གསེར་མོ། འདས་ཟིན་པ་དྲན་ཤིང་གི་ཚབ་ཏུ་ཞོག


ས་སྲོད་དེ་ལྷས་རར་བསྡུས་ཡོང་བའི་ལུག་ཁྱུ་ཞིག་དང་འདྲ་བར
ས་སྲོད་ལྟ་བུའི་ཆང་ཁང་དེར་ལྷན་དུ་འཛོམས་དུས
ང་ལ་བཤད་མི་ཤེས་པའི་ཚོར་སྣང་སྐྱེན་པོ་ཞིག
 
ཁྱེད་ཀྱི་མིག་ཟུང་ལས་བརྩེ་དུང་གི་བྲོ་བ་བར་མེད་མཆེད་དུས
གློ་སྙིང་གི་ཕག་ཏུ་ཡིབ་པའི་བརྩེ་བ་དེ་ཡང
ཆང་དེམ་གྱི་ཁ་ནས་ལྷོག་ལྷོག་འཕྱུར
 
དེ་འདྲ་ཞིག་ཡིན་སྲིད
ལྒང་ལི་ལྟ་བུའི་རང་རློམ་ཞིག་དང
ཕྱིར་བསྣུར་མི་བྱེད་པའི་རང་གཤིས་ཞིག་གིས
སྐྱོ་གར་ལྟ་བུའི་མཇུག་འབྲས་ཞིག་བསླངས་བ་རེད
 
གསེར་མོ
ང་ཡོང་ཁ་སྙིང་གཏམ་དམར་པོ་ཞིག་ཁྱེར་ནས་ཡོང་ཡོད
ང་འགྲོ་ཁ་སྡུག་བསྔལ་ལྗིད་པོ་ཞིག་ཁུར་ནས་བུད་སོང
འདི་ནི་ཁྱེད་ལ་བསྟན་པའི་སེམས་པ་དམར་པོ་ཡིན
འདི་ནི་ཁྱེད་ལ་བཏང་བའི་མཇུག་མཐའི་འཕྲིན་ཐུང་ཡིན
 
ཁེར་རྐྱང་དང་སུན་སྣང་གི་སྒོ་ཁ་ནས
ཁྱེད་ལ་འཇའ་ཚོན་ལྟ་བུའི་དྲན་ཤིང་རེ་མཁོ་ན
འདས་ཟིན་པ་དྲན་ཤིང་གི་ཚབ་ཏུ་ཞོག
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསེར་མོ། འདས་ཟིན་པ་དྲན་ཤིང་གི་ཚབ་ཏུ་ཞོག

2012-06-09 ཁྲག༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།


ས་སྲོད་དེ་ལྷས་རར་བསྡུས་ཡོང་བའི་ལུག་ཁྱུ་ཞིག་དང་འདྲ་བར
ས་སྲོད་ལྟ་བུའི་ཆང་ཁང་དེར་ལྷན་དུ་འཛོམས་དུས
ང་ལ་བཤད་མི་ཤེས་པའི་ཚོར་སྣང་སྐྱེན་པོ་ཞིག
 
ཁྱེད་ཀྱི་མིག་ཟུང་ལས་བརྩེ་དུང་གི་བྲོ་བ་བར་མེད་མཆེད་དུས
གློ་སྙིང་གི་ཕག་ཏུ་ཡིབ་པའི་བརྩེ་བ་དེ་ཡང
ཆང་དེམ་གྱི་ཁ་ནས་ལྷོག་ལྷོག་འཕྱུར
 
དེ་འདྲ་ཞིག་ཡིན་སྲིད
ལྒང་ལི་ལྟ་བུའི་རང་རློམ་ཞིག་དང
ཕྱིར་བསྣུར་མི་བྱེད་པའི་རང་གཤིས་ཞིག་གིས
སྐྱོ་གར་ལྟ་བུའི་མཇུག་འབྲས་ཞིག་བསླངས་བ་རེད
 
གསེར་མོ
ང་ཡོང་ཁ་སྙིང་གཏམ་དམར་པོ་ཞིག་ཁྱེར་ནས་ཡོང་ཡོད
ང་འགྲོ་ཁ་སྡུག་བསྔལ་ལྗིད་པོ་ཞིག་ཁུར་ནས་བུད་སོང
འདི་ནི་ཁྱེད་ལ་བསྟན་པའི་སེམས་པ་དམར་པོ་ཡིན
འདི་ནི་ཁྱེད་ལ་བཏང་བའི་མཇུག་མཐའི་འཕྲིན་ཐུང་ཡིན
 
ཁེར་རྐྱང་དང་སུན་སྣང་གི་སྒོ་ཁ་ནས
ཁྱེད་ལ་འཇའ་ཚོན་ལྟ་བུའི་དྲན་ཤིང་རེ་མཁོ་ན
འདས་ཟིན་པ་དྲན་ཤིང་གི་ཚབ་ཏུ་ཞོག
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།