ཚེ་རིང་མཚོ་མོ།

འཇིགས་མེད་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-10


ཚེ་རིང་མཚོ་མོ།
ངའི་རྒྱང་རིང་གི་ལྷ་མོ།
ཚེ་རིང་མཚོ་མོ།
ངའི་མཚན་མོ་མང་པོའི་རྨི་ལམ།

མི་ལོ་གཉིས་ཀྱི་ཡར་སྔོན།
སྐར་ཚོགས་བཀྲ་བའི་མཚན་དགུང་དུ་བཞག་པའི་དམ་བཅའ་དེའི་སླད།
ངའི་མཚན་མོ་མང་པོའི་གཉིད་ཐེབས་ཁྱེད་ཀྱི་བཅག་ལ།
ངའི་ཉིན་མོ་མང་པོའི་ལས་ཐེབས་ཁྱེད་ཀྱི་བཅག།

ཚེ་རིང་མཚོ་མོ།
དབུས་གཙང་གི་ཞིང་གྲོང་དུ་ཡོད་པའི་བོད་པའི་བུ་མོ་ཞིག།
འཇམ་ཞིང་རིང་བའི་སྐྲ་ལོ།  ཁྲ་ཞིང་སྒོར་བའི་སྤྱན་ཟུངས།
ཡོད་ཚད་གངས་རི་བཞིན་དྲི་མས་དབེན།

པེ་ཅིང་གི་དབྱར་ཁ་ཚ་བས་གཟེར་ལ།
པེ་ཅིང་གི་དགུན་ཁ་གྲང་བས་རྡུང།
འོན་ཏེ།   ཁྱོད་དྲན་ཐེངས་རེར།
ཁྱེད་ནི་ནད་ཆང་བསིལ་མ་བཞིན་དུ་ངའི་ཡིད་ཀྱི་སིམ་ས་རུ་འཛུལ་ལ།
ཁྱེད་ནི་ལྤགས་ཚགས་འཇམ་པོ་བཞིན་དུ་ངའི་ལུས་ལ་ཚ་དྲོད་སྦྱིན།

དེ་རིང་སླར་ཡང་གཟའ་འཇུག་ཏུ་སླེབས།
ངའི་གཡས་གཡོན་དུ་རྐང་བཞི་མང་པོས་ཆ་བསྒྲིགས།
ཆ་བསྒྲིགས་པས་མ་ཟད་སྙིང་གཏམ་གྱིས་བདུད་རྩིས་མྱོས།
ཡིན་ཡང་ང་ནི་ཚེ་རིང་མཚོ་མོ་དྲན་བཞིན་ཡོད།
མི་ལོ་གཉིས་གོང་གི་སྐར་འོད་འོག་གི་མཚན་མོ་དེ་དྲན་ལ།
མཚན་མོ་དེའི་འུ་གཉིས་ཀྱི་དམ་བཅའ་དྲན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་རིང་མཚོ་མོ།

2012-06-10 འཇིགས་མེད་རྒྱ་མཚོ། ཀློག་གྲངས། མཆན ཡོད།


ཚེ་རིང་མཚོ་མོ།
ངའི་རྒྱང་རིང་གི་ལྷ་མོ།
ཚེ་རིང་མཚོ་མོ།
ངའི་མཚན་མོ་མང་པོའི་རྨི་ལམ།

མི་ལོ་གཉིས་ཀྱི་ཡར་སྔོན།
སྐར་ཚོགས་བཀྲ་བའི་མཚན་དགུང་དུ་བཞག་པའི་དམ་བཅའ་དེའི་སླད།
ངའི་མཚན་མོ་མང་པོའི་གཉིད་ཐེབས་ཁྱེད་ཀྱི་བཅག་ལ།
ངའི་ཉིན་མོ་མང་པོའི་ལས་ཐེབས་ཁྱེད་ཀྱི་བཅག།

ཚེ་རིང་མཚོ་མོ།
དབུས་གཙང་གི་ཞིང་གྲོང་དུ་ཡོད་པའི་བོད་པའི་བུ་མོ་ཞིག།
འཇམ་ཞིང་རིང་བའི་སྐྲ་ལོ།  ཁྲ་ཞིང་སྒོར་བའི་སྤྱན་ཟུངས།
ཡོད་ཚད་གངས་རི་བཞིན་དྲི་མས་དབེན།

པེ་ཅིང་གི་དབྱར་ཁ་ཚ་བས་གཟེར་ལ།
པེ་ཅིང་གི་དགུན་ཁ་གྲང་བས་རྡུང།
འོན་ཏེ།   ཁྱོད་དྲན་ཐེངས་རེར།
ཁྱེད་ནི་ནད་ཆང་བསིལ་མ་བཞིན་དུ་ངའི་ཡིད་ཀྱི་སིམ་ས་རུ་འཛུལ་ལ།
ཁྱེད་ནི་ལྤགས་ཚགས་འཇམ་པོ་བཞིན་དུ་ངའི་ལུས་ལ་ཚ་དྲོད་སྦྱིན།

དེ་རིང་སླར་ཡང་གཟའ་འཇུག་ཏུ་སླེབས།
ངའི་གཡས་གཡོན་དུ་རྐང་བཞི་མང་པོས་ཆ་བསྒྲིགས།
ཆ་བསྒྲིགས་པས་མ་ཟད་སྙིང་གཏམ་གྱིས་བདུད་རྩིས་མྱོས།
ཡིན་ཡང་ང་ནི་ཚེ་རིང་མཚོ་མོ་དྲན་བཞིན་ཡོད།
མི་ལོ་གཉིས་གོང་གི་སྐར་འོད་འོག་གི་མཚན་མོ་དེ་དྲན་ལ།
མཚན་མོ་དེའི་འུ་གཉིས་ཀྱི་དམ་བཅའ་དྲན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།