ནམ་ལང་གི་སྙན་ངག་ཚན་པ་གསུམ།

           ང་ཕ་ཡུལ་ཏུ་འབྱོར་དུས།
ཁ་བ་ལྷབ་ལྷུབ་འབབ་པའི་མདང་ནུབ།
བདག་ཕ་ཡུལ་ཏུ་འབྱོར་བྱུང་།

ཕ་ཡུལ།  སྔར་གྱི་གནས་དེ་ན་ཕལ་ཆེར་འགྲེང་བསྡད་ཡོད་ཁུ།

དོ་ནུབ་ཨ་སྔོན་ཧ་ཅང་དྭངས་གི། སྐར་མ་ཁྲ་ཆིལ་ལེ།
ཡིན་ཡང་མཁའ་དབུགས་ཧ་ཅང་འཁྱག་གི
འཁྱག་གྲང་གིས་ས་གཞི་བསྡམ་འདུག
ད་དུང་བདག་གི་སེམས་པའང་།

སྐྱ་རེངས་ཤར་ཐལ། ཉི་མ་ཡང་མག་གསར་ཅིག་དང་འདྲ་བར་ཤར་ཡོང་ཐལ།
ཁ་བས་རྩྭ་ཐང་གི་རི་ལུང་ཐང་གསུམ་བཀབ་འདུག
ཡོད་ཚད་རྨི་ལམ་ཏུ་འཇལ་བ་དང་ཨ་ན་མ་ན་རེད།

རི་ཚོགས་ནི་སུ་ཞིག་གིས་བྲིས་པ་རེད།
ཁ་བ་ནི་གང་ཞིག་གིས་གནང་བ་རེད།

འཇམ་འཇམ་གཙང་གཙང་གིས་ཡོང་ནས།
གུས་གུས་ཞུམ་ཞུམ་གྱིས་ནོར་ལུག་གི་གཉེན་པོར་འགྲེང་འདུག
ཡུལ་ལྷ་གཞི་བདག ལྷ་ཀླུ་གཉན་གསུམ།
གང་ཞིག་ན་ཡོད། གང་ཞིག་ན་ཡོད།
                  ༢༠༡༢ ལོའི་ཟླ ༡ པོའི་ཚེས ༤ ཉིན།
           སྒུལ
སུ་ཞིག་ཤེས་མདོག་གིས་ཚུར་ལ་ནུར་གྱིན་འདུག
ཅི་ཡང་མི་བཤད་པར། ཚུར་ལ་ནུར་གྱིན་འདུག

སྣ་མཐུད་སྤྲད་པའི་གཡག་རྒན།
དང་ཐོག་གི་ཟིལ་ཤུགས་དེ་ད་ལྟ་མེད་ཁུ།

དུང་ཆེན་ཤུགས་ཀྱིས་བོས་པའི།
རྨི་ལམ་དཀྲོགས་བྱུང་།  སེམས་པ་སྒུལ་བྱུང་།
                                ༢༠༡༢ ལོའི་ཟླ ༡ ཚེས ༥ ལ།

          ཕ་ཡུལ།
གླེང་སློང་བ།
ལ་ལའི་བཤད་ན་ཕ་ཡུལ་ནི་བོའུ་ལན་པ་ཐའོ་ཟེར་བའི་གྲོང་ཁྱེར་མཚར་བོ་དེ་ཡིན་ཟེར།
ལ་ལའི་བཤད་ན་ཕ་ཡུལ་ནི་བཞུར་རྒྱུན་རིང་བའི་བའོ་ནན་གཙང་བོའི་ཕ་རོལ་ཡིན་ཟེར།
གང་ལྟར། ང་སྐྱེས་པ་ནས་ངས་གནས་འདིར་ཕ་ཡུལ་ཅེས་བོས་ནི་ཡིན།
           ༡
མཁའ་མཐར་འཁྲིག་པའི་སྤྲིན་པ་འཐོར་སོང་།
སྔོ་ཐིང་ཐིང་གི་ནམ་མཁའི་འོག་ན།
ཁ་བའི་བཀླུབས་པའི་ཕ་ཡུལ།
ཁུ་སུམ་མེ།
          ༢
ཕ་ཡུལ་ནི་མི་ཕོ་ཞིག
གོས་ཚར་མནབས་ཤིང་སོག་ལྭའི་ཤན་པ་བརྒྱབ་པའི་མི་ཕོ་ཞིག
སྨུག་པའི་ཀློང་ན། མུན་པའི་གསེང་ན།
          ༣
ཟླ་བ་ཆགས་རོ་དེ་དོ་ནུབ་གྱི་སོ་བ་རེད།
ཟླ་འོད་འོག་གི་ཕ་ཡུལ།
དཀར་པོ་རེད། ནག་པོ་རེད།
ཡང་ན་ཁ་མདོག་མེད་པ་དེ་རེད།
          ༤
འདོ་བའི་རྔོག་ཆུང་ནང་ན་མེ་སྟག་མཆེད་གྱིན་འདུག
མེ་སྟག་དེའི་འོད་སྣང་སྦར་ཡོད་ཟེར།
མེ་སྟག་དེས་ངའི་ཕ་ཡུལ་དམ་དུ་བཏག་ཡོད་ཁུ།
           ༢༠༡༢ལོའི་ཟླ ༡ པོའི་ཚེས ༦ ལ་ཕ་ཡུལ་ཏུ།


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནམ་ལང་གི་སྙན་ངག་ཚན་པ་གསུམ།

2012-01-13 ནམ་ལང་། ཀློག་གྲངས། མཆན ཡོད།

           ང་ཕ་ཡུལ་ཏུ་འབྱོར་དུས།
ཁ་བ་ལྷབ་ལྷུབ་འབབ་པའི་མདང་ནུབ།
བདག་ཕ་ཡུལ་ཏུ་འབྱོར་བྱུང་།

ཕ་ཡུལ།  སྔར་གྱི་གནས་དེ་ན་ཕལ་ཆེར་འགྲེང་བསྡད་ཡོད་ཁུ།

དོ་ནུབ་ཨ་སྔོན་ཧ་ཅང་དྭངས་གི། སྐར་མ་ཁྲ་ཆིལ་ལེ།
ཡིན་ཡང་མཁའ་དབུགས་ཧ་ཅང་འཁྱག་གི
འཁྱག་གྲང་གིས་ས་གཞི་བསྡམ་འདུག
ད་དུང་བདག་གི་སེམས་པའང་།

སྐྱ་རེངས་ཤར་ཐལ། ཉི་མ་ཡང་མག་གསར་ཅིག་དང་འདྲ་བར་ཤར་ཡོང་ཐལ།
ཁ་བས་རྩྭ་ཐང་གི་རི་ལུང་ཐང་གསུམ་བཀབ་འདུག
ཡོད་ཚད་རྨི་ལམ་ཏུ་འཇལ་བ་དང་ཨ་ན་མ་ན་རེད།

རི་ཚོགས་ནི་སུ་ཞིག་གིས་བྲིས་པ་རེད།
ཁ་བ་ནི་གང་ཞིག་གིས་གནང་བ་རེད།

འཇམ་འཇམ་གཙང་གཙང་གིས་ཡོང་ནས།
གུས་གུས་ཞུམ་ཞུམ་གྱིས་ནོར་ལུག་གི་གཉེན་པོར་འགྲེང་འདུག
ཡུལ་ལྷ་གཞི་བདག ལྷ་ཀླུ་གཉན་གསུམ།
གང་ཞིག་ན་ཡོད། གང་ཞིག་ན་ཡོད།
                  ༢༠༡༢ ལོའི་ཟླ ༡ པོའི་ཚེས ༤ ཉིན།
           སྒུལ
སུ་ཞིག་ཤེས་མདོག་གིས་ཚུར་ལ་ནུར་གྱིན་འདུག
ཅི་ཡང་མི་བཤད་པར། ཚུར་ལ་ནུར་གྱིན་འདུག

སྣ་མཐུད་སྤྲད་པའི་གཡག་རྒན།
དང་ཐོག་གི་ཟིལ་ཤུགས་དེ་ད་ལྟ་མེད་ཁུ།

དུང་ཆེན་ཤུགས་ཀྱིས་བོས་པའི།
རྨི་ལམ་དཀྲོགས་བྱུང་།  སེམས་པ་སྒུལ་བྱུང་།
                                ༢༠༡༢ ལོའི་ཟླ ༡ ཚེས ༥ ལ།

          ཕ་ཡུལ།
གླེང་སློང་བ།
ལ་ལའི་བཤད་ན་ཕ་ཡུལ་ནི་བོའུ་ལན་པ་ཐའོ་ཟེར་བའི་གྲོང་ཁྱེར་མཚར་བོ་དེ་ཡིན་ཟེར།
ལ་ལའི་བཤད་ན་ཕ་ཡུལ་ནི་བཞུར་རྒྱུན་རིང་བའི་བའོ་ནན་གཙང་བོའི་ཕ་རོལ་ཡིན་ཟེར།
གང་ལྟར། ང་སྐྱེས་པ་ནས་ངས་གནས་འདིར་ཕ་ཡུལ་ཅེས་བོས་ནི་ཡིན།
           ༡
མཁའ་མཐར་འཁྲིག་པའི་སྤྲིན་པ་འཐོར་སོང་།
སྔོ་ཐིང་ཐིང་གི་ནམ་མཁའི་འོག་ན།
ཁ་བའི་བཀླུབས་པའི་ཕ་ཡུལ།
ཁུ་སུམ་མེ།
          ༢
ཕ་ཡུལ་ནི་མི་ཕོ་ཞིག
གོས་ཚར་མནབས་ཤིང་སོག་ལྭའི་ཤན་པ་བརྒྱབ་པའི་མི་ཕོ་ཞིག
སྨུག་པའི་ཀློང་ན། མུན་པའི་གསེང་ན།
          ༣
ཟླ་བ་ཆགས་རོ་དེ་དོ་ནུབ་གྱི་སོ་བ་རེད།
ཟླ་འོད་འོག་གི་ཕ་ཡུལ།
དཀར་པོ་རེད། ནག་པོ་རེད།
ཡང་ན་ཁ་མདོག་མེད་པ་དེ་རེད།
          ༤
འདོ་བའི་རྔོག་ཆུང་ནང་ན་མེ་སྟག་མཆེད་གྱིན་འདུག
མེ་སྟག་དེའི་འོད་སྣང་སྦར་ཡོད་ཟེར།
མེ་སྟག་དེས་ངའི་ཕ་ཡུལ་དམ་དུ་བཏག་ཡོད་ཁུ།
           ༢༠༡༢ལོའི་ཟླ ༡ པོའི་ཚེས ༦ ལ་ཕ་ཡུལ་ཏུ།


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།