ལྭ་བ།


རྟ་ཕོ་དེ་ནི་ལྕགས་ཀྱིས་སྨྱོས་པ་མ་ཡིན་ནམ
ང་ལ་སེར་ཆེན་དང་མཉམ་དུ་སྤྱོད་པའི་རྨི་ལམ་ཞིག་ཡོད་པས་ཆོག
མི་རྣམས་ཁོང་ཁྲོ་ལངས   རྔུལ་ཆུའི་ཐིགས་པ་ལ་ད་དུང་འཐབ་འཁྲུག་རྒྱག
བདེ་བ་དེ་ནི་རླུང་གིས་ཁུར    ཆུ་ཡི་ཐིགས་པ་གཅིག་ཟགས་པ་ལ་སྒྲ་ཞིག་ཡོད་པ་ནས
ལྷན་དུ   ལྷན་དུ   ལྷན་དུ་ལག་པས་བསད    རྐང་བས་མནན་པ་དྲན་ནམ
 
ཡང་བསྐྱར་མི་ཡུལ་དུ་མུན་ནག་དང་ཉི་ཟེར་ཡོད་ལ
ང་ལ་འཁོར་བས་སྐྲུན་པའི་མྱ་ངན་ཐང་ངམ་དེའི་གཉེར་རིས་རེ་རེ
རང་གི་ཚུ་ལེན་དེར་འབྱར་བའི་རྡུལ་ཕྲན་དང
བུ་མོ་གནས་མ་ཞིག་གིས་གསང་བའི་སྒོ་ནས་ང་ལ་ལབ་པ་ནི
ད་ལྟ་རང་ཉིད་ཆེས་སུན་ས་ནི་ཁྱོ་ག་ཟེར་བའི་མི་ཕོ་དབང་ཆེན་དེ
མཚན་མོའི་ལོངས་སྤྱོད་དེ་ཡང    ཐ་ན་དབུགས་ཀྱི་མཐོ་དམའ་ཡང
       ཕྱི་ལོ་༢༠༡༢ལོའི་ཟླ༤བའི་༢ཀྱི་མཚན་མོར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྭ་བ།

2012-04-08 དུག་ཞགས། ཀློག་གྲངས། མཆན ཡོད།


རྟ་ཕོ་དེ་ནི་ལྕགས་ཀྱིས་སྨྱོས་པ་མ་ཡིན་ནམ
ང་ལ་སེར་ཆེན་དང་མཉམ་དུ་སྤྱོད་པའི་རྨི་ལམ་ཞིག་ཡོད་པས་ཆོག
མི་རྣམས་ཁོང་ཁྲོ་ལངས   རྔུལ་ཆུའི་ཐིགས་པ་ལ་ད་དུང་འཐབ་འཁྲུག་རྒྱག
བདེ་བ་དེ་ནི་རླུང་གིས་ཁུར    ཆུ་ཡི་ཐིགས་པ་གཅིག་ཟགས་པ་ལ་སྒྲ་ཞིག་ཡོད་པ་ནས
ལྷན་དུ   ལྷན་དུ   ལྷན་དུ་ལག་པས་བསད    རྐང་བས་མནན་པ་དྲན་ནམ
 
ཡང་བསྐྱར་མི་ཡུལ་དུ་མུན་ནག་དང་ཉི་ཟེར་ཡོད་ལ
ང་ལ་འཁོར་བས་སྐྲུན་པའི་མྱ་ངན་ཐང་ངམ་དེའི་གཉེར་རིས་རེ་རེ
རང་གི་ཚུ་ལེན་དེར་འབྱར་བའི་རྡུལ་ཕྲན་དང
བུ་མོ་གནས་མ་ཞིག་གིས་གསང་བའི་སྒོ་ནས་ང་ལ་ལབ་པ་ནི
ད་ལྟ་རང་ཉིད་ཆེས་སུན་ས་ནི་ཁྱོ་ག་ཟེར་བའི་མི་ཕོ་དབང་ཆེན་དེ
མཚན་མོའི་ལོངས་སྤྱོད་དེ་ཡང    ཐ་ན་དབུགས་ཀྱི་མཐོ་དམའ་ཡང
       ཕྱི་ལོ་༢༠༡༢ལོའི་ཟླ༤བའི་༢ཀྱི་མཚན་མོར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།