དུས་རབས.སྨད་འཚོང་མའི་བཅོས་འཛུམ།༼སྙན་ཚོམ༽

རྨེ་ཆུའི་རིན་རྡོར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-08


       གཤིན་ཐང་གི་མྱོང་བ། 

དུས་ཚོད་ཀྱི་ཐག་སྒྲས་ཚེ་སྲོག་བསྐྱོན་ཉིན་ནས
ང་ཚོ་སྐྱོ་གདུང་དང་བཅས་ཏེ་གཤིན་ཐང་ན་ཡོད
གཤིན་ཐང་གི་སྨིག་རྒྱུའི་ཀློང་ན
ནད་ཡམས་དང་ཚ་གདུག་མྱོང་བཞིན་ཡོད
 
སུ་ཡང་ཅ་ལག་ཏུ་བརྩིས་ཚར་བའི་རྗེས་སུ
ང་ཚོས་སྒྱུ་འཕྲུལ་གྱིས་མདུད་པའི་གབ་ཚིག་གི་སྒྱེ་མོ་རེ་རེ
རང་སེམས་ཀྱི་དོ་ཆ་རུ་བརྩིགས་ཏེ་ཡིད་སེམས་གསོ་དགོས་བྱུང
ཐབ་མེ་བཞིན
 
      དུས་རབས་རྙེད་པ།
 
སྨད་ཚོང་ཁང་ན   བདེ་སྦྱིན་མའི
མིག་ཟུང་གི་སྐར་མདའ་ཡོད
གྲོལ་བའི་འཛུམ་ཆུང་ཡོད
 
སྨད་ཚོང་ཁང་དུ་ལོག་རྗེས
ལུས་ཀྱི་བ་སྤུ་རེ་རེས་མཉམ་འུར་གྱིས
བདེ་སྦྱིན་མ བདེ་སྦྱིན་མ་ཟེར་གིན་འདུག
བར་སྐབས་དེར ཁྱོན་ནས་འཐོམས་སྦྲིད་དུ་གྱུར་སོང
 
གཞི་ནས་སད་དུས
ངས་བདེ་སྦྱིན་མའི་ངོ་གདོང་ལ་བལྟས་ཏེ
དངུལ་ལོ་བརྩི་བཞིན་འདུག
བདེ་སྦྱིན་མས་དངུལ་ལོ་གྲབས་གསོག་བརྒྱབ་སྟེ
རྒྱུས་མེད་དུ་གྱུར་རྗེས ངས་གློ་བུར་དུ
སུས་ཀྱང དུས་རབས་འདིའི་སྒལ་སྟེང་ན
དངུལ་ལོ་བརྩི་བཞིན་པ་ཚོར
 
ལམ་བར་ནས ངས་ད་དུང
བདེ་སྦྱིན་མ དུས་རབས བདེ་སྦྱིན་མ དུས་རབས་ཞེས
ཡང་ཡང་བཟློ་བཞིནའདུག
 
      མི་ངོམས་པའི་གསེབ་དུ།
 
མི་ངོམས་པ་དེ་སྒྱེ་ཞིག་ཡིན་པའི་དབང་དུ་བཏང་ན
དེའི་ནང་དུ་བཅུག་པའི་དངོས་པོ་དེ་དག་སྔོན་ནས་རུལ་འདུག
 
སླར་ཡང  དངོས་པོ་གསར་བ་ཞིག་ལ་རེ་བ་འཆའ་བཞིན་ཡོད
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་རབས.སྨད་འཚོང་མའི་བཅོས་འཛུམ།༼སྙན་ཚོམ༽

2012-04-08 རྨེ་ཆུའི་རིན་རྡོར། ཀློག་གྲངས། མཆན ཡོད།


       གཤིན་ཐང་གི་མྱོང་བ། 

དུས་ཚོད་ཀྱི་ཐག་སྒྲས་ཚེ་སྲོག་བསྐྱོན་ཉིན་ནས
ང་ཚོ་སྐྱོ་གདུང་དང་བཅས་ཏེ་གཤིན་ཐང་ན་ཡོད
གཤིན་ཐང་གི་སྨིག་རྒྱུའི་ཀློང་ན
ནད་ཡམས་དང་ཚ་གདུག་མྱོང་བཞིན་ཡོད
 
སུ་ཡང་ཅ་ལག་ཏུ་བརྩིས་ཚར་བའི་རྗེས་སུ
ང་ཚོས་སྒྱུ་འཕྲུལ་གྱིས་མདུད་པའི་གབ་ཚིག་གི་སྒྱེ་མོ་རེ་རེ
རང་སེམས་ཀྱི་དོ་ཆ་རུ་བརྩིགས་ཏེ་ཡིད་སེམས་གསོ་དགོས་བྱུང
ཐབ་མེ་བཞིན
 
      དུས་རབས་རྙེད་པ།
 
སྨད་ཚོང་ཁང་ན   བདེ་སྦྱིན་མའི
མིག་ཟུང་གི་སྐར་མདའ་ཡོད
གྲོལ་བའི་འཛུམ་ཆུང་ཡོད
 
སྨད་ཚོང་ཁང་དུ་ལོག་རྗེས
ལུས་ཀྱི་བ་སྤུ་རེ་རེས་མཉམ་འུར་གྱིས
བདེ་སྦྱིན་མ བདེ་སྦྱིན་མ་ཟེར་གིན་འདུག
བར་སྐབས་དེར ཁྱོན་ནས་འཐོམས་སྦྲིད་དུ་གྱུར་སོང
 
གཞི་ནས་སད་དུས
ངས་བདེ་སྦྱིན་མའི་ངོ་གདོང་ལ་བལྟས་ཏེ
དངུལ་ལོ་བརྩི་བཞིན་འདུག
བདེ་སྦྱིན་མས་དངུལ་ལོ་གྲབས་གསོག་བརྒྱབ་སྟེ
རྒྱུས་མེད་དུ་གྱུར་རྗེས ངས་གློ་བུར་དུ
སུས་ཀྱང དུས་རབས་འདིའི་སྒལ་སྟེང་ན
དངུལ་ལོ་བརྩི་བཞིན་པ་ཚོར
 
ལམ་བར་ནས ངས་ད་དུང
བདེ་སྦྱིན་མ དུས་རབས བདེ་སྦྱིན་མ དུས་རབས་ཞེས
ཡང་ཡང་བཟློ་བཞིནའདུག
 
      མི་ངོམས་པའི་གསེབ་དུ།
 
མི་ངོམས་པ་དེ་སྒྱེ་ཞིག་ཡིན་པའི་དབང་དུ་བཏང་ན
དེའི་ནང་དུ་བཅུག་པའི་དངོས་པོ་དེ་དག་སྔོན་ནས་རུལ་འདུག
 
སླར་ཡང  དངོས་པོ་གསར་བ་ཞིག་ལ་རེ་བ་འཆའ་བཞིན་ཡོད
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།