དེ་རིང་ཡང་བསྐྱར་ཡབ་ཆེན་གྱིས་བཀའ་སློབ་ཐེངས་གཅིག་གནང་།


སེམས་པ་འདི་ཆུས་གང་བའི་གྲོད་པུ་ཞིག་ཡིན་པའི་དབང་དུ་བཏང་ན།
དེ་རིང་ཡང་རྡོ་བ་དང་ལྕགས་གོང་ལྟ་བུའི་དངོས་པོ་ལྕི་མོ་དག་གིས་མནན་པའམ།
མེ་ལྕེ་དང་ཚ་གདུག་ལྟ་བུའི་ཚ་བོ་དག་ལ་ཕྲད་པ་ཇི་བཞིན།
ཁ་དང་ཞབས་ལ་ངེས་གཏན་མེད་པར་བྱོ་ལ་ཁད་ཅིག་བྱས་སོང་།
དེ་དུས་མིག་ཀོང་གི་བུ་ག་ཕྲ་མོ་འདི་ཙམ་གྱིས།
དྲག་ཏུ་རྒྱས་པའི་གཙང་བོ་འདི་ཇི་ལྟར་འདྲེན་ཨང་།
 
མི་ལོ་ལྔ་བཅུའི་རིང་གི་དཀའ་སྡུག་དང་སེམས་ངལ་མཐའ་དག་སྟེ།
འཇིག་རྟེན་འདིར་ཤེད་ཤུགས་ཡོད་དགུས་ཡར་འདྲུད་མར་འཕེན་བྱས་པའི་ཁུར་བོ་ཆེན་པོ་དེ།
ད་ནི་རེ་ཞིག་ས་རུ་ཕོག་ན་འགྲིག་ཨང་།
ཡིན་ཡང་ང་ལ་ད་དུང་རང་ཉིད་ཁྱེད་ཀྱིས་ཁུར་བོ་ཕོག་རྗེས་ཀྱི་སྐྱོ་ངལ་གསོ་ས་བྱས་ཆོག་པའི་གདེང་བྲོད་མི་འདུག
 
སྐབས་སྐབས་སུ་ཨ་ཅག་ཚན་སྡེབ་ཀྱི་གླུ་དབྱངས་རེར་ཉན་པའམ།
ཀློག་པར་སྤྲོ་བའི་སྙན་ངག་རེ་ཀློག་དུས་སུ།
སེམས་པ་འདི་རྒྱ་མཚོའི་ངོས་ཀྱི་རྦ་རླབས་དག་དང་འདྲ་བར།
རེས་འཇགས་རེས་འཕྱོ་གྲངས་མེད་ཅིག་རྒྱག་པར་བྱེད་ཅིང་།
གཞན་གྱི་མཛེས་སྡུག་མ་ཐེག་པར་འདར་སུག་བརྒྱབ་ཤུལ་དུ།
ཁྱེད་ཀྱི་བློ་སྤོབས་ཀྱི་རྒྱ་ཁྱོན་གཞལ་བའི་ནུས་པ་དང་རྩལ་ཤུགས་མི་འདུག
 
ཁྱེད་ཀྱི་མིག་ཀོང་ལ་རེ་བའི་བ་མོ་སྲབ་ཙམ་ཆགས་ཏེ།
བདག་གི་དྲོད་ལམ་ལམ་གྱི་སེམས་གཏམ་ཉག་ཅིག་གིས་བཞུ་བར་སྒུག་ནའང་།
བདག་ལ་མཚོན་ན་དེ་ནི་འཆི་བ་ལས་ཀྱང་དཀའ་སྟེ།
དཔའ་གདེང་གི་སྐད་ཆ་ཞིག་བཤད་མི་སྤོབས་ཤིང་།
ཁྱེད་ཀྱི་དབུ་བསྐོར་བའི་ཚིག་ཅིག་བཤད་འདོད་མེད་པས་ཡིན།
མ་ཟད།  ཁོར་ཡུག་འདི་དོག་དྲགས་ཏེ་དབུགས་ཀྱང་ཡང་མོ་ཞིག་ལེན་དཀའ་ན།
ངས་འགན་འཁུར་དཀའ་བའི་དམ་བཅའ་ཞིག་ཁྱེད་ལ་ཇི་ལྟར་འཇོག
                                         2012/1/7

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་རིང་ཡང་བསྐྱར་ཡབ་ཆེན་གྱིས་བཀའ་སློབ་ཐེངས་གཅིག་གནང་།

2012-01-13 འཆིང་གྲོལ། ཀློག་གྲངས། མཆན ཡོད།


སེམས་པ་འདི་ཆུས་གང་བའི་གྲོད་པུ་ཞིག་ཡིན་པའི་དབང་དུ་བཏང་ན།
དེ་རིང་ཡང་རྡོ་བ་དང་ལྕགས་གོང་ལྟ་བུའི་དངོས་པོ་ལྕི་མོ་དག་གིས་མནན་པའམ།
མེ་ལྕེ་དང་ཚ་གདུག་ལྟ་བུའི་ཚ་བོ་དག་ལ་ཕྲད་པ་ཇི་བཞིན།
ཁ་དང་ཞབས་ལ་ངེས་གཏན་མེད་པར་བྱོ་ལ་ཁད་ཅིག་བྱས་སོང་།
དེ་དུས་མིག་ཀོང་གི་བུ་ག་ཕྲ་མོ་འདི་ཙམ་གྱིས།
དྲག་ཏུ་རྒྱས་པའི་གཙང་བོ་འདི་ཇི་ལྟར་འདྲེན་ཨང་།
 
མི་ལོ་ལྔ་བཅུའི་རིང་གི་དཀའ་སྡུག་དང་སེམས་ངལ་མཐའ་དག་སྟེ།
འཇིག་རྟེན་འདིར་ཤེད་ཤུགས་ཡོད་དགུས་ཡར་འདྲུད་མར་འཕེན་བྱས་པའི་ཁུར་བོ་ཆེན་པོ་དེ།
ད་ནི་རེ་ཞིག་ས་རུ་ཕོག་ན་འགྲིག་ཨང་།
ཡིན་ཡང་ང་ལ་ད་དུང་རང་ཉིད་ཁྱེད་ཀྱིས་ཁུར་བོ་ཕོག་རྗེས་ཀྱི་སྐྱོ་ངལ་གསོ་ས་བྱས་ཆོག་པའི་གདེང་བྲོད་མི་འདུག
 
སྐབས་སྐབས་སུ་ཨ་ཅག་ཚན་སྡེབ་ཀྱི་གླུ་དབྱངས་རེར་ཉན་པའམ།
ཀློག་པར་སྤྲོ་བའི་སྙན་ངག་རེ་ཀློག་དུས་སུ།
སེམས་པ་འདི་རྒྱ་མཚོའི་ངོས་ཀྱི་རྦ་རླབས་དག་དང་འདྲ་བར།
རེས་འཇགས་རེས་འཕྱོ་གྲངས་མེད་ཅིག་རྒྱག་པར་བྱེད་ཅིང་།
གཞན་གྱི་མཛེས་སྡུག་མ་ཐེག་པར་འདར་སུག་བརྒྱབ་ཤུལ་དུ།
ཁྱེད་ཀྱི་བློ་སྤོབས་ཀྱི་རྒྱ་ཁྱོན་གཞལ་བའི་ནུས་པ་དང་རྩལ་ཤུགས་མི་འདུག
 
ཁྱེད་ཀྱི་མིག་ཀོང་ལ་རེ་བའི་བ་མོ་སྲབ་ཙམ་ཆགས་ཏེ།
བདག་གི་དྲོད་ལམ་ལམ་གྱི་སེམས་གཏམ་ཉག་ཅིག་གིས་བཞུ་བར་སྒུག་ནའང་།
བདག་ལ་མཚོན་ན་དེ་ནི་འཆི་བ་ལས་ཀྱང་དཀའ་སྟེ།
དཔའ་གདེང་གི་སྐད་ཆ་ཞིག་བཤད་མི་སྤོབས་ཤིང་།
ཁྱེད་ཀྱི་དབུ་བསྐོར་བའི་ཚིག་ཅིག་བཤད་འདོད་མེད་པས་ཡིན།
མ་ཟད།  ཁོར་ཡུག་འདི་དོག་དྲགས་ཏེ་དབུགས་ཀྱང་ཡང་མོ་ཞིག་ལེན་དཀའ་ན།
ངས་འགན་འཁུར་དཀའ་བའི་དམ་བཅའ་ཞིག་ཁྱེད་ལ་ཇི་ལྟར་འཇོག
                                         2012/1/7

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།