ང་དགའ་སའི་སྐད་སྒྱུར་བུ་མོ།

        ༡
དེ་རིང་གཟའ་ཉི་མ་ཡིན་པས།
མདང་དགོང་ངའི་གྲོགས་མྱི་ནག་པ་rechard་ཡི་ང་མགྲོན་འབོད་བྱས།
གློག་འོད་ཧ་ཅང་གཉོམ་པའི་center ཟ་ཁང་ནང་།
ངས་ཁོས་མངགས་པའི་ཟ་མ་ཞོར་དང་ལྦུ་ཆང་འཐུང་ཞོར་དུ།
ཁོ་དང་ཁོའི་མཛའ་མོའི་བཟའ་འཁོན་ལ་ཉན།
བྱས་པ་ཚོའི་ཁ་རྩོད་དང་འདྲ་བའི་ཁོ་གཉིས་ཀྱི་དོན་དག་དེས།
ང་དབང་མེད་དུ་དགོད་དུ་བཅུག
གུ་ཡངས་དང་བཟོད་བསྲན་མེད་པའི་རྙོག་འཛིང་དེར།
ཁོ་བོའི་སེམས་གཏིང་ནས་ཉོབ་སྣང་སྐྱེས།
གློག་འོད་ཧ་ཅང་འཇམ་པའི་ཟ་ཁང་དེ་དང་ཁ་བྲལ་རྗེས།
ང་གཅིག་བུ་རང་གི་སྡོད་གནས་སུ་ལོག
ངའི་རྟོགས་འཆར་གྱི་དྲ་ངོས་སུ།
ངས་དྲན་པའི་སྐད་སྒྱུར་བུ་མོ་དེའི་གཤིས་ཀ་དང་།
གཟུགས་བརྙན་བཟོ་སྐྲུན་བྱེད་བཞིན་ང་གཉིད་དུ་ཡུར།
                ༢
དེ་རིང་གཟའ་ཉི་མ་ཡིན་པས་སྔ་བོར་ལངས་མེད།
caen གྲོང་ཁྱེར་ལ་ཉི་མ་ཤར་ཚར་ཡོད་ནའང་།
ང་ད་རུང་ཉལ་ཁྲི་དང་བྲལ་མེད།
ངས་དྲན་པའི་སྐད་སྒྱུར་བུ་མོ་དེའི་བྱད་བཞིན་དེ།
འཆར་སྣང་སྣ་ཚོགས་ཤིག་གི་ཁྲོད་ནས་བདམ་བཞིན།
ཡུན་རིང་ཞིག་འགོར་སོང་།
               ༣
དེ་ངས་ནོར་སོང་།
ང་ཁོ་མོའི་སྐད་ངག་ཁོ་ན་ལ་དགའ་བ་ཡིན།
དེའི་ཕྱིར་ང་ཁོ་མོའི་ཡོད་ཚད་ལ་ཞིབ་དཔྱོད་བྱེད་པའི་ཐོབ་ཐང་མེད།
མོའི་སེམས་ཀྱི་ཁོར་ཡུག་ན་རང་དབང་གི་ལྗོན་པའི་ཡལ་ག་ཕྱོགས་བཞིར་བརྐྱངས་ཡོད་པས།
ངས་དེ་ལ་བཙན་འཛུལ་ལྟ་བུའི་གཏོར་བཤིག་གཏོང་མི་ཕོད།
ངས་ཁོ་མོའི་སྐད་ངག་དེ་ཉིན་མཚན་མེད་པར་ཉན་ཆོག
ཐ་ན་ཁ་པར་ནང་གི་འཁྲབ་ཚིག་གི་མོའི་སྙིང་གཏམ་དེ་འང་།
རང་གི་རྣ་སྒོར་གཏད་ནས་ཡང་དང་བསྐྱར་དུ་ཉན་ཆོག་ལ།
ཆེད་དུ་ཁོ་བོར་བཤད་པ་དང་འདྲ་བའི་འདུ་ཤེས་ཀྱང་བཟུང་ཆོག
ཁ་ཐག་རིང་བའི་ངའི་སེམས་ཀྱི་བུ་མོ་ངག་ཡངས་མ།
གལ་ཏེ་ཁྱོད་ལ་གླུ་གཞས་ཐེངས་ཤིག་གཏོང་བའི་གོ་སྐབས་ཡོད་ཚེ།
ཁྱེད་ཀྱིས་“ས་མཐའ་ནས་ཡུན་རིང་མ་འདུག་བོད་པའི་བུ།”
ཞེས་པའི་གླུ་དབྱངས་ཤིག་གཏོང་རོགས།
ངར་ཁྱོད་ཀྱི་བྱད་བཞིན་དང་སྐྱེས་གཟུགས་ཀྱི་བཟང་ངན་མི་དགོས།
ངས་དྲན་པ་ནི་ཁྱེད་ཀྱི་སྐད་ངག་དང་འགྲོགས་པའི་ཕ་སྐད་གཙང་མ་དེ་ཡིན།
དུངས་པ་འདི་ས་མཐའི་སུན་སྣང་དང་འགྲོགས་ནས་འོང་གི
དགོངས་པ་མ་འཚོམས་ངའི་དྲན་པའི་སྐད་སྒྱུར་བུ་མོ།
                       11.03.2012

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་དགའ་སའི་སྐད་སྒྱུར་བུ་མོ།

2012-03-14 བཀྲ་ཤིས་ནོར་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།