ལྷ་སྒྲུང་དང་མཉམ་དུ་འཆི་བའི་ང་ཚོ།

རྣམ་གླིང་རིན་ཆེན།༼གཞིས་ཀ་རྩེ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-30


ལྷ་སྒྲུང་ཞིག་གི་མངལ་ལས་བཙས་ཤིང
གནའ་གཏམ་ཞིག་གི་མཇུག་མར་འཁྱུད་ནས་འཚོ་བའི་ཁོ་ཚོ
བཞུད་ཟིན་པའི་རྨི་ལམ་ཧྲལ་ཧྲུལ་ཞིག་གི་བརྗོད་བྱ་སྤྱི་བོའི་རྒྱན་དུ་བརྒྱན་ཞོར
རྨི་ལམ་དང་ཕུགས་འདུན་ཡོད་དོ་ཅོག་རླུང་རྟར་བཅོལ    

སྐབས་རེ    གླུ་ངག་གི་དབྱངས་རྟས་གནམ་ས་སྒུལ་ཅིང
སྐབས་རེ     སྨྲེ་སྔག་གི་འཁུན་སྒྲས་རི་ཀླུང་འདར
སྐབས་རེ      རླུང་གིས་འཁུར་འོངས་པའི་བྱ་སྒྲོ་ཇི་བཞིན
                ཁ་ཕྱོགས་འཛོལ་ནས་གང་སར་མྱུལ་ཅིང
སྐབས་རེ       སྨུག་ཀློང་ཁྲོད་ཀྱི་རྫི་བོ་ཇི་བཞིན
                རི་འདབས་ཀྱི་ཁུགས་སོ་ཞིག་ན་རྙི་ལ་ཚུད
ཁོ་ཚོས     ཆང་དང་བུད་མེད་ཁྲོད་མི་རིགས་གླེང་ཞིང
                  མིང་གྲགས་དང་ཁེ་ཕན་ཆེད་ལ་རྒྱ་སྨྲ
                  གནམ་ཆེན་པོའི་བཀའ་དྲིན་ཁོ་ཚོས་དཔོག་པར་དཀའ་ཞིང
                 ས་ཆེན་པོའི་རིན་ཐང་ཁོ་ཚོས་ཚོར་བར་དཀའ
                 མི་ཚེ་ཞེས་པའི་ཐ་སྙད་ལྕི་མོ་དེའི་མཚན་ཉིད་ཁོ་ཚོས་རྟོགས་པར་དཀའ་ཞིང་
                 འཚོ་བ་ཞེས་པའི་སྣང་བརྙན་དེའི་བྲོ་ཉམས་ཁོ་ཚོས་ཉམས་སུ་མྱོང་དཀའ
                 མི་ཚེའི་གར་སྟེགས་སྟེང་ཆེས་གཡའ་དག་པའི་གླང་རྫི་བ་རྗེས་མ་དེ་ཁོ་ཚོ་རེད་ལ
                 ཆེས་ངུ་བྲོ་བའི་སྐྱོ་གར་མཁན་ཡང་ཁོ་ཚོ་ཡིན་སྲིད
དེ་ནས་བཟུང     ཁོ་ཚོའི་མིག་ཆུ་སྣ་ཡི་གྲོག་ཤུར་བརྒྱུད་ནས
                   མཐར་ཡར་ཀླུང་གཙང་པོའི་ཕང་བར་ཐིམས
ཁོ་ཚོ           གློག་འོད་དབེན་པའི་རི་གྲོང་གི་ཁུགས་སོ་ཞིག་ན་ཁུ་སིམ་ངང་འཚོ་ཞིང  
ནམ་ཞིག       དགུན་གྱི་ཁུ་བྱུག་དང་འགྲོགས་ནས་ཁུ་སིམ་ངང་བུད་ངེས
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་སྒྲུང་དང་མཉམ་དུ་འཆི་བའི་ང་ཚོ།

2012-03-30 རྣམ་གླིང་རིན་ཆེན།༼གཞིས་ཀ་རྩེ༽ ཀློག་གྲངས། མཆན ཡོད།


ལྷ་སྒྲུང་ཞིག་གི་མངལ་ལས་བཙས་ཤིང
གནའ་གཏམ་ཞིག་གི་མཇུག་མར་འཁྱུད་ནས་འཚོ་བའི་ཁོ་ཚོ
བཞུད་ཟིན་པའི་རྨི་ལམ་ཧྲལ་ཧྲུལ་ཞིག་གི་བརྗོད་བྱ་སྤྱི་བོའི་རྒྱན་དུ་བརྒྱན་ཞོར
རྨི་ལམ་དང་ཕུགས་འདུན་ཡོད་དོ་ཅོག་རླུང་རྟར་བཅོལ    

སྐབས་རེ    གླུ་ངག་གི་དབྱངས་རྟས་གནམ་ས་སྒུལ་ཅིང
སྐབས་རེ     སྨྲེ་སྔག་གི་འཁུན་སྒྲས་རི་ཀླུང་འདར
སྐབས་རེ      རླུང་གིས་འཁུར་འོངས་པའི་བྱ་སྒྲོ་ཇི་བཞིན
                ཁ་ཕྱོགས་འཛོལ་ནས་གང་སར་མྱུལ་ཅིང
སྐབས་རེ       སྨུག་ཀློང་ཁྲོད་ཀྱི་རྫི་བོ་ཇི་བཞིན
                རི་འདབས་ཀྱི་ཁུགས་སོ་ཞིག་ན་རྙི་ལ་ཚུད
ཁོ་ཚོས     ཆང་དང་བུད་མེད་ཁྲོད་མི་རིགས་གླེང་ཞིང
                  མིང་གྲགས་དང་ཁེ་ཕན་ཆེད་ལ་རྒྱ་སྨྲ
                  གནམ་ཆེན་པོའི་བཀའ་དྲིན་ཁོ་ཚོས་དཔོག་པར་དཀའ་ཞིང
                 ས་ཆེན་པོའི་རིན་ཐང་ཁོ་ཚོས་ཚོར་བར་དཀའ
                 མི་ཚེ་ཞེས་པའི་ཐ་སྙད་ལྕི་མོ་དེའི་མཚན་ཉིད་ཁོ་ཚོས་རྟོགས་པར་དཀའ་ཞིང་
                 འཚོ་བ་ཞེས་པའི་སྣང་བརྙན་དེའི་བྲོ་ཉམས་ཁོ་ཚོས་ཉམས་སུ་མྱོང་དཀའ
                 མི་ཚེའི་གར་སྟེགས་སྟེང་ཆེས་གཡའ་དག་པའི་གླང་རྫི་བ་རྗེས་མ་དེ་ཁོ་ཚོ་རེད་ལ
                 ཆེས་ངུ་བྲོ་བའི་སྐྱོ་གར་མཁན་ཡང་ཁོ་ཚོ་ཡིན་སྲིད
དེ་ནས་བཟུང     ཁོ་ཚོའི་མིག་ཆུ་སྣ་ཡི་གྲོག་ཤུར་བརྒྱུད་ནས
                   མཐར་ཡར་ཀླུང་གཙང་པོའི་ཕང་བར་ཐིམས
ཁོ་ཚོ           གློག་འོད་དབེན་པའི་རི་གྲོང་གི་ཁུགས་སོ་ཞིག་ན་ཁུ་སིམ་ངང་འཚོ་ཞིང  
ནམ་ཞིག       དགུན་གྱི་ཁུ་བྱུག་དང་འགྲོགས་ནས་ཁུ་སིམ་ངང་བུད་ངེས
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།