མི་ལ་རས་པ་དང་ངའི་ཡུལ་མི་ཚོ།

རྣམ་གླིང་རིན་ཆེན།༼གཞིས་ཀ་རྩེ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-30


ཡུལ་མི་ཚོས་ཟེར་ན།  
ཕ་རོལ་གྱི་སྦོམ་མཚོའི་རི་དེར་སྐོར་བ་བདུན་བརྒྱབ་ན
ཤི་དམྱལ་ཁམས་བཅོ་བརྒྱད་ཀྱི་སྡུག་བསྔལ་གཉའ་བར་འཁུར་མི་དགོས་ཤིང
ཚེ་ཕྱི་མ་མི་ལུས་རིན་ཆེན་ཐོབ་པར་ཐེ་ཚོམ་མེད་ཟེར
བགྲེས་སོང་གི་ངག་སྒྲོས་ལྟར་ན
ཕ་ཡུལ་གྱི་མི་ལའི་སྒྲུབ་ཕུག་ནང་གོམ་ཁ་བསྒྱུར་ན
ཁྱེད་ཀྱི་སྡིག་ཉེས་ཚོགས་བསགས་ཅི་ཙམ་ཡིན་པ་མཛུབ་མོས་བགྲང་ནུས་ཟེར
ད་དུང    ཁུ་ལུང་ཞེས་པའི་གྲོང་ཚོ་དེ་ན
ཁུ་ལུང་ཡོན་ཏན་རྒྱ་མཚོར་འབོད་པའི་མེས་པོ་ཞིག་ཡོད་ཚུལ་གླེང
ཁོ་ལ་སེར་བ་མཛུབ་ཁྲིད་གདམས་ངག་གི་རྫུ་འཕྲུལ་ཡོད་ཚུལ་བཤད
ཆུང་དུས    ངས་པཱ་ཕར་མི་ལ་རས་པ་ནི་རས་པ་ཞིག་ཡིན་མིན་འདྲི་དུས
པྰ་ཕས་མྱུར་མོར་ངའི་ཁ་བཀག་སྟེ་ཁ་སྡིགས་མ་གསོག་ཟེར
ཁོང་ནི་མི་ཡུལ་གྱི་སངས་རྒྱས་གསོན་པོ་ཡིན་ཚུལ་ལབ
གཞོན་དུས    
དགེ་རྒན་གྱིས་ཁོང་ནི་ལྕགས་ཀྱི་མི་ལ་ཟངས་ཀྱི་སྙིང་མངའ་བའི་ཨ་ཕོ་མཐུ་ཆེན་ཡིན་ཚུལ་གསུངས
ངའི་ཕུ་ནུ་མིང་སྲིང་ཚོ
ཉིན་དང་མཚན་བརྒྱུད་ནས
མི་ལ་ཞེས་པའི་གུང་ཐང་གི་ཨ་ཕོ་ཞིག་སེམས་ཀྱིས་འཚོལ་གྱིན་འདུག
ཟླ་དང་ལོ་ངོ་སྙེགས་ནས་ཁོ་རྨི་ལམ་ནང་རྨིས་གྱིན་འདུག
མཆུ་དང་མཆུ་ཡི་བར་ནས་ཁོ་མ་ཎི་བཞིན་བགྲང་གིན་འདུག
ངའི་ཡུལ་མི་ཚོས་གནས་འདིར་བརྗོད་མི་ཚར་བའི་མི་ལའི་གཏམ་རྒྱུད་བྲིས་ཤིང
ཁོ་ཚོའི་རྔུལ་ཁྲག་གི་ཐིགས་པ་གྲངས་ལས་འདས་པ་ཞིག་གནས་དེར་སིམ་ཡོད་ལ
ཁོ་ཚོའི་ཞབས་རྗེས་དུ་མ་སྦོམ་མཚོའི་རི་དེའི་ཕང་བར་ཐིམས་ཡོད་ཨང

ལོ་རེ་རེ་བཞིན་འདས་སོང
ཁོ་ཚོའི་བུ་རབས་ཚ་རྒྱུད་དག་སྔར་བཞིན་མི་ལའི་གཏམ་རྒྱུད་ཁྲོད་ནར་སོན་བྱུང་ལ
མེས་པོ་དེའི་ཞབས་རྗེས་ཁྲོད་དལ་བ་དལ་བུར     
ནུབ་ཁའི་མཚམས་སྤྲིན་དང་འགྲོགས་ནས་ཆུ་ལྷའི་ཕང་བར་ཐིམས་འགྲོ་ངེས
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ལ་རས་པ་དང་ངའི་ཡུལ་མི་ཚོ།

2012-03-30 རྣམ་གླིང་རིན་ཆེན།༼གཞིས་ཀ་རྩེ༽ ཀློག་གྲངས། མཆན ཡོད།


ཡུལ་མི་ཚོས་ཟེར་ན།  
ཕ་རོལ་གྱི་སྦོམ་མཚོའི་རི་དེར་སྐོར་བ་བདུན་བརྒྱབ་ན
ཤི་དམྱལ་ཁམས་བཅོ་བརྒྱད་ཀྱི་སྡུག་བསྔལ་གཉའ་བར་འཁུར་མི་དགོས་ཤིང
ཚེ་ཕྱི་མ་མི་ལུས་རིན་ཆེན་ཐོབ་པར་ཐེ་ཚོམ་མེད་ཟེར
བགྲེས་སོང་གི་ངག་སྒྲོས་ལྟར་ན
ཕ་ཡུལ་གྱི་མི་ལའི་སྒྲུབ་ཕུག་ནང་གོམ་ཁ་བསྒྱུར་ན
ཁྱེད་ཀྱི་སྡིག་ཉེས་ཚོགས་བསགས་ཅི་ཙམ་ཡིན་པ་མཛུབ་མོས་བགྲང་ནུས་ཟེར
ད་དུང    ཁུ་ལུང་ཞེས་པའི་གྲོང་ཚོ་དེ་ན
ཁུ་ལུང་ཡོན་ཏན་རྒྱ་མཚོར་འབོད་པའི་མེས་པོ་ཞིག་ཡོད་ཚུལ་གླེང
ཁོ་ལ་སེར་བ་མཛུབ་ཁྲིད་གདམས་ངག་གི་རྫུ་འཕྲུལ་ཡོད་ཚུལ་བཤད
ཆུང་དུས    ངས་པཱ་ཕར་མི་ལ་རས་པ་ནི་རས་པ་ཞིག་ཡིན་མིན་འདྲི་དུས
པྰ་ཕས་མྱུར་མོར་ངའི་ཁ་བཀག་སྟེ་ཁ་སྡིགས་མ་གསོག་ཟེར
ཁོང་ནི་མི་ཡུལ་གྱི་སངས་རྒྱས་གསོན་པོ་ཡིན་ཚུལ་ལབ
གཞོན་དུས    
དགེ་རྒན་གྱིས་ཁོང་ནི་ལྕགས་ཀྱི་མི་ལ་ཟངས་ཀྱི་སྙིང་མངའ་བའི་ཨ་ཕོ་མཐུ་ཆེན་ཡིན་ཚུལ་གསུངས
ངའི་ཕུ་ནུ་མིང་སྲིང་ཚོ
ཉིན་དང་མཚན་བརྒྱུད་ནས
མི་ལ་ཞེས་པའི་གུང་ཐང་གི་ཨ་ཕོ་ཞིག་སེམས་ཀྱིས་འཚོལ་གྱིན་འདུག
ཟླ་དང་ལོ་ངོ་སྙེགས་ནས་ཁོ་རྨི་ལམ་ནང་རྨིས་གྱིན་འདུག
མཆུ་དང་མཆུ་ཡི་བར་ནས་ཁོ་མ་ཎི་བཞིན་བགྲང་གིན་འདུག
ངའི་ཡུལ་མི་ཚོས་གནས་འདིར་བརྗོད་མི་ཚར་བའི་མི་ལའི་གཏམ་རྒྱུད་བྲིས་ཤིང
ཁོ་ཚོའི་རྔུལ་ཁྲག་གི་ཐིགས་པ་གྲངས་ལས་འདས་པ་ཞིག་གནས་དེར་སིམ་ཡོད་ལ
ཁོ་ཚོའི་ཞབས་རྗེས་དུ་མ་སྦོམ་མཚོའི་རི་དེའི་ཕང་བར་ཐིམས་ཡོད་ཨང

ལོ་རེ་རེ་བཞིན་འདས་སོང
ཁོ་ཚོའི་བུ་རབས་ཚ་རྒྱུད་དག་སྔར་བཞིན་མི་ལའི་གཏམ་རྒྱུད་ཁྲོད་ནར་སོན་བྱུང་ལ
མེས་པོ་དེའི་ཞབས་རྗེས་ཁྲོད་དལ་བ་དལ་བུར     
ནུབ་ཁའི་མཚམས་སྤྲིན་དང་འགྲོགས་ནས་ཆུ་ལྷའི་ཕང་བར་ཐིམས་འགྲོ་ངེས
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།