ང་རང་ཤི་རྗེས་རོ་ཡང་བྱ་ལ་སྤུར་བར་གྱིས་ཤིག

གཏུབ་གཅོད་ལ་ཡ་ང་མེད་པའི་་ཕུང་བོ་འདི་ལས་།
འཆི་བ་ལ་འཇིགས་སྣང་མེད་པའི་རིགས་རྒྱུད་ཅིག་གི
རྒལ་ཚིགས་ཞེ་དགུའི་དྲང་ཚུལ་ལ་ལྟོས་ཤིག
བྱང་ཁོག་སྟོད་ཀྱི་གྲུབ་ཚུལ་ལ་ལྟོས་ཤིག

རྩ་གསེབ་དང་རྡོ་ངོས་ལ་འཐོར་ཆོག་པའི་ཟུངས་ཁྲག་འདིས།
སྙིང་དང་རྩ་གསེང་ན་རྒྱུ་བའི་ན་ཟུག་དམར་ནག་ཅིག་གིས།
རྩྭ་ཐང་གི་ས་རིས་ངོས་ལ་།
སུབ་མེད་ཀྱི་ཐམ་ཀ་བཏབ་ཡོད་པར་ལྟོས་ཤིག

ཁྱེད་ཀྱིས་བལྟས་ན་སྙིང་ཉེ་ཞིང་།
གཞན་གྱིས་བལྟས་ན་སྙིང་འདར་བས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་རང་ཤི་རྗེས་རོ་ཡང་བྱ་ལ་སྤུར་བར་གྱིས་ཤིག

2012-04-16 རྒྱལ་སྲས། ཀློག་གྲངས། མཆན ཡོད།

ང་རང་ཤི་རྗེས་རོ་ཡང་བྱ་ལ་སྤུར་བར་གྱིས་ཤིག
གཏུབ་གཅོད་ལ་ཡ་ང་མེད་པའི་་ཕུང་བོ་འདི་ལས་།
འཆི་བ་ལ་འཇིགས་སྣང་མེད་པའི་རིགས་རྒྱུད་ཅིག་གི
རྒལ་ཚིགས་ཞེ་དགུའི་དྲང་ཚུལ་ལ་ལྟོས་ཤིག
བྱང་ཁོག་སྟོད་ཀྱི་གྲུབ་ཚུལ་ལ་ལྟོས་ཤིག

ང་རང་ཤི་རྗེས་རོ་ཡང་བྱ་ལ་སྤུར་བར་གྱིས་ཤིག
རྩ་གསེབ་དང་རྡོ་ངོས་ལ་འཐོར་ཆོག་པའི་ཟུངས་ཁྲག་འདིས།
སྙིང་དང་རྩ་གསེང་ན་རྒྱུ་བའི་ན་ཟུག་དམར་ནག་ཅིག་གིས།
རྩྭ་ཐང་གི་ས་རིས་ངོས་ལ་།
སུབ་མེད་ཀྱི་ཐམ་ཀ་བཏབ་ཡོད་པར་ལྟོས་ཤིག

ཁྱེད་ཀྱིས་བལྟས་ན་སྙིང་ཉེ་ཞིང་།
གཞན་གྱིས་བལྟས་ན་སྙིང་འདར་བས།
ང་རང་ཤི་རྗེས་རོ་ཡང་བྱ་ལ་སྤུར་བར་གྱིས་ཤིག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།