གནའ་མི་ཞིག་དྲན་ཚུལ།

རྣམ་གླིང་རིན་ཆེན།༼གཞིས་ཀ་རྩེ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-30

འོད་གསལ་ལྷ་ལས་མཆེད་པར་གྲགས་པའི་གནའ་མི་ཞིག
ཁ་དོག་སྣ་ལྔའི་འཇའ་ཚོན་ལུས་ལ་བསྣབས་ནས
འཕུར་བགྲོད་རྟགས་ཅན་གྱི་རྨུ་ཐག་གིི་རྟ་ཕོར་བཅིབས་ནས
ཡར་ཀླུང་ཞེས་པའི་གནའ་བོའི་ཚོ་བ་ཞིག་གི་ཡུལ་དུ་བྱོན་པ་ནས་བཟུང
ཡུམ་བུ་བརླ་མཁར་ཞེས་པའི་མེ་ཏོག་ཆུང་ངུ་ཞིག
སྤྲེའུ་ཚོགས་ཀྱི་རྩེད་ཐང་ཡིན་པའི་ཁ་བའི་ཁྲོད་རིམ་གྱིས་ཞལ་ཁ་ཕྱེས

གནའ་མི་དེས
ཞི་བའི་གད་རྒྱངས་འབྲུག་ལ་འགྲན་ནས
དྲག་པོའི་དཔའ་དམ་དགུང་ལ་འཕྱར་ནས
ཁ་འཐོར་དགུ་འཐོར་དུ་གནས་པའི་མཐའ་བཞིའི་བུང་བ་གཅིག་ཏུ་བསྡུས་ཏེ
གངས་དཀར་ཨ་མའི་ཕང་བ་དྲོན་མོར་གཅིག་གྱུར་གྱི་ཁྱིམ་གཞིས་ཤིག་མིག་ཆུས་བསྐྲུན་པར་བཤད

དེ་ནས་བཟུང      
ཁོ་ཚོས་གནས་འདིར་བརྗོད་ལས་འདས་པའི་མཚར་སྡུག་གི་གནའ་གཏམ་སྣ་ཚོགས་སེམས་ཀྱིས་བྲིས་ཤིང
སའི་གོ་ལའི་སྤྱི་བོར་གཟི་བྱིན་ཕྱོགས་བཅུར་འབར་བའིི་དྲན་ཤིང་ཡང་བཙུགས་པར་བཤད
གངས་རི་དང་རྩྭ་ཐང་གི་ཕང་བར
རྟ་ནོར་ལུག་གསུམ་གྱི་སྒོ་ཟོག་དུ་མ་བག་ཡངས་ངང་རྒྱུ་ཞིང
ཁོ་ཚོས    ནམ་ཡང་བཀྲུས་ནས་མ་དག་པའི་འོད་སྟོང་གི་ལོ་རྒྱུས་ཁྲག་གིས་བྲིས་ཡོད་ཚུལ་བརྗོད
འོན་ཀྱང      ཁ་སང་དེ་རིང
རི་བོ་སྨུག་པས་གཡོགས་ཤིང
སེམས་པ་མཆི་མས་བརླན་སོང
ངའི་མེས་པོའི་དཔྲལ་བར་གཉེར་མའི་དྲ་བས་བཅིངས་འདུག
ཁོང་གི་སྤྱན་ཟུང་སྤྲིན་ནག་གིས་བསྒྲིབས་ནས་རབ་རིབ་ཏུ་གྱུར་འདུག
མེས་པོ་ལགས     ཁྱེད་ཀྱི་མཚར་སྡུག་གི་བཞིན་རས་ད་ཆ་སྐྱ་བོར་གྱུར་དོན་ཅི
སྔོན་ཆད་ཀྱི་དགོད་སྒྲ་རེ་རེ་དེ་རིང་གི་མིག་ཆུ་རེ་རེར་གྱུར་དོན་ཅི

མེས་པོ་ལགས་གཟིགས་དང      
དུས་ད་ཆ     གངས་རིའི་ཕྲེང་བ་དག་ལས་མིག་ཆུའི་ཆུ་ཀློང་དྲག་ཏུ་བརྡོལ་ཅིང
གཙང་ཆུ་སྔོན་མོའི་རླབས་ཕྲེང་དག་ལས་སྐྱོ་གདུང་གི་ཟེགས་མ་མཁའ་ལ་འཐོར
མེས་པོ་ལགས      དུས་ད་ལྟ      ངས་རང་ཉིད་ཀྱི་འཚོ་བ་གླེན་པར་ཚིག་པ་ཟོས་ཤིང་
ལྗན་ལྗིན་དུ་གྱུར་བའི་ཕུགས་བསམ་སྨྱོན་པར་ཁ་རྡུང་ཤོར
མེས་པོ་ལགས     གནའ་བོའི་མི་རབས་ཤིག་གི་རྟ་ཕོའི་སྲབ་ཁ་འཐེན་སའི་ཡུལ་ལུང་དེ་ནས
ངས་ཁྱེད་ལྷག་པར་དྲན་འོང
ཁྱེད་ཀྱི་རྟ་ཕོའི་རྨིག་སྒྲ་དང་འཚེར་སྐད་དྲན་འོང
ད་དུང     ཁྱེད་ཀྱི་ཐུ་འོག་ལས་འཚར་ལོངས་བྱུང་བའི་སྔར་སོང་གི་ཕུ་ནུ་མིང་སྲིང་ཚོའི་དགོད་སྒྲ་དྲན་འོང
དེ་རིང་ངའི་མཐོང་ལམ་དུ་གྱུར་བ་ནི
 སྨུག་ཀློང་ཁྲོད་གྲང་འདར་རྒྱག་བཞིན་པའི་གངས་རིའི་གཙུག་རྒྱན་དེ་དང
གཉེར་མས་ཁེངས་པའི་ལོ་མ་གསེབ་ན་ཡམ་ཡོམ་ངང་སྒུལ་བཞིན་པའི་ཐག་རིང་གི་སྦྲ་ནག་དེའོ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གནའ་མི་ཞིག་དྲན་ཚུལ།

2012-03-30 རྣམ་གླིང་རིན་ཆེན།༼གཞིས་ཀ་རྩེ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།