སྐྱེས་མ་མེད་པའི་འཇིག་རྟེན།༼ཞར་བཀོད་གཉིས་ཡོད༽

སྐྱེས་མ་དག་གི་སྐད་དང་ལང་ཚོ་
སྐྱེས་པ་དག་གིས་ཉན་ཞིང་འཚོ་དུས་
ང་སྐྱེས་མ་མེད་པའི་འཇིག་རྟེན་ཞིག་དུ་ཐོན་
དེ་ནས་    ངས་སྐྱེས་པ་ཁོ་ནའི་སྐད་ལ་ཉན་ཞིང་
ཁ་དོག་གཅིག་པའི་སྐྱེས་པ་དག་གི་ལང་ཚོར་བལྟས་
འདི་ནི་སུས་བཤད་ཀྱང་སྐྱེལ་དཀའ་བའི་ལམ་བུ་ཞིག་
བསམ་གཞིགས་ཙམ་ཡང་མི་གཏོང་བར་
སྡུག་སྨེ་མ་འདོན་དང་   རང་སེམས་རང་ལ་གསལ་ངེས་
དེ་ལྟར་འདང་རྒྱབ་ན་སྐྱེས་མ་མེད་པའི་འཇིག་རྟེན་གྱི་
ནང་སྙིང་ནི་སྡུག་བསྔལ་རེད་དམ་    བདེ་སྐྱིད་རེད་
       2012.1.24.01.32་སྟེང་དུ་སྐྱེས་མ་མེད་པའི་འཇིག་རྟེན་གྱི་གྲུ་ཟུར་ཞིག་དུ།
 

       ཁྱེད་མ་དྲན་ཉི་མ་གཅིག་མེད།
ང་ནུས་མེད་ཡིན་དྲག་པས་
འཆི་བ་ཁོ་ན་ལ་བསམ་བློ་བཏང་ནས་བསྡད་
སྐྱེས་པ་ནས་ད་ལྟའི་བར་དུ་
ཁེར་རྐྱང་གིས་འཆི་བར་སྒུག་
དེ་ལྟ་བུའི་ལོ་ཟླ་ཞིག་ལ་
ང་    ཁེར་རྐྱང་གི་སྣང་བའི་གཞུང་ནས་
ཁྱེད་ཀྱི་བརྩེ་བ་ཡི་བརྡ་རྟགས་ཀིས་ཟིན་པས་
ངས་   འཆི་བ་ལའང་ངོ་ལོག་བྱས་ཤིང་
བརྩེ་དུང་ཟེར་བའི་རོ་མངར་འདི་ཚོར་བ་ནས་
ཁྱེད་མ་དྲན་ཉི་མ་གཅིག་མེད་་་་་་་་་
            2012.1.24་ཡི་མཚན་དཀྱིལ་ཞིག་ལ་ཁོ་མོ་དྲན་ཞོར་དུ།
    
      སེམས་ལ་ཟུག་པའི་ཚེར་མ།
 
སྙིང་སྡུག་མ་ཟེར་དང་  
དེ་ནི་སྙིང་ལ་ཟུག་པའི་ཚེར་མ་ཞིག་རེད་
ལངས་ནས་མི་ཚར་བའི་ཚེར་མ་ཞིག་རེད་
 
སྙིང་སྡུག་མ་ཟེར་དང་
དེ་ནི་ལུས་ལ་སྐྱེས་པའི་བ་སྤུ་རེ་རེ་རེད་
བུལ་ནས་མི་ཚར་བའི་བ་སྤུ་རེ་རེ་རེད་
 
སྙིང་སྡུག་མ་ཟེར་དང་
དེ་ནི་སྣེ་མོ་གཉིས་ན་འདར་བཞིན་པའི་
འཇིག་རྟེན་གྱི་སྣང་བ་ཟེར་བ་དེ་རེད་
         2012.1.24་ཉིན་གྱི་མཚན་མོར་རང་ཤག་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱེས་མ་མེད་པའི་འཇིག་རྟེན།༼ཞར་བཀོད་གཉིས་ཡོད༽

2012-02-17 སྤྱང་དམར། ཀློག་གྲངས། མཆན ཡོད།

སྐྱེས་མ་དག་གི་སྐད་དང་ལང་ཚོ་
སྐྱེས་པ་དག་གིས་ཉན་ཞིང་འཚོ་དུས་
ང་སྐྱེས་མ་མེད་པའི་འཇིག་རྟེན་ཞིག་དུ་ཐོན་
དེ་ནས་    ངས་སྐྱེས་པ་ཁོ་ནའི་སྐད་ལ་ཉན་ཞིང་
ཁ་དོག་གཅིག་པའི་སྐྱེས་པ་དག་གི་ལང་ཚོར་བལྟས་
འདི་ནི་སུས་བཤད་ཀྱང་སྐྱེལ་དཀའ་བའི་ལམ་བུ་ཞིག་
བསམ་གཞིགས་ཙམ་ཡང་མི་གཏོང་བར་
སྡུག་སྨེ་མ་འདོན་དང་   རང་སེམས་རང་ལ་གསལ་ངེས་
དེ་ལྟར་འདང་རྒྱབ་ན་སྐྱེས་མ་མེད་པའི་འཇིག་རྟེན་གྱི་
ནང་སྙིང་ནི་སྡུག་བསྔལ་རེད་དམ་    བདེ་སྐྱིད་རེད་
       2012.1.24.01.32་སྟེང་དུ་སྐྱེས་མ་མེད་པའི་འཇིག་རྟེན་གྱི་གྲུ་ཟུར་ཞིག་དུ།
 

       ཁྱེད་མ་དྲན་ཉི་མ་གཅིག་མེད།
ང་ནུས་མེད་ཡིན་དྲག་པས་
འཆི་བ་ཁོ་ན་ལ་བསམ་བློ་བཏང་ནས་བསྡད་
སྐྱེས་པ་ནས་ད་ལྟའི་བར་དུ་
ཁེར་རྐྱང་གིས་འཆི་བར་སྒུག་
དེ་ལྟ་བུའི་ལོ་ཟླ་ཞིག་ལ་
ང་    ཁེར་རྐྱང་གི་སྣང་བའི་གཞུང་ནས་
ཁྱེད་ཀྱི་བརྩེ་བ་ཡི་བརྡ་རྟགས་ཀིས་ཟིན་པས་
ངས་   འཆི་བ་ལའང་ངོ་ལོག་བྱས་ཤིང་
བརྩེ་དུང་ཟེར་བའི་རོ་མངར་འདི་ཚོར་བ་ནས་
ཁྱེད་མ་དྲན་ཉི་མ་གཅིག་མེད་་་་་་་་་
            2012.1.24་ཡི་མཚན་དཀྱིལ་ཞིག་ལ་ཁོ་མོ་དྲན་ཞོར་དུ།
    
      སེམས་ལ་ཟུག་པའི་ཚེར་མ།
 
སྙིང་སྡུག་མ་ཟེར་དང་  
དེ་ནི་སྙིང་ལ་ཟུག་པའི་ཚེར་མ་ཞིག་རེད་
ལངས་ནས་མི་ཚར་བའི་ཚེར་མ་ཞིག་རེད་
 
སྙིང་སྡུག་མ་ཟེར་དང་
དེ་ནི་ལུས་ལ་སྐྱེས་པའི་བ་སྤུ་རེ་རེ་རེད་
བུལ་ནས་མི་ཚར་བའི་བ་སྤུ་རེ་རེ་རེད་
 
སྙིང་སྡུག་མ་ཟེར་དང་
དེ་ནི་སྣེ་མོ་གཉིས་ན་འདར་བཞིན་པའི་
འཇིག་རྟེན་གྱི་སྣང་བ་ཟེར་བ་དེ་རེད་
         2012.1.24་ཉིན་གྱི་མཚན་མོར་རང་ཤག་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།