སྲིད་པའི་སྙན་ངག་འཐོར་ཚུལ།


རྟོགས་ལྡན་བླ་མའི་མགུར་གླུར།།
རོལ་མའི་ཟུག་མིག་ཐེབས་སོང་།།
ཕྱག་རྒྱའི་ཆོ་ག་རེ་རེ།།
གར་མའི་པང་ལ་ལྷུང་སོང་།།

ཚངས་དབྱངས་ལུང་བསྟན་གསང་གླུ།།
བརྩེ་བའི་འཕྲིན་དུ་འགྱུར་སོང་།།
གླིང་སྒྲུང་ཐོས་བ་ཀུན་དགའ།།
རྩ་བ་གཞན་ལ་ཤོར་སོང་།།

མེ་ལོང་དཔག་བསམ་ལྗོན་པ།།
ནང་དགྲ་འབུ་ཡིས་ཟིན་སོང་།།
སྲིད་པའི་གཏམ་དང་བཤད་པ།།
ཆུ་དང་ཆར་བའི་འཇིག་སོང་།།

ཨ་ཕའི་ཇག་གླུ་རིང་མོར།།
བུ་ཡིས་ཤར་དུ་འཕངས་སོང་།།
ཨ་མའི་བཞོ་གླུ་སྙན་མོ།།
བུ་མོས་ནུབ་དུ་གཡུགས་སོང་།།

སྡེ་ཆེན་རྩེད་ར་མི་ཚོགས།།
གླུ་དང་ལ་གཞས་མི་ལེན།།
འདོད་གཏམ་གདངས་དབྱངས་ལྕི་མོ།།
རླུང་དང་བསེར་བུས་མ་ཐེག །

སྲིད་པའི་སྙན་ངག་འཐོར་ཚུལ།།
སུ་དང་གང་ལ་མ་འདྲི།།
གསལ་བཤད་སུམ་ཅུར་དྲིས་དང་།།
མིག་ཆུའི་ལན་ཞིག་བདབས་འོངས།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲིད་པའི་སྙན་ངག་འཐོར་ཚུལ།

2012-03-28 མདོ་མེད་པ་ཁ་དྲག ཀློག་གྲངས། མཆན ཡོད།


རྟོགས་ལྡན་བླ་མའི་མགུར་གླུར།།
རོལ་མའི་ཟུག་མིག་ཐེབས་སོང་།།
ཕྱག་རྒྱའི་ཆོ་ག་རེ་རེ།།
གར་མའི་པང་ལ་ལྷུང་སོང་།།

ཚངས་དབྱངས་ལུང་བསྟན་གསང་གླུ།།
བརྩེ་བའི་འཕྲིན་དུ་འགྱུར་སོང་།།
གླིང་སྒྲུང་ཐོས་བ་ཀུན་དགའ།།
རྩ་བ་གཞན་ལ་ཤོར་སོང་།།

མེ་ལོང་དཔག་བསམ་ལྗོན་པ།།
ནང་དགྲ་འབུ་ཡིས་ཟིན་སོང་།།
སྲིད་པའི་གཏམ་དང་བཤད་པ།།
ཆུ་དང་ཆར་བའི་འཇིག་སོང་།།

ཨ་ཕའི་ཇག་གླུ་རིང་མོར།།
བུ་ཡིས་ཤར་དུ་འཕངས་སོང་།།
ཨ་མའི་བཞོ་གླུ་སྙན་མོ།།
བུ་མོས་ནུབ་དུ་གཡུགས་སོང་།།

སྡེ་ཆེན་རྩེད་ར་མི་ཚོགས།།
གླུ་དང་ལ་གཞས་མི་ལེན།།
འདོད་གཏམ་གདངས་དབྱངས་ལྕི་མོ།།
རླུང་དང་བསེར་བུས་མ་ཐེག །

སྲིད་པའི་སྙན་ངག་འཐོར་ཚུལ།།
སུ་དང་གང་ལ་མ་འདྲི།།
གསལ་བཤད་སུམ་ཅུར་དྲིས་དང་།།
མིག་ཆུའི་ལན་ཞིག་བདབས་འོངས།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།