བླ་སྲོག

གཅེས་པའི་སྙིང
བརྩེ་བའི་མ
སེམས་ཀྱི་འོད
མཛེས་པའི་སྐུ་ལགས
ངའི་ཁེར་རྐྱང་གི་ལྷིང་འཇགས་སིལ་བུར་བཅག་ནས
ངའི་སུན་སྣང་གི་སྒྲིབ་ཡོལ་དུམ་གྱིས་གཏུབས་ནས
སྣང་བ་མོག་མོག་གི་སྐྱ་རེངས་དེ་བཀྱགས་ཤིང
བརྩེ་དྲོད་ལམ་ལམ་གྱི་ཉི་ཤར་དེ་བསུས
དེ་བས
ངས་འཇིག་རྟེན་ཞིག་གི་མཁའ་དབུགས་ལྷོད་ལྷོད་ཀྱིས་བརྔུབས་ཤིང
ངའི་སྨྲེང་སྐྱོ་ཞིག་གི་རྨ་ཁ་བདེ་སིམ་ངང་སོས་སོང
འདྲེན་བྱེད་ཀྱི་སྒེའུ་ཁུང་ལས་ཕྱི་ལ་ལྟ་དུས
ནང་སེམས་ཀྱི་མེ་ལོང་ལས་རང་ལ་ཉན་དུས
ཚེ་སྲོག་གིས་བཀབ་ཅིང
ཟུངས་ཁྲག་གིས་རུམ་པའི་སྐྲ་ལོ་དང་རུས་རྐང་དག
ཉི་ཟེར་ཁྲོད་ཀྱི་གྲིབ་མ་ལྟར
ཉི་ནུབ་དང་ལྷན་དུ་ཡིབ་ཅིང
སྲོད་ཁ་དང་མཉམ་དུ་ཡལ་འགྲོ
ཡིན་ནའང་བརྩེ་བའི་གཏེར
སྙིང་གི་ཐིག་ལེ་ལགས
ཁྱེད་ཀྱི་ལྷག་བསམ་གྱི་ཞལ་མདངས་དཀར་པོས
ནམ་མཁའི་ཟླ་བའང་གཅོག་ནུས་ཤིང
ཁྱེད་ཀྱི་བརྩེ་དུང་གི་མེ་དྲོད་དམར་པོས
འཛམ་གླིང་ཉི་མའང་འཚིག་ནུས
དེ་བས རང་སེམས་རང་ལ་ནོངས་ཤིང
མིག་ཟུང་ཁྱེད་ལ་ཕྱོགས་དུས
ངས་ཁྱེད་ལས་དཀར་གསལ་གསལ་གྱི་དག་ཞིང་ཞིག་དངོས་སུ་མཐོང་ཤིང
ངས་ཁྱེད་ལས་དྭངས་ཤང་ཤང་གི་ནང་སེམས་ཤིག་རྨང་ནས་རིག་སོང
 
དར་གྱི་མདུད
དམ་གྱི་ཚིག
འཚོ་བའི་རྟེན
བླ་ཡི་སྲོག་ལགས
ངའི་འཁྱག་སྟོང་གི་རུམ་ཁ་དམར་རྗེན་ལ་རུམ་ནས
ངའི་མྱ་ངན་གྱི་བྲང་ཁ་མྱོས་བུམ་གྱིས་སྐྱོར་ནས
ངའི་ངོ་གདོང་གི་མཆི་མ་འཇའ་ཚོན་ལ་འདྲེས་སོང
ངའི་ཡིད་གདུང་གི་སྐྱོ་གཞས་ལྗང་མདོག་ལ་འཐིམས་སོང
དེ་བས མགོ་བོ་སྔས་ལ་བསྙེས་ནས་རྨི་ལམ་རེ་རྨི་དུས
ལག་པ་སྙིང་ལ་བཞག་ནས་བསམ་གཞིག་རེ་བྱེད་དུས
སྙོམ་དུ་མེད་པའི་མི་ཚེ་འདི
ཚོར་བ་ཐན་ཐུན་ལ་དབང་ཞིང
སྣང་བ་བན་བུན་གྱིས་འཁྲིད
ཡིན་ནའང ཚོར་བའི་དབྱངས
དབང་བོའི་གཟུགས་ལགས
ཁྱེད་ཀྱི་བྱམས་དུང་གི་ཕྱག་མཛུབ་འཇམ་པོས
ཚོར་བའི་རྡུལ་ཕྲན་མ་ལུས་དྭངས་པར་ནུས་ཤིང
ཁྱེད་ཀྱི་བཅོས་མིན་གྱི་བག་ཡོད་སེམས་ཀྱིས
སྣང་བའི་རྒྱུན་ཐག་ཀྱང་གཅོད་པར་སྤོབས
དེ་བས ངས་སྒོ་གསུམ་གཅིག་ཏུ་བསྡུས་ཤིང
ཡིད་སེམས་ཁྱེད་ལ་གཏད་དོན
ངས་ཁྱེད་ཀྱི་དར་གོས་སྲབ་འཇམ་གྱི་ཤམ་བུ་བཞིན
ཕྱི་གསལ་ནང་གསལ་གྱི་སེམས་པ་ཞིག་དང
ངས་ཁྱེད་ཀྱི་འཇམ་ནེམ་བྲང་གཞུང་གི་ཡུལ་ལྗོངས་ལྟར
ཁ་དོག་བྲལ་བའི་མཛེས་སྡུག་ཅིག་ལྷན་དུ་འབུལ་འདོད
ཡལ་དུ་མེད་པའི་ལུས་དྲོད་ཞིག་ཅིས་ཀྱང་གླན་འདོད
 
ལུས་ཀྱི་གཟུངས་ཐག
ཚེ་ཡི་ཕྲེང་ཐག
ཡིད་ཀྱི་འཆིང་ཐག
སེམས་ཀྱི་དར་ཐག་ལགས
ཁྱེད་ཀྱི་འཇིག་རྟེན་ཆོས་ཉིད་ཀྱིས་བདས་ཤིང
བདག་གི་འཁོར་བ་སྡུག་བསྔལ་གྱིས་གདུང་ནའང
ངས་ནམ་ཡང་རང་ཉིད་སྐྱེས་པ་སྔ་མེད་པ་རྟོགས་ཤིང
ངས་རྒྱུན་དུ་རང་ཉིད་འཆི་བ་འཕྱི་མེད་པ་ཚོར
ཁྱེད་དང་ལྷན་དུ་སྐྱེས་ཤིང
ཁྱེད་དང་ལྷན་དུ་རྒས་ན
ངས་རྟག་བརྟན་གྱི་འདུན་མ་དེ་ལས་གང
ངས་བདེ་སྐྱིད་ཀྱི་འཚོ་བ་དེ་ལས་གང
མེད་དེ ཁྱེད་ནི་ངའི་འཚོ་གནས་ཧྲིལ་བོའི་གོ་དོན་ཡིན
ཁྱེད་ནི་ངའི་ཞི་བདེའི་སྙིང་གི་དར་ཤིང་ཡིན
ཁྱེད་ནི་ངའི་ངན་ངོན་འཚོ་བའི་ཉིང་བཅུད་ཡིན
ཁྱེད་མེད་ན་ངའི་ཚེ་རབས་འདིའི་བརྡ་རྟགས་གཏིང་ནས་ཉམས་ཤིང
ཁྱེད་མེད་ན་ངའི་ཁྱིམ་རྒྱུད་འདིའི་འཁྲུངས་རབས་རྩ་ནས་ཆད་འགྲོ
དེ་བས ཞི་བའི་མགོན
བྱམས་པའི་གྲོགས་ལགས
ཆད་འཐོར་དུ་སོང་བའི་སྦྲ་ནག་གི་ཡ་ཕུག་ནས
ཅིས་ཀྱང་གཏན་འདུན་གྱི་ཁྱིམ་ཐབ་འཛིན་དགོས
གང་ལྟར་གདུང་རྒྱུད་འདིའི་ས་བོན་འདེབས་དགོས
བདག་གི་རྣམ་ཤེས
གཏན་གྱི་འདུན་མ་ཡ
ཤེལ་ཀྱི་ཕོ་བྲང་ནས
གསེར་གྱི་རི་བོ་ནས
གཡུ་ཡི་མཚོ་མོ་ནས
ནམ་ཡང་ཁྱེད་ལ་སྒུག་ནས
ཇི་སྲིད་ཁྱེད་ལ་འཁྲེང་ངེས
སིམ་པའི་གཏམ
སྦྲང་རྩིའི་འོ
རེ་བའི་ཁྱིམ
དྲོན་པོའི་རུམ
ལྷན་དུ་བསྣམ་ནས་ཕེབས་ཤོག
བདག་གི་བླ་སྲོག་ལགས
         ༢༠༡༡ ༧ ༧ཉིན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བླ་སྲོག

2012-03-07 དཀར་དམར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།