མ་འོངས་ཟེར་བའི་རྒྱང་རིང་གི་གནས་ཤིག་དྲན་ཡོད།


མདུན་ཕྱོགས་ན་མི་མངོན་པའི་དབྱིངས་ཤིག
སྤྲིན་པ་དང་ལུག་ཁྱུ་མཉམ་བགྲོད་རེད།
རྟ་མཆོག་བཅིབས་ཤིང་གླུ་སྐད་འཇོ་བའི་བུ་ཕོ་དེ།
རྨི་ལམ་དུ་ཤར་བའི་རང་ཉིད་དང་ཇི་འདྲའི་འདྲ་འང་།

སུས་ཀྱང་ཚོར་གྱིན་མེད་པའི་སེམས་པ།
ཤུགས་ཀྱིས་ལྡིང་ནས།   སྟོབས་ཀྱིས་མཆོངས་རུང་།
རྒྱུད་སྐུད་ལས་ཆད་པ་ལྟ་བུའི་དབྱངས་འགྲོས་ཤིག་དཀྲོལ་ཐུབ་གྱིན་མི་འདུག

མུན་པའི་གསེབ་ན་མིག་ཟུང་ཞིག་ཚུར་ལ་ཕྱོགས་འདུག
མིག་གོང་ན་བསྡུས་པའི་སྨིན་མ།
བྱ་རྒྱལ་ལྡིང་བའི་གཤོག་ཟུང་དང་འདྲ་གི
གཤོག་སྣེ་ན་འོད་ཀྱི་ཐིག་ལེ་ཞིག
མཁའ་རུ་ཆད་པའི་སྐར་མདའ་རུ་འཁྲུལ་འགྲོ

དྲན་པའི་འཆར་སྒོ་སྡོམ་དྲ་ལྟར་འཕྱིངས་ཀྱང་།
དམ་བཅའ་ཡི་རས་སྐུད་ས་ལ་བརྡབས་པའི་ལྕགས་ཕུར་ལ་བཏགས་ཏེ།
མ་འོངས་ཟེར་བའི་རྒྱང་རིང་གི་གནས་ཤིག་དྲན་ཡོད།
གནས་དེ་ནི་བརྗེད་མི་ཐུབ་པའི་རི་རབ་ཅིག
མུད་མི་ཐུབ་པའི་ཆུ་ཐིགས་ཤིག
ལྐོག་གྱུར་གྱི་གསང་བ།   
རབ་རིབ་ཀྱི་སྣང་བརྙན།
ད་དུང་་་་་་་་་་

     ༢༠༡༢ལོའི་ཟླ ༣ པའི་ཚེས་༡༧་སྟེ་གཉིད་མི་ཁུགས་པའི་མཚན་མོ་ཞིག་ལ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མ་འོངས་ཟེར་བའི་རྒྱང་རིང་གི་གནས་ཤིག་དྲན་ཡོད།

2012-03-20 ནམ་ལང་། ཀློག་གྲངས། མཆན ཡོད།


མདུན་ཕྱོགས་ན་མི་མངོན་པའི་དབྱིངས་ཤིག
སྤྲིན་པ་དང་ལུག་ཁྱུ་མཉམ་བགྲོད་རེད།
རྟ་མཆོག་བཅིབས་ཤིང་གླུ་སྐད་འཇོ་བའི་བུ་ཕོ་དེ།
རྨི་ལམ་དུ་ཤར་བའི་རང་ཉིད་དང་ཇི་འདྲའི་འདྲ་འང་།

སུས་ཀྱང་ཚོར་གྱིན་མེད་པའི་སེམས་པ།
ཤུགས་ཀྱིས་ལྡིང་ནས།   སྟོབས་ཀྱིས་མཆོངས་རུང་།
རྒྱུད་སྐུད་ལས་ཆད་པ་ལྟ་བུའི་དབྱངས་འགྲོས་ཤིག་དཀྲོལ་ཐུབ་གྱིན་མི་འདུག

མུན་པའི་གསེབ་ན་མིག་ཟུང་ཞིག་ཚུར་ལ་ཕྱོགས་འདུག
མིག་གོང་ན་བསྡུས་པའི་སྨིན་མ།
བྱ་རྒྱལ་ལྡིང་བའི་གཤོག་ཟུང་དང་འདྲ་གི
གཤོག་སྣེ་ན་འོད་ཀྱི་ཐིག་ལེ་ཞིག
མཁའ་རུ་ཆད་པའི་སྐར་མདའ་རུ་འཁྲུལ་འགྲོ

དྲན་པའི་འཆར་སྒོ་སྡོམ་དྲ་ལྟར་འཕྱིངས་ཀྱང་།
དམ་བཅའ་ཡི་རས་སྐུད་ས་ལ་བརྡབས་པའི་ལྕགས་ཕུར་ལ་བཏགས་ཏེ།
མ་འོངས་ཟེར་བའི་རྒྱང་རིང་གི་གནས་ཤིག་དྲན་ཡོད།
གནས་དེ་ནི་བརྗེད་མི་ཐུབ་པའི་རི་རབ་ཅིག
མུད་མི་ཐུབ་པའི་ཆུ་ཐིགས་ཤིག
ལྐོག་གྱུར་གྱི་གསང་བ།   
རབ་རིབ་ཀྱི་སྣང་བརྙན།
ད་དུང་་་་་་་་་་

     ༢༠༡༢ལོའི་ཟླ ༣ པའི་ཚེས་༡༧་སྟེ་གཉིད་མི་ཁུགས་པའི་མཚན་མོ་ཞིག་ལ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།