ད་ལོར་མགོ་ལོག་ལ་ཁངས་གནོད་ཐེབས་སོང་།

གངས་ཞེན།༼མགོ་ལོག༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-18

ཡུལ་མགོ་ལོག་ན་ཡོད་ཀྱང་མགོ་ལོག་གི་ངོ་གདོང་མ་མཐོང་བའི་ངའི
མདང་དགོང་གི་བོད་སྐད་བརྙན་འཕྲིན་གསར་འགྱུར་ལས
ཉན་འདོད་བྲལ་བའི་མགོ་ལོག་གི་ཁངས་གནོད་ཐོས་བྱུང་ལ
ལྟ་འདོད་བྲལ་བའི་གོད་ཆག་གི་བེམ་རོ་མཐོང་བྱུང
ད་དུང་ཉེན་ཚབ་ཆེ་བའི་རང་བྱུང་གི་གནོད་པ་དེ་ལས
མི་གང་མང་ཞིག་གིས་རྐང་ལག་ཙག་རླུང་གིས་ཕྱིད་ཅིང
མྱ་ངམ་ཐང་བཞིན་འཚོ་རྟེན་བྲལ་བའི་ཕྱུགས་རིགས་ཚོགས
ག་ས་གང་ན་མུ་གེ་ཡི་སོ་སྒྲ་ཐྲིག་ཐྲིག
འདི་ནི་༢༠༡༠ལོའི་ལོ་མཇུག་གི་མགོ་ལོག་གི་དགུན་དུས་ཤིག་གི་གཏམ་རྒྱུད་རེད
 
གླེང་རྗེ་གེ་སར་གྱི་ཕ་སར་བསྔགས་པའི་རྨ་ཡུལ་མགོ་ལོག
སྣོད་བཅུད་བྱིན་ཆགས་ཀྱི་འཚོ་བ་དར་སའི་རྨ་ཡུལ་མགོ་ལོག
ས་མགོ་ལོག      གནམ་མགོ་ལོག
སྣོད་བཅུད་ཀྱི་ཕྱྭ་གཡང་མ་མཉམ་པའི་མགོ་ལོག་གི་ཡུལ་གྲུ་ཀུན་ལ
ཅི་ཕྱིར་འདི་ལྟར་གནམ་བདག་གོང་སྨད་རྒྱལ་མོའི་བཀའ་ཆད་ཕོགས་སོང
 
ཁ་བ་ཆེན་པོ་རིམ་གྱིས་བབས་པས
རྡི་གནས་ནས་གཏེར་རྡོ་འདྲུད་པའི་རླངས་འཁོར་ཆེན་པོ་ཞིག་གིས
སྐྱེས་སྟོབས་འབར་བའི་གཞོན་སྐྱེས་ཁ་ལོ་བ་ཞིག་གི་ཚེ་སྲོག་རླུང་ལ་སྐུར་སོང
ད་དུང་སའི་སྣོད་བཅུད་ལ་རོལ་བའི་འགྲོ་བ་འདི་དག་གི་གོད་ཆག་ཡོད་ཚད
རང་བྱུང་ཁམས་ཀྱི་བཀའ་ཆད་ལས་བྱུང་བའི་གོད་ཆག་གི་དན་རྟེན་ཡིན་ནམ
གོང་རིམ་སྲིད་གཞུང་ལ་རོགས་སྐྱོར་སློང་བའི་གནོད་སྐྱོན་གྱི་བདེན་དཔངས་ཡིན
 
མགོ་ནག་བོད་མིའི་ཁ་དཔེར
རྒྱུ་མི་རྟག་རྫ་མགོའི་ཟིལ་བ་ཞེས་པ་ལྟར
ལས་འབྲས་ལ་འཛེམས་ནས་གཞན་ལ་བཙོང་ཡང་མ་ཕོད་ལ
སྡུག་པར་འཛེམས་ནས་རང་གིས་བཤའ་ཡང་མ་ཕོད་པའི་
ཚེ་ཚེ་རབ་རབ་ལ་གསོག་པའི་དཀར་ནག་གི་ཕྱུགས་རིགས་འདི་དག
སྐད་ཅིག་ཉིད་ཀྱི་རང་བྱུང་གི་གནོད་པ་དེ་ལས
ཡོད་ཚད་སྟོང་གྲངས་བརྒྱ་ལ་གཏུགས་ཤིང
བརྒྱ་གྲངས་སྟོང་ལ་གཏུགས་ནས
སེན་མགོ་ཁྲག་དང་སེན་མཐིལ་སྣག་གིས་གྲུབ་པའི་ལོངས་སྤྱོད་མཐའ་དག
འདི་ལྟར་རང་བྱུང་ཁམས་ཀྱི་ཁ་ཟས་སུ་གྱུར་ཟིན་པས
ངའི་འགྱུར་བག་རྒོད་པའི་མི་ཚེའི་ལོངས་སྤྱོད་ལ་ཞེན་པ་བྲལ་ཞིང
རྒད་པོ་གནའ་རྒྱལ་ཚེ་ལོའི་སྙིང་གཏམ་མཐའ་དག་ཡིད་ལ་དྲན་འོངས
 
དོན་དངོས་སུ་
ངའི་བསམ་གཞིག་གཏོང་དགོས་པ་ནི་ད་ལོའི་་གནོད་འདིའི་འབྱུང་རྐྱེན་རེད
ཁ་བ་ཆེན་པོ་འདི་འདི་ནི་རྨ་རྒྱལ་གངས་རིའི་དབུ་འཕངས་བརྟོལ་བའི་གཟི་བྱིན་  ཡིན་ནམ
ང་ཚོ་འགྲོ་བ་མི་ཡིས་གཏེར་སྒོ་བསློག་པའི་ཉེས་ཆད་ཡིན
འདི་ལྟར་བསམ་གཞིག་བརྩེགས་མ་ཞིག་ལས
ངའི་ཆུང་དུས་རྨི་ལམ་ཁྲོད་ཀྱི་ཁ་བའི་འདབ་མ་རེ་རེ་ཡིད་ལ་དྲན་འོངས
ཁ་བ་མར་མར་འབབ་དུས༎ ཕ་ཡུལ་ཡུལ་ལ་འཁོར་བྱུང་༎
ཁ་བ་རྣམ་ཤེས་ལྡན་ན༎   སེམས་པ་དཀྲུག་པ་མ་གནང་༎
འདི་ལྟར་ཕྱི་རོལ་གྱི་འཇིག་རྟེན་ལ་གོད་ཆག་ཇི་འདྲ་ཆེ་རུང
འབྱུང་བཞིའི་འགྱུར་བག་གི་གདུག་རྩུབ་ཇི་འདྲ་རྒོད་ཀྱང
ང་ནི་སྔར་བཞིན་ཁ་བའི་ཚེ་སྲོག་དང་དམ་དུ་སྦྲེལ་བའི་
ལང་ཚོའི་རྨི་ལམ་སྲུང་མཁན་གྱི་གངས་བུ་དགའ་ཞེན་དེ་ཡིན
 
①གླུ་གཞས་ཤིག་ལས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ད་ལོར་མགོ་ལོག་ལ་ཁངས་གནོད་ཐེབས་སོང་།

2012-03-18 གངས་ཞེན།༼མགོ་ལོག༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།