སྙན་ངག་འདི། བལ་ཁ་ཆུ་ཞིག་གི་འཇམ་རེད།

རྨེ་རུ་ཕག་མོ་ཚེ་བརྟན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-22


ཁྱོད
ནམ་གུང་གི་ཆུ་ཤེལ་ཟླ་བ
མག་མོག་གི་སྒྲ་དབྱངས་གཉོམ་པོ་བཞིན
ལྷིང་འཇགས་མངལ་དུ་སྦྲུམ་པའི་མཁའ་མཐའ་ནས་ཆས་ཏེ
ངའི་འདོད་འདུན་གྱི་ཟབ་ཚད་མ་རྫོགས་པའི་བྲང་གཞུང་ངོས་སུ
ཆེས་ཟབ་པའི་བརྩེ་དུང་གི་སེན་རིས་བཞག
སྙིང་ཉེ་ལགས
འཁྱག་རླུང་འདི     མེ་ཏོག་གི་གང་བུའི་རྩེ་ན་རྒོད་དུས
ས་ཆེན་འདིས      ལྟོགས་སྐོམ་གྱི་ཟུག་ངུ་ཡང་ཡང་འདོན་དུས
ངས་འཛུམ་སླ་བའི་ཁྱོད་ཀྱི་ངོ་གདོང་དེ་སྙིང་ལ་འབྲི་བཞིན
གཉོམ་དུང་དུང་གི་ཁྱོད་ཀྱི་སྐད་གདངས་དེ་སེམས་སུ་ཉར་ཞོར
དུངས་བ་ཡི་འོ་མཚོ་ལྟེམས་པའི་ཁྱོད་ཀྱི་སེམས་པར་འགྲམ་པ་གླན་དུས
ཁྱོད་ནི་ནམ་ཡང་ངའི་སེམས་པའི་མུན་ནག་གི་གཏིང་རུམ་ན་འཚེར་པའི་ཟླ་གོར་ཞིག
དོ་ནུབ
ངས་རང་ལ་དབང་བའི་སེམས་པའི་སྒོ་གླེགས་དེ་ཁད་ཀྱིས་རྡུང་བཞིན
སྙིང་དམར་བོའི་ཕྱི་ནང་ཀུན་ལ་བྱི་དོར་ཐེངས་ཤིག་བྱེད་དུས
ངའི་དྲན་གྱིན་པ་ཁྱོད་ཡིན་པ་ཤེས་སོང་ལ
བསམ་གྱིན་པའང་ཁྱོད་ཡིན་པ་གཞི་ནས་རྟོགས
ངོ་མ      ཞིབ་ཏུ་འདང་རེ་བརྒྱབ་ན
དགའ་བ་འདི       ཟས་སྦྲང་དཀར་རྩམ་པའི་ཞིམ་རེད
བརྩེ་བ་འདི          ཕྱི་ལྕགས་རི་ཞིག་གི་དམ་རེད
དོ་ནུབ
སྙན་ངག་འདི         བལ་ཁ་ཆུ་ཞིག་གི་འཇམ་རེད


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་འདི། བལ་ཁ་ཆུ་ཞིག་གི་འཇམ་རེད།

2012-04-22 རྨེ་རུ་ཕག་མོ་ཚེ་བརྟན། ཀློག་གྲངས། མཆན ཡོད།


ཁྱོད
ནམ་གུང་གི་ཆུ་ཤེལ་ཟླ་བ
མག་མོག་གི་སྒྲ་དབྱངས་གཉོམ་པོ་བཞིན
ལྷིང་འཇགས་མངལ་དུ་སྦྲུམ་པའི་མཁའ་མཐའ་ནས་ཆས་ཏེ
ངའི་འདོད་འདུན་གྱི་ཟབ་ཚད་མ་རྫོགས་པའི་བྲང་གཞུང་ངོས་སུ
ཆེས་ཟབ་པའི་བརྩེ་དུང་གི་སེན་རིས་བཞག
སྙིང་ཉེ་ལགས
འཁྱག་རླུང་འདི     མེ་ཏོག་གི་གང་བུའི་རྩེ་ན་རྒོད་དུས
ས་ཆེན་འདིས      ལྟོགས་སྐོམ་གྱི་ཟུག་ངུ་ཡང་ཡང་འདོན་དུས
ངས་འཛུམ་སླ་བའི་ཁྱོད་ཀྱི་ངོ་གདོང་དེ་སྙིང་ལ་འབྲི་བཞིན
གཉོམ་དུང་དུང་གི་ཁྱོད་ཀྱི་སྐད་གདངས་དེ་སེམས་སུ་ཉར་ཞོར
དུངས་བ་ཡི་འོ་མཚོ་ལྟེམས་པའི་ཁྱོད་ཀྱི་སེམས་པར་འགྲམ་པ་གླན་དུས
ཁྱོད་ནི་ནམ་ཡང་ངའི་སེམས་པའི་མུན་ནག་གི་གཏིང་རུམ་ན་འཚེར་པའི་ཟླ་གོར་ཞིག
དོ་ནུབ
ངས་རང་ལ་དབང་བའི་སེམས་པའི་སྒོ་གླེགས་དེ་ཁད་ཀྱིས་རྡུང་བཞིན
སྙིང་དམར་བོའི་ཕྱི་ནང་ཀུན་ལ་བྱི་དོར་ཐེངས་ཤིག་བྱེད་དུས
ངའི་དྲན་གྱིན་པ་ཁྱོད་ཡིན་པ་ཤེས་སོང་ལ
བསམ་གྱིན་པའང་ཁྱོད་ཡིན་པ་གཞི་ནས་རྟོགས
ངོ་མ      ཞིབ་ཏུ་འདང་རེ་བརྒྱབ་ན
དགའ་བ་འདི       ཟས་སྦྲང་དཀར་རྩམ་པའི་ཞིམ་རེད
བརྩེ་བ་འདི          ཕྱི་ལྕགས་རི་ཞིག་གི་དམ་རེད
དོ་ནུབ
སྙན་ངག་འདི         བལ་ཁ་ཆུ་ཞིག་གི་འཇམ་རེད


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།