རྨི་ལམ་གྱི་རྟ་ཕོ།


ཐུན་གཉིས་པའི་རྨི་ལམ་དུ
འཇིག་རྟེན་ནི་ལེབ་མོ     ཤོག་དཀར་ཡུག་གཅིག་དང་འདྲ
མི་རྣམས   སྒྲེན་གཟུགས་སུ་ཇི་ལྟར་བསྐྱོད་ཀྱང
རྐང་རྗེས་ནི་མི་སྣང
ཆར་ཐིགས་ཁུ་ཚུར་འདྲེ་རེ
ལོ་མ་ལྷེབ་ཆེན་རེའི་སྟེང་ཉལ་འདུག
སྤྲེའུ་བྱང་ཆུབ་སེམས་དཔས་སླར་ཡང་བྲག་སྲིན་མོའི་སྐྲ་ལོ་ཤད

ཐུན་གསུམ་པའི་རྨི་ལམ་དུ
སྐྱེ་ཞིང་འགྲོ་བ་ཐམས་ཅད    འོད་ཀྱི་གོང་བུ་རེ་རེར་གྱུར
སྟོང་བའི་ཁམས་ཆེན་པོར
གཡེང་ཞིང་འཕྱོ    འཕྱི་ཞིང་བསྐྱོད
འོད་ཐིག་རེར་བཀྲག་མདངས་འབར་བས
ངའི་མལ་ཁྲི་ཡང་བསྲེགས་པར་བརྩམས

མིག་ཟུང་འབྱེད་ཙམ་གྱིས
རྣ་ལམ་དུ་ཚིག་དྲི་ཁྱད་པར་བ་ཞིག་བྲོ
བར་སྣང་གི་དབྱིངས་སུ་བལྟས་པས
མི་རྣམས་ཀྱིས་འགྱིག་གི་བེ་ཅོན་རེ་ཞོན་ཏེ
མེ་ཟླུམ་ཞིག་ལ་གཟས་ནས་སུ་མགྱོགས་གང་མགྱོགས་ཀྱིས་བང་འགྲན
ས་གཞིའི་ཁུད་དུ་བལྟས་པས
མཐོང་ཚད་དུག་སྦྲུལ་ཁྲ་ཁྲས་བཟུང་ཞིང
ཁོ་ཚོས་ལྕེ་འདོམས་པ་དོ་རེ་བསྣར་ཏེ་གང་ཞིག་བལྡག་གྲབས་བྱེད

ངས་སླར་ཡང་མཛེས་སྡུག་ཅིག་དྲན་བྱུང
རྨི་ལམ་གྱི་རྟ་ཕོ་དེ
         དཔེ་མཛོད་ཁང་གི་བཞི་ཐོག་ནས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ་གྱི་རྟ་ཕོ།

2012-02-22 དམར་པོ།༼པེ་ཅིང༽ ཀློག་གྲངས། མཆན ཡོད།


ཐུན་གཉིས་པའི་རྨི་ལམ་དུ
འཇིག་རྟེན་ནི་ལེབ་མོ     ཤོག་དཀར་ཡུག་གཅིག་དང་འདྲ
མི་རྣམས   སྒྲེན་གཟུགས་སུ་ཇི་ལྟར་བསྐྱོད་ཀྱང
རྐང་རྗེས་ནི་མི་སྣང
ཆར་ཐིགས་ཁུ་ཚུར་འདྲེ་རེ
ལོ་མ་ལྷེབ་ཆེན་རེའི་སྟེང་ཉལ་འདུག
སྤྲེའུ་བྱང་ཆུབ་སེམས་དཔས་སླར་ཡང་བྲག་སྲིན་མོའི་སྐྲ་ལོ་ཤད

ཐུན་གསུམ་པའི་རྨི་ལམ་དུ
སྐྱེ་ཞིང་འགྲོ་བ་ཐམས་ཅད    འོད་ཀྱི་གོང་བུ་རེ་རེར་གྱུར
སྟོང་བའི་ཁམས་ཆེན་པོར
གཡེང་ཞིང་འཕྱོ    འཕྱི་ཞིང་བསྐྱོད
འོད་ཐིག་རེར་བཀྲག་མདངས་འབར་བས
ངའི་མལ་ཁྲི་ཡང་བསྲེགས་པར་བརྩམས

མིག་ཟུང་འབྱེད་ཙམ་གྱིས
རྣ་ལམ་དུ་ཚིག་དྲི་ཁྱད་པར་བ་ཞིག་བྲོ
བར་སྣང་གི་དབྱིངས་སུ་བལྟས་པས
མི་རྣམས་ཀྱིས་འགྱིག་གི་བེ་ཅོན་རེ་ཞོན་ཏེ
མེ་ཟླུམ་ཞིག་ལ་གཟས་ནས་སུ་མགྱོགས་གང་མགྱོགས་ཀྱིས་བང་འགྲན
ས་གཞིའི་ཁུད་དུ་བལྟས་པས
མཐོང་ཚད་དུག་སྦྲུལ་ཁྲ་ཁྲས་བཟུང་ཞིང
ཁོ་ཚོས་ལྕེ་འདོམས་པ་དོ་རེ་བསྣར་ཏེ་གང་ཞིག་བལྡག་གྲབས་བྱེད

ངས་སླར་ཡང་མཛེས་སྡུག་ཅིག་དྲན་བྱུང
རྨི་ལམ་གྱི་རྟ་ཕོ་དེ
         དཔེ་མཛོད་ཁང་གི་བཞི་ཐོག་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།