ཟིལ་བ།

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-11


ཁ་སང་གི་ཆར་བ་དེས
སྡོང་ལོ་ཡོད་ཚད་བརླན་པར་བྱས་རྗེས
དེ་རིང་ཡང་འདུག་ས་མེད་པའི་གནས་སུ་གྱུར་འདུག
བྱིའུ་ཆུང་ཚང་དུ་མལ་རྗེས
ང་རང་བྱིའུ་ཆུང་དེར་ཅེར་ནས་འདུག་མཁན་ཐོག་མ་རེད།
མི་ཡུལ་དུ་མེ་ཏོག་བཞད་མངའ་བས
མཛེས་སྡུག་གི་ལུས་ཞིག་ད་ལྟའང་ད་དུང་འཁྱམས་བཞིན་འདུག
རི་བོ་དེའི་ཕག་ན་རི་ཞིག་ངུ་གྱིན་འདུག
ཆུ་བོ་དེའི་དབུས་ན་ཉ་ཞིག་དགོད་ཀྱིན་འདུག
བསིལ་གདུགས་ཚབ་བྱེད་མི་ཐུབ་པའི་བརླན་གཤེར་གྱི་ལྗང་ལོ་དག་གིས
ང་རང་མཐར་སྤྲོད་དུ་བཏང་ནའང་
ངས་ནམ་མཁའ་ལྟ་བུའི       འཇའ་ཚོན་ལྟ་བུའི
ཁྲག་གི་ལོ་མ་ཞིག་འབུས་བར་ངང་སྒུག་བྱེད་ཀྱིན་འདུག
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟིལ་བ།

2012-04-11 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།


ཁ་སང་གི་ཆར་བ་དེས
སྡོང་ལོ་ཡོད་ཚད་བརླན་པར་བྱས་རྗེས
དེ་རིང་ཡང་འདུག་ས་མེད་པའི་གནས་སུ་གྱུར་འདུག
བྱིའུ་ཆུང་ཚང་དུ་མལ་རྗེས
ང་རང་བྱིའུ་ཆུང་དེར་ཅེར་ནས་འདུག་མཁན་ཐོག་མ་རེད།
མི་ཡུལ་དུ་མེ་ཏོག་བཞད་མངའ་བས
མཛེས་སྡུག་གི་ལུས་ཞིག་ད་ལྟའང་ད་དུང་འཁྱམས་བཞིན་འདུག
རི་བོ་དེའི་ཕག་ན་རི་ཞིག་ངུ་གྱིན་འདུག
ཆུ་བོ་དེའི་དབུས་ན་ཉ་ཞིག་དགོད་ཀྱིན་འདུག
བསིལ་གདུགས་ཚབ་བྱེད་མི་ཐུབ་པའི་བརླན་གཤེར་གྱི་ལྗང་ལོ་དག་གིས
ང་རང་མཐར་སྤྲོད་དུ་བཏང་ནའང་
ངས་ནམ་མཁའ་ལྟ་བུའི       འཇའ་ཚོན་ལྟ་བུའི
ཁྲག་གི་ལོ་མ་ཞིག་འབུས་བར་ངང་སྒུག་བྱེད་ཀྱིན་འདུག
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།