ཁྱོད་རང་དྲན་པའི་མཚན་མོ།

འབྲོག་བུ་དཀོོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-02-22

ངས་རྙེད་ཅིང་སླར་ཡང་བོར་སོང་བའི་བརྩེ་དུང
ངས་ཟིན་ཡང་བསྐྱར་དུ་ཤོར་སོང་བའི་སེམས་པ
དོ་དགོང   འགྲམ་དར་ཆགས་པའི་རྨ་ཆུའི་ཁུགས་པ་རུ
ངང་མོ་དཀར་བོ་ཞིག་གི་སྒྲོ་སྤུ་ལྟར་འཐོར་འདུག

ཁྱོད་རང་ངའི་འཇིག་རྟེན་གྱི་མགྲོན་པོར་གྱུར་ཏེ
འཇམ་མཉེན་གྱི་ལག་ཟུང་དྲོན་མོས་ངའི་ལུས་པོ་བསྡམས་པ་ནས
བདག་གི་སྙིང་ཁྲག་གི་བཞུར་སྟངས་ཀྱང་ཁྱོད་ལ་ཕྱོགས་འདུག

མིག་ཆུ་ལས་སྐྱེས་པའི་མཉེན་ལྕུག་ལྕུག་གི་ལྗོན་པ་ཁོ་ནར
ངའི་ནང་སེམས་ཀྱི་གདུང་ཡུས་འདེགས་པའི་སྙིང་རུས་མངའ་ཞིང
ངའི་ཁེར་རྐྱང་གི་ཚོར་འདུ་གཞིབ་པའི་དཔའ་གདེང་ཡོད་འདུག

ཉི་མས་འཇིག་རྟེན་གྱི་སྒེའུ་ཡོལ་མ་ཕྱེ་གོང་ནས
ཁྱོད་ནི་ངའི་ལས་ལ་བསྐོས་པའི་ཆུང་གྲོགས་མིན་ནམ

སྨུག་ཞགས་ཀྱི་སྐེ་དཀྲིས་འཆིང་བའི་ཟླ་འོད
དེ་ཡི་ལོགས་སུ་སྨིན་པའི་སྐར་ཕྲན་གྱི་ལྕང་ལོ
དྲན་ཡུལ་དུ་སྒོམ་པའི་ཁྱོད་ཀྱི་འཛུམ་མདངས་དང་ཇི་འདྲའི་ཉེ་འང
                           ༢༠༡༢ལོའི་ཟླ་༢པའི་ཚེས་༡༨ཀྱི་མཚན་མོར་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་རང་དྲན་པའི་མཚན་མོ།

2012-02-22 འབྲོག་བུ་དཀོོམ་བཀྲ། ཀློག་གྲངས། མཆན ཡོད།

ངས་རྙེད་ཅིང་སླར་ཡང་བོར་སོང་བའི་བརྩེ་དུང
ངས་ཟིན་ཡང་བསྐྱར་དུ་ཤོར་སོང་བའི་སེམས་པ
དོ་དགོང   འགྲམ་དར་ཆགས་པའི་རྨ་ཆུའི་ཁུགས་པ་རུ
ངང་མོ་དཀར་བོ་ཞིག་གི་སྒྲོ་སྤུ་ལྟར་འཐོར་འདུག

ཁྱོད་རང་ངའི་འཇིག་རྟེན་གྱི་མགྲོན་པོར་གྱུར་ཏེ
འཇམ་མཉེན་གྱི་ལག་ཟུང་དྲོན་མོས་ངའི་ལུས་པོ་བསྡམས་པ་ནས
བདག་གི་སྙིང་ཁྲག་གི་བཞུར་སྟངས་ཀྱང་ཁྱོད་ལ་ཕྱོགས་འདུག

མིག་ཆུ་ལས་སྐྱེས་པའི་མཉེན་ལྕུག་ལྕུག་གི་ལྗོན་པ་ཁོ་ནར
ངའི་ནང་སེམས་ཀྱི་གདུང་ཡུས་འདེགས་པའི་སྙིང་རུས་མངའ་ཞིང
ངའི་ཁེར་རྐྱང་གི་ཚོར་འདུ་གཞིབ་པའི་དཔའ་གདེང་ཡོད་འདུག

ཉི་མས་འཇིག་རྟེན་གྱི་སྒེའུ་ཡོལ་མ་ཕྱེ་གོང་ནས
ཁྱོད་ནི་ངའི་ལས་ལ་བསྐོས་པའི་ཆུང་གྲོགས་མིན་ནམ

སྨུག་ཞགས་ཀྱི་སྐེ་དཀྲིས་འཆིང་བའི་ཟླ་འོད
དེ་ཡི་ལོགས་སུ་སྨིན་པའི་སྐར་ཕྲན་གྱི་ལྕང་ལོ
དྲན་ཡུལ་དུ་སྒོམ་པའི་ཁྱོད་ཀྱི་འཛུམ་མདངས་དང་ཇི་འདྲའི་ཉེ་འང
                           ༢༠༡༢ལོའི་ཟླ་༢པའི་ཚེས་༡༨ཀྱི་མཚན་མོར་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།