་ལྟ  ཡིག་ནོར་ག་ཚོད་བཙས་ཡོད
སློབ་མ་ཚོས་ཡིག་ནོར་ག་ཚོད་ཡིན
 
འདི་ལྟར་ཡིག་ནོར་རེ་རེས
ཡིག་ནོར་རེ་རེ་སྤྲུམ་ཞིང་བཙས་འོང་དུས
ཆོལ་ཁ་གསུམ་ནི་ཅི་འདྲའི་ཡིག་ནོར་ཆེན་པོ་ཞིག་ཡིན
ཁྱོད་དང་ང་ནི
ཅི་འདྲའི་འདག་དཀའ་བའི་ཡིག་ནོར་མང་བོ་ཞིག
 
སྒོ་སམ་གྱི་ངོས་ཤིག་ན
ཤོག་བུའི་ཕྱི་ནང་ཞིག་ན
སྲང་གི་སྒོ་བྱང་དང་ལག་གི་མིང་བྱང་ཚུན་ཆོད་ན
མིང་ཚིག་རེ་རེས་གླེན་བཤད་རྒྱག་གིན
ཐ་སྙད་རེ་རེ་ལྐུག་པར་བསྡད་འདུག
 
ཡིག་ནོར་གྱི་རྫོང་ཧ་ཅང་འཐུག་ས་འདི་ནས
ཐོན་མི་ཟེར་བའི་མི་བུ་རུས་པ་ཅན་ཞིག
སླར་ཡང་བྱོན་སྲིད་དམ
ཡིག་ནོར་གྱི་རྫོང་འཐུག་ས་འདི་ནས
པོ་ཏ་ལ་དང་ཡུམ་བུ་བླ་མཁར་སྔར་བཞིན་མཐོང་ཐུབ་བམ
 
ཐ་སྙད་ཀྱི་ཆག་རོ་མང་བོའི་གསེབ་ན
ང་ཚོའི་འདས་མ་འོངས་དུས་ད་ལྟ་གསུམ་པོ
མིང་ཚིག་གཡར་མ་དག་གིས་ཡང་ཡང་མུར་ཞིང་ལྡད་ཀྱིན་འདུག
 
རང་ཁོ་ནའི་ཡིན་པའི་ས་གཞི་དང་ནམ་མཁའ་ཡང
གས་ཆག་གིས་ཟིན་མེད་དམ
ཤོག་བུ་དེའི་ལྟེབས་སུ
འཇམ་པའི་དབྱངས་དང་དབྱངས་ཅན་མ་ཡང་ལེབ་ཀྱིས་བཅུར་འདུག
 
གལ་ཏེ  ང་ཚོས་རང་གི་རུས་མིང་ཡང
ཡིག་ནོར་གྱིས་བྲིས་བཞག་པ་ཡིན་ན
ང་ནི་སུ་ཞིག་ཡིན་ནམ  ཁྱོད་ཀྱི་མིང་ལ་ཅི་ཟེར་རམ
                 2011.1.16ཉིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡིག་ནོར།

2011-12-05 འགྲེང་བུ། ཀློག་གྲངས། མཆན ཡོད།

ཏག་ཏག  ཡིག་ནོར་རེ་རེ
མིག་གིས་མ་ཟིན་ལ
ལག་པས་མ་ཁོག་པར་ཤོར་སོང
 
ཤེས་དང་མ་ཤེས་པའི་མཚམས་ནས
མཉམ་པར་བཞག་དང་མ་བཞག་པའི་མཚམས་ནས
ཡིག་ནོར་འགའ་ཞིག
ཡག་བཤད་རྩོག་བཤད་ཅི་ཡང་མེད་པར
དངོས་སུ་བྲིས་བཞག
 
ཁོ་བོ  ཡིག་ནོར་གྱི་ཁུར་བོས་མནན་ནས་ཡོད་ཅིང
ཉིད་ཀྱི་རྩོམ་དུ་ཡང་ཡིག་ནོར་གྱིས་འཚང་ཁ་བྱེད་པར་མཐོང
 
ཡིག་ནོར་རེས  ཡིག་ནོར་འགའ་རེ་སྤྲུམ་ཞིང
ཡིག་ནོར་རེ་འགའ་བཙའ་ཡི་འདུག
དགེ་རྒན་གྱིས་བྲིས་པའི་ཡིག་ནོར་དེས
དུས་ད་ལྟ  ཡིག་ནོར་ག་ཚོད་བཙས་ཡོད
སློབ་མ་ཚོས་ཡིག་ནོར་ག་ཚོད་ཡིན
 
འདི་ལྟར་ཡིག་ནོར་རེ་རེས
ཡིག་ནོར་རེ་རེ་སྤྲུམ་ཞིང་བཙས་འོང་དུས
ཆོལ་ཁ་གསུམ་ནི་ཅི་འདྲའི་ཡིག་ནོར་ཆེན་པོ་ཞིག་ཡིན
ཁྱོད་དང་ང་ནི
ཅི་འདྲའི་འདག་དཀའ་བའི་ཡིག་ནོར་མང་བོ་ཞིག
 
སྒོ་སམ་གྱི་ངོས་ཤིག་ན
ཤོག་བུའི་ཕྱི་ནང་ཞིག་ན
སྲང་གི་སྒོ་བྱང་དང་ལག་གི་མིང་བྱང་ཚུན་ཆོད་ན
མིང་ཚིག་རེ་རེས་གླེན་བཤད་རྒྱག་གིན
ཐ་སྙད་རེ་རེ་ལྐུག་པར་བསྡད་འདུག
 
ཡིག་ནོར་གྱི་རྫོང་ཧ་ཅང་འཐུག་ས་འདི་ནས
ཐོན་མི་ཟེར་བའི་མི་བུ་རུས་པ་ཅན་ཞིག
སླར་ཡང་བྱོན་སྲིད་དམ
ཡིག་ནོར་གྱི་རྫོང་འཐུག་ས་འདི་ནས
པོ་ཏ་ལ་དང་ཡུམ་བུ་བླ་མཁར་སྔར་བཞིན་མཐོང་ཐུབ་བམ
 
ཐ་སྙད་ཀྱི་ཆག་རོ་མང་བོའི་གསེབ་ན
ང་ཚོའི་འདས་མ་འོངས་དུས་ད་ལྟ་གསུམ་པོ
མིང་ཚིག་གཡར་མ་དག་གིས་ཡང་ཡང་མུར་ཞིང་ལྡད་ཀྱིན་འདུག
 
རང་ཁོ་ནའི་ཡིན་པའི་ས་གཞི་དང་ནམ་མཁའ་ཡང
གས་ཆག་གིས་ཟིན་མེད་དམ
ཤོག་བུ་དེའི་ལྟེབས་སུ
འཇམ་པའི་དབྱངས་དང་དབྱངས་ཅན་མ་ཡང་ལེབ་ཀྱིས་བཅུར་འདུག
 
གལ་ཏེ  ང་ཚོས་རང་གི་རུས་མིང་ཡང
ཡིག་ནོར་གྱིས་བྲིས་བཞག་པ་ཡིན་ན
ང་ནི་སུ་ཞིག་ཡིན་ནམ  ཁྱོད་ཀྱི་མིང་ལ་ཅི་ཟེར་རམ
                 2011.1.16ཉིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།