ཉིན་དེ་རིང་གི་སེམས་འགྱུ།

རིན་སྤུངས་སྟོབས་རྒྱས།༼ཞན་ཡང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-14


ཅི་ཡིན་འདི་ཡིན་མེད་པའི་ཉིན་དེ་རིང་།
ངའི་སྣང་བ་ཡོད་ཚད་ནི་མག་མོག་ཡིན།
རྣམ་ཀུན་དཔེ་ཆའི་ཡིག་འབྲུ་རེ་རེ།
སེམས་ཁོངས་སུ་བཞད་པའི་མེ་ཏོག་དང་།
ཡིད་དུ་འོང་བའི་མཛེས་མ་དེ་ཡིན་ཡང་།
དེ་རིང་དཔེ་ཆའི་ཡིག་འབྲུ་དེ་དག།
བཤང་ལྕིར་འཁོར་བའི་སྦྲང་མ་བཞིན།
ཞེ་མེར་གྱི་སྐྱུགས་སྟངས་ཞིག་འབྱིན་འོངས།
ནམ་ཟླ་དགུན་དུས་ཀྱི་གནམ་གཤིས་དེའི་ཁྲོད།
གྲང་རླུང་གིས་བཙན་འཛུལ་བྱེད་ཐེངས་རེར།
ཉམ་ཆུང་སེམས་ཀྱི་བུ་མོ་ཡང་།
གཏན་འགྲོགས་མག་པ་འཚོལ་བར་སྔ་མོར་བཞུད།
འདང་རྒྱག་མང་དག་ཅིག་གི་ཕ་རོལ་ཏུ།
ཡིད་འབྱུང་གིས་མུན་པས་བར་སྣང་ཁྱབ་ཅིང་།
དྲན་སེམས་དང་རེ་འབོད་ཡོད་དོ་ཅོག
མཐའ་ཡས་ཀྱི་མཁའ་ལ་རྒྱུ་ནས།
སྙིང་ཁ་དེ་མཚོ་ཐོག་གི་ཤིང་དུམ་བཞིན།
ཡུལ་ཙམ་ལྷོད་དུ་མེད་པར་ཡམ་ཡོམ་ཁོ་ན་ཡིན།
བསམ་གཞིགས་འབུམ་ཕྲག་གི་སེམས་པ།
ལ་སྒང་གི་ཐོ་ཡོར་བཞིན་ཀེ་རེར་ལུས་དུས།
ཀླད་ཁམས་མཚོ་མོ་བཞིན་འཁྲུགས་བས།
ཡོད་ཚད་ནི་ཏིག་ཏ་ལས་བསྐྱུར་བའི་སྣང་བ་དེ་རང་ཡིན།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉིན་དེ་རིང་གི་སེམས་འགྱུ།

2012-06-14 རིན་སྤུངས་སྟོབས་རྒྱས།༼ཞན་ཡང༽ ཀློག་གྲངས། མཆན ཡོད།


ཅི་ཡིན་འདི་ཡིན་མེད་པའི་ཉིན་དེ་རིང་།
ངའི་སྣང་བ་ཡོད་ཚད་ནི་མག་མོག་ཡིན།
རྣམ་ཀུན་དཔེ་ཆའི་ཡིག་འབྲུ་རེ་རེ།
སེམས་ཁོངས་སུ་བཞད་པའི་མེ་ཏོག་དང་།
ཡིད་དུ་འོང་བའི་མཛེས་མ་དེ་ཡིན་ཡང་།
དེ་རིང་དཔེ་ཆའི་ཡིག་འབྲུ་དེ་དག།
བཤང་ལྕིར་འཁོར་བའི་སྦྲང་མ་བཞིན།
ཞེ་མེར་གྱི་སྐྱུགས་སྟངས་ཞིག་འབྱིན་འོངས།
ནམ་ཟླ་དགུན་དུས་ཀྱི་གནམ་གཤིས་དེའི་ཁྲོད།
གྲང་རླུང་གིས་བཙན་འཛུལ་བྱེད་ཐེངས་རེར།
ཉམ་ཆུང་སེམས་ཀྱི་བུ་མོ་ཡང་།
གཏན་འགྲོགས་མག་པ་འཚོལ་བར་སྔ་མོར་བཞུད།
འདང་རྒྱག་མང་དག་ཅིག་གི་ཕ་རོལ་ཏུ།
ཡིད་འབྱུང་གིས་མུན་པས་བར་སྣང་ཁྱབ་ཅིང་།
དྲན་སེམས་དང་རེ་འབོད་ཡོད་དོ་ཅོག
མཐའ་ཡས་ཀྱི་མཁའ་ལ་རྒྱུ་ནས།
སྙིང་ཁ་དེ་མཚོ་ཐོག་གི་ཤིང་དུམ་བཞིན།
ཡུལ་ཙམ་ལྷོད་དུ་མེད་པར་ཡམ་ཡོམ་ཁོ་ན་ཡིན།
བསམ་གཞིགས་འབུམ་ཕྲག་གི་སེམས་པ།
ལ་སྒང་གི་ཐོ་ཡོར་བཞིན་ཀེ་རེར་ལུས་དུས།
ཀླད་ཁམས་མཚོ་མོ་བཞིན་འཁྲུགས་བས།
ཡོད་ཚད་ནི་ཏིག་ཏ་ལས་བསྐྱུར་བའི་སྣང་བ་དེ་རང་ཡིན།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།