ཁ་བའི་ཁྲོད་ཀྱི་སྙན་ངག


མེ་ཏོག་གི་འདབ་མ་བཞིན   མི་ཡུལ་གྱི་ས་གཞི་ལ་འབབ་དུས
ཁ་བའི་ཁྲོད་སྙན་ངག་ཅིག་འཁྲུངས་སོང
སྙན་ངག་ནི་རྒྱང་རིང་ནས་བསྐུར་བའི་འཕྲིན་ཡིག་ཅིག
 
ལྷབ་ལྷུབ་ཏུ་འབབ་པའི་ཁ་བའི་གསེང་དུ   མེ་ཏོག་ཅིག་འབུས་སོང
མེ་ཏོག་ནི་མཛའ་མོས་བསྐུར་བའི་སེམས་ཀྱི་ལེགས་སྐྱེས་ཤིག
 
ནམ་མཁའི་དབྱིངས་ནས་ཐར་ཐོར་དུ་ཡལ་བའི་ཁ་བའི་ནང་དུ
སྐད་སྙན་ཞིག་སྐྱེ་སོང  སྐད་སྙན་ནི་གྲོགས་ཀྱི་བསྐུར་བའི་འཕྲིན་པ་ཞིག
 
འཇིག་རྟེན་འདི་དཀར་པོ་ཞིག་ལ་བསྒྱུར་དུས  ཁ་བ་ཞིག་འབབ་སོང
ཁ་བ་ནི་རྒྱང་རིང་གྲོགས་ཀྱི་ཞལ་རས་ཤིག
               ༢༠༡༢ ༢ ༩ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བའི་ཁྲོད་ཀྱི་སྙན་ངག

2012-03-15 བོད་བདུད་རྒྱལ། ཀློག་གྲངས། མཆན ཡོད།


མེ་ཏོག་གི་འདབ་མ་བཞིན   མི་ཡུལ་གྱི་ས་གཞི་ལ་འབབ་དུས
ཁ་བའི་ཁྲོད་སྙན་ངག་ཅིག་འཁྲུངས་སོང
སྙན་ངག་ནི་རྒྱང་རིང་ནས་བསྐུར་བའི་འཕྲིན་ཡིག་ཅིག
 
ལྷབ་ལྷུབ་ཏུ་འབབ་པའི་ཁ་བའི་གསེང་དུ   མེ་ཏོག་ཅིག་འབུས་སོང
མེ་ཏོག་ནི་མཛའ་མོས་བསྐུར་བའི་སེམས་ཀྱི་ལེགས་སྐྱེས་ཤིག
 
ནམ་མཁའི་དབྱིངས་ནས་ཐར་ཐོར་དུ་ཡལ་བའི་ཁ་བའི་ནང་དུ
སྐད་སྙན་ཞིག་སྐྱེ་སོང  སྐད་སྙན་ནི་གྲོགས་ཀྱི་བསྐུར་བའི་འཕྲིན་པ་ཞིག
 
འཇིག་རྟེན་འདི་དཀར་པོ་ཞིག་ལ་བསྒྱུར་དུས  ཁ་བ་ཞིག་འབབ་སོང
ཁ་བ་ནི་རྒྱང་རིང་གྲོགས་ཀྱི་ཞལ་རས་ཤིག
               ༢༠༡༢ ༢ ༩ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།