བར་སྐོར་ནས་རྙེད་པའི་སྙན་ངག་ཚན་པ་གཉིས།

དབུ་རུ་དོན་འདུར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-01

          བུ་མོ་ཆུང་ཆུང་ཞིག
ལས་བྱ་འབྲི་རྒྱུ་ཡང་།
ཁྲོམ་བཀྱག་གི་ཟུར་དུ་བཞག་ནས།
མི་ཚོགས་ཀྱི་མདུན་དུ་མཐེ་བོང་གནམ་ལ་ཀེར་ནས།
སྒོར་དང་སྒོར་ཟུར་རེ་ཡི་སྦྱིན་པ་བསྩལ་བའི།
སྦྱིན་བདག་ཚོའི་ཨམ་ཕྲག་ལ་ལྡིར་ནས།
ངོ་ཚ་དང་འཚེར་སྣང་ཡང་མི་ཤེས་པའི།  
དྭངས་གཙང་ལྷད་མེད་ཀྱི་སེམས་པ་ཆུང་ཆུང་ཞིག
བུ་མོ་ཆུང་ཆུང་།
ཁྱེད་ནི་མེ་ཏོག་པད་མ་ལས་འཁྲུངས་པའི་ཨོ་རྒྱན་པད་མ་དེ་ཡིན་མི་སྲིད།
ཁྱེད་ནི་རྡོ་ཡིས་ཁོག་པ་ནས་ཐོན་པའི་སྤྲེལ་རྒྱལ་ཝུའུ་ཁུང་དེ་ཡིན་མི་སྲིད།
ཁྱེད་ནི་བརྫུས་ནས་སྐྱེས་པའི་འབུ་སྲིན་དེ་ཚོ་དང་མི་འདྲ་བས།
ཁྱོད་ཀྱི་འཚོ་བའི་ཀློང་དུ།
ཁྱེད་ལ་བརྩེ་བའི་ཨ་མ་དང་།
ཁྱེད་ལ་བྱམས་པའི་པཱ་ལགས་ཀྱང་ཡོད་ངེས་རེད།
ལས་བྱ་ཡང་འབྲི་ཁོམ་མེད་པར།
ལྟོ་གོས་མཐེ་བོང་གིས་འཚོལ་བ་འདི་སྙིང་རེ་རྗེ།
ཁྱོད་ཀྱི་ན་ཚོད་དང་གཟུགས་ཚད་ལ་བསམ་དུས།
ཁྱེད་ཀྱི་ལུས་ཐོག་ནས།
སྒྲ་མེད་གཟུགས་མེད་དུ་མཆེད་འོངས་བའི།
སྐྱོ་ལྷང་ལྷང་གི་ཚོར་བ་ཞིག
ངའི་སྤྱི་གཙུག་ནས་འཛུལ་ཏེ།
སྙིང་གི་རྩེ་ལ་བབ་ནས་ཚ་ཤད་རེ་བརྒྱབ།
བུ་མོ་ཆུང་ཆུང་།
མི་ཚོགས་ཀྱི་ངོ་གདོང་ནས།
ཁྱེད་ལ་སྙིང་རྗེ་བའི་མིག་ཟུང་མང་པོས།
ལེ་བདའ་དང་འཁང་ར་མེད་པར།
ཁྱེད་དང་མཉམ་དུ་ངུ་བ་མཐོང་ན།
ཁྱེད་ཀྱི་ཕ་མ་གཉིས།
ད་དུང་ཡང་ཁྱོད་ལེན་པར་མ་ཡོང་བ་ཅི་རེད།
བུ་མོ་ཆུང་ཆུང་།
ཨ་ཕས་གཡས་ནས་ཁྲིད་དེ།
ཨ་མས་གཡོན་ནས་ཁྲིད་དེ།
ངའི་བུ་མོ་ནོར་བུ་ཞེས།
གཅེས་པར་བསྐྱངས་པའི་བརྒྱབ་གཟུགས་ལ་བལྟས་ནས།
མཆི་མ་མིད་ཀྱང་།
ཁྱོད་ལ་ད་ལྟ་ནས་ལྟོ་གོས་ཀྱི་མནར་གཅོད་འདི་ལྟར་གཏོང་བར།
སེམས་པ་མ་སྐྱོ།
ཁྱོད་ཀྱང་ད་ལྟ་ལྗང་པ་སྔོན་པོ་ཞིག་ཡིན་པས།
གཞན་གྱི་ཡིད་སྨོན་བྱེད་པའི་འབྲས་བུ་རེ་འདོགས་སྲིད།
དེ་དུས་ཁྱེད་སླར་ཡང་འདི་ཁར་ཕེབས་དང་།
ཡིད་སྐྱོ་བའི་འདས་དོན་དེ།
ཁྱེད་ཀྱི་དགའ་སྤྲོ་ཞིག་ལའང་སྒོམ་ཆོག
 འོན་ཀྱང་དེ་དུས།
ཨ་མའི་པང་དུ་ཉལ་ནས།
ཨ་ཕའི་སྐེ་ལ་འཐམས་ནས།
མི་ཚོགས་ལ་སྡང་མིག་མ་བལྟ་རོགས་ཞེས།
ཁྱེད་དང་ངའི་མིག་ཆུ་མཉམ་དུ་མ་འདྲེས་གོང་།
ངས་ཁྱེད་ལ་རེ་བ་ཞུ།
བུ་མོ་ཆུང་ཆུང་།
 
           ཨ་མ་ལགས།
སྐྱུར་རྩིས་སེམས་པ་འཚོས་ནས།
ངོ་ཚ་ཡང་བརྗེད་པའི་ཨ་མ་དེས།
མི་ཚོགས་ཀྱི་གཡས་བསྐོར་རྒྱག་སའི།
བར་བསྐོར་གྱི་ཁྲོམ་སྲང་དུ།
སུས་ཀྱང་ངོ་ཚར་འཛིན་པའི་གསང་བ་ཐ་དག
ཕྱི་རུ་བཏོན་ནས་གཅིན་པ་བཏང་།
མགོ་བོ་གཞན་འོག་ཏུ་ནམ་ཡང་བཅུག་མ་མྱོང་བའི་བུ་མོ་ལོ་ཆུང་དེས།
སིའུ་ལས་དམར་བའི་ངོ་གདོང་སྙིང་རྗེ་པོ་དེ།
སྦས་ནས་ཨ་མ་ལ་འཁང་ར་ཚད་མེད་བྱས།
ངོ་མ་ཨང་བདུད་རྩི་འདི།
མི་གཞི་ཐང་ལ་བརྡབ་བྱེད་ཀྱི་སྨན་མཆོག་འདྲ།
དྲིན་ཆེན་སྐྱེས་མ་ཞེས་པའི་ས་སྟེང་གི་རླབས་ཆེན་འདི་ལ་ཡང་།
མ་རབས་དུག་ཤིང་སྡོང་པོའི་དྲི་ངད་ཀྱིས་འཁྱབ་འདུག
དོ་དགོང་མ་ཁྱེད་མ་སྨྱོ་ན་བུ་མོ་ང་སྨྱོ་བ་འདུག
དོ་དགོང་ཆང་ཁྱོད་མ་བཟི་ཡང་ཨ་མ་ང་བཟི་འདུག
མི་ཡུལ་ན་སྨྱོ་ཆུ་ཡོད་པ་བདེན་ན།
སྨྱོ་མ་ཡོད་པ་ཅིས་མི་བདེན།
མི་ཚོགས་ཀྱི་མདུན་དུ་ཨ་མ་སྨྱོ་བས།
མི་ཚོགས་ཀྱི་ཁྲོད་དུ་བུ་མོ་ངས་ཅི་བྱེད་དགོས།
རླུང་བུའི་ལག་རྟེན་ལ་འཁེན་ནས་འཁྱབ་ཡོང་བའི།
མི་ཁ་མང་པོ་ཞིག།
ཨ་མས་སྐྱུག་པ་དང་མཉམ་དུ་སྐྱུར་ཐུབ་ཀྱང་།
བུ་མོས་ངོ་ཚ་དང་མཉམ་དུ་འཐུང་དགོས་བྱུང་།
ཨ་མ་ལགས་ཁྱེད་རང་སྨྱོ་མེད་ན།
ད་ནས་སྨྱོ་ཆུ་དེ་མ་འཐུང་རོགས།
གཅིན་པ་གཏོང་སྟངས་གཅིག་གིས་ཀྱང་།
བུ་མོ་ངའི་ངོ་གདོང་ཆུ་ལ་བསྐུར་སོང་ཞེས།
ཡ་ང་བའི་བུ་མོ་ཞིག་གི་ཡིད་ནས་རྦ་རླབས་བཞིན་འཕྱུར་ཡོང་ཏེ།
ཨ་མ་ཞིག་གི་སེམས་གཏིང་ནས་གྲགས་འོང་།
དེ་ནས་བཟུང་ཨ་མ་དང་བུ་མོ་དེ་བར་བསྐོར་དུ་ཐེངས་གཅིག་ཀྱང་མ་ཡོང་།
ཨ་མས་གཅིན་པ་བཏང་བ་ནས་རིམ་བཞིན།
གཙོག་པ་བཏང་བའི་བར་དུ།
གྲ་རྒྱས་སུ་སོང་ཞིང་།
ཐོག་མར་བར་བསྐོར་ཁྲོམ་གཞུང་ནས།
གཙུག་ལག་ཁང་གི་ཇོ་བོའི་གཟིམ་ཆུང་དུ།
འཛུལ་ལ་ཉེ་བའི་སྐད་ཆ་ཡལ་ག་ཅན་ཞིག་གང་སར་རྒྱས།
ཨ་མ་སྨྱོ་ཆུ་ལས་སངས་དུས།
མི་རྣམས་སྨྱོ་ནས།
བར་བསྐོར་ནང་དུ་བདུད་མོ་ཞིག་གིས།
གཟི་བྱིན་འབར་བའི་ཇོ་བོ་རིན་པོ་ཆེར།
གཙོག་པ་ཕུལ་བའི་སྒྲུང་ཞིག་གསུངས་རྒྱུ་འདུག
ཨ་མ་ལགས།
ཁྱེད་ཀྱི་སྨྱོ་མ་མང་པོ་འདི་འདྲའི་མདུན་དུ།
ཁྱེད་རང་མི་ཡིན་པའི་དག་སེལ་བྱེད་ཐུབ་བམ།
ཨ་མ་ལགས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བར་སྐོར་ནས་རྙེད་པའི་སྙན་ངག་ཚན་པ་གཉིས།

2012-06-01 དབུ་རུ་དོན་འདུར། ཀློག་གྲངས། མཆན ཡོད།

          བུ་མོ་ཆུང་ཆུང་ཞིག
ལས་བྱ་འབྲི་རྒྱུ་ཡང་།
ཁྲོམ་བཀྱག་གི་ཟུར་དུ་བཞག་ནས།
མི་ཚོགས་ཀྱི་མདུན་དུ་མཐེ་བོང་གནམ་ལ་ཀེར་ནས།
སྒོར་དང་སྒོར་ཟུར་རེ་ཡི་སྦྱིན་པ་བསྩལ་བའི།
སྦྱིན་བདག་ཚོའི་ཨམ་ཕྲག་ལ་ལྡིར་ནས།
ངོ་ཚ་དང་འཚེར་སྣང་ཡང་མི་ཤེས་པའི།  
དྭངས་གཙང་ལྷད་མེད་ཀྱི་སེམས་པ་ཆུང་ཆུང་ཞིག
བུ་མོ་ཆུང་ཆུང་།
ཁྱེད་ནི་མེ་ཏོག་པད་མ་ལས་འཁྲུངས་པའི་ཨོ་རྒྱན་པད་མ་དེ་ཡིན་མི་སྲིད།
ཁྱེད་ནི་རྡོ་ཡིས་ཁོག་པ་ནས་ཐོན་པའི་སྤྲེལ་རྒྱལ་ཝུའུ་ཁུང་དེ་ཡིན་མི་སྲིད།
ཁྱེད་ནི་བརྫུས་ནས་སྐྱེས་པའི་འབུ་སྲིན་དེ་ཚོ་དང་མི་འདྲ་བས།
ཁྱོད་ཀྱི་འཚོ་བའི་ཀློང་དུ།
ཁྱེད་ལ་བརྩེ་བའི་ཨ་མ་དང་།
ཁྱེད་ལ་བྱམས་པའི་པཱ་ལགས་ཀྱང་ཡོད་ངེས་རེད།
ལས་བྱ་ཡང་འབྲི་ཁོམ་མེད་པར།
ལྟོ་གོས་མཐེ་བོང་གིས་འཚོལ་བ་འདི་སྙིང་རེ་རྗེ།
ཁྱོད་ཀྱི་ན་ཚོད་དང་གཟུགས་ཚད་ལ་བསམ་དུས།
ཁྱེད་ཀྱི་ལུས་ཐོག་ནས།
སྒྲ་མེད་གཟུགས་མེད་དུ་མཆེད་འོངས་བའི།
སྐྱོ་ལྷང་ལྷང་གི་ཚོར་བ་ཞིག
ངའི་སྤྱི་གཙུག་ནས་འཛུལ་ཏེ།
སྙིང་གི་རྩེ་ལ་བབ་ནས་ཚ་ཤད་རེ་བརྒྱབ།
བུ་མོ་ཆུང་ཆུང་།
མི་ཚོགས་ཀྱི་ངོ་གདོང་ནས།
ཁྱེད་ལ་སྙིང་རྗེ་བའི་མིག་ཟུང་མང་པོས།
ལེ་བདའ་དང་འཁང་ར་མེད་པར།
ཁྱེད་དང་མཉམ་དུ་ངུ་བ་མཐོང་ན།
ཁྱེད་ཀྱི་ཕ་མ་གཉིས།
ད་དུང་ཡང་ཁྱོད་ལེན་པར་མ་ཡོང་བ་ཅི་རེད།
བུ་མོ་ཆུང་ཆུང་།
ཨ་ཕས་གཡས་ནས་ཁྲིད་དེ།
ཨ་མས་གཡོན་ནས་ཁྲིད་དེ།
ངའི་བུ་མོ་ནོར་བུ་ཞེས།
གཅེས་པར་བསྐྱངས་པའི་བརྒྱབ་གཟུགས་ལ་བལྟས་ནས།
མཆི་མ་མིད་ཀྱང་།
ཁྱོད་ལ་ད་ལྟ་ནས་ལྟོ་གོས་ཀྱི་མནར་གཅོད་འདི་ལྟར་གཏོང་བར།
སེམས་པ་མ་སྐྱོ།
ཁྱོད་ཀྱང་ད་ལྟ་ལྗང་པ་སྔོན་པོ་ཞིག་ཡིན་པས།
གཞན་གྱི་ཡིད་སྨོན་བྱེད་པའི་འབྲས་བུ་རེ་འདོགས་སྲིད།
དེ་དུས་ཁྱེད་སླར་ཡང་འདི་ཁར་ཕེབས་དང་།
ཡིད་སྐྱོ་བའི་འདས་དོན་དེ།
ཁྱེད་ཀྱི་དགའ་སྤྲོ་ཞིག་ལའང་སྒོམ་ཆོག
 འོན་ཀྱང་དེ་དུས།
ཨ་མའི་པང་དུ་ཉལ་ནས།
ཨ་ཕའི་སྐེ་ལ་འཐམས་ནས།
མི་ཚོགས་ལ་སྡང་མིག་མ་བལྟ་རོགས་ཞེས།
ཁྱེད་དང་ངའི་མིག་ཆུ་མཉམ་དུ་མ་འདྲེས་གོང་།
ངས་ཁྱེད་ལ་རེ་བ་ཞུ།
བུ་མོ་ཆུང་ཆུང་།
 
           ཨ་མ་ལགས།
སྐྱུར་རྩིས་སེམས་པ་འཚོས་ནས།
ངོ་ཚ་ཡང་བརྗེད་པའི་ཨ་མ་དེས།
མི་ཚོགས་ཀྱི་གཡས་བསྐོར་རྒྱག་སའི།
བར་བསྐོར་གྱི་ཁྲོམ་སྲང་དུ།
སུས་ཀྱང་ངོ་ཚར་འཛིན་པའི་གསང་བ་ཐ་དག
ཕྱི་རུ་བཏོན་ནས་གཅིན་པ་བཏང་།
མགོ་བོ་གཞན་འོག་ཏུ་ནམ་ཡང་བཅུག་མ་མྱོང་བའི་བུ་མོ་ལོ་ཆུང་དེས།
སིའུ་ལས་དམར་བའི་ངོ་གདོང་སྙིང་རྗེ་པོ་དེ།
སྦས་ནས་ཨ་མ་ལ་འཁང་ར་ཚད་མེད་བྱས།
ངོ་མ་ཨང་བདུད་རྩི་འདི།
མི་གཞི་ཐང་ལ་བརྡབ་བྱེད་ཀྱི་སྨན་མཆོག་འདྲ།
དྲིན་ཆེན་སྐྱེས་མ་ཞེས་པའི་ས་སྟེང་གི་རླབས་ཆེན་འདི་ལ་ཡང་།
མ་རབས་དུག་ཤིང་སྡོང་པོའི་དྲི་ངད་ཀྱིས་འཁྱབ་འདུག
དོ་དགོང་མ་ཁྱེད་མ་སྨྱོ་ན་བུ་མོ་ང་སྨྱོ་བ་འདུག
དོ་དགོང་ཆང་ཁྱོད་མ་བཟི་ཡང་ཨ་མ་ང་བཟི་འདུག
མི་ཡུལ་ན་སྨྱོ་ཆུ་ཡོད་པ་བདེན་ན།
སྨྱོ་མ་ཡོད་པ་ཅིས་མི་བདེན།
མི་ཚོགས་ཀྱི་མདུན་དུ་ཨ་མ་སྨྱོ་བས།
མི་ཚོགས་ཀྱི་ཁྲོད་དུ་བུ་མོ་ངས་ཅི་བྱེད་དགོས།
རླུང་བུའི་ལག་རྟེན་ལ་འཁེན་ནས་འཁྱབ་ཡོང་བའི།
མི་ཁ་མང་པོ་ཞིག།
ཨ་མས་སྐྱུག་པ་དང་མཉམ་དུ་སྐྱུར་ཐུབ་ཀྱང་།
བུ་མོས་ངོ་ཚ་དང་མཉམ་དུ་འཐུང་དགོས་བྱུང་།
ཨ་མ་ལགས་ཁྱེད་རང་སྨྱོ་མེད་ན།
ད་ནས་སྨྱོ་ཆུ་དེ་མ་འཐུང་རོགས།
གཅིན་པ་གཏོང་སྟངས་གཅིག་གིས་ཀྱང་།
བུ་མོ་ངའི་ངོ་གདོང་ཆུ་ལ་བསྐུར་སོང་ཞེས།
ཡ་ང་བའི་བུ་མོ་ཞིག་གི་ཡིད་ནས་རྦ་རླབས་བཞིན་འཕྱུར་ཡོང་ཏེ།
ཨ་མ་ཞིག་གི་སེམས་གཏིང་ནས་གྲགས་འོང་།
དེ་ནས་བཟུང་ཨ་མ་དང་བུ་མོ་དེ་བར་བསྐོར་དུ་ཐེངས་གཅིག་ཀྱང་མ་ཡོང་།
ཨ་མས་གཅིན་པ་བཏང་བ་ནས་རིམ་བཞིན།
གཙོག་པ་བཏང་བའི་བར་དུ།
གྲ་རྒྱས་སུ་སོང་ཞིང་།
ཐོག་མར་བར་བསྐོར་ཁྲོམ་གཞུང་ནས།
གཙུག་ལག་ཁང་གི་ཇོ་བོའི་གཟིམ་ཆུང་དུ།
འཛུལ་ལ་ཉེ་བའི་སྐད་ཆ་ཡལ་ག་ཅན་ཞིག་གང་སར་རྒྱས།
ཨ་མ་སྨྱོ་ཆུ་ལས་སངས་དུས།
མི་རྣམས་སྨྱོ་ནས།
བར་བསྐོར་ནང་དུ་བདུད་མོ་ཞིག་གིས།
གཟི་བྱིན་འབར་བའི་ཇོ་བོ་རིན་པོ་ཆེར།
གཙོག་པ་ཕུལ་བའི་སྒྲུང་ཞིག་གསུངས་རྒྱུ་འདུག
ཨ་མ་ལགས།
ཁྱེད་ཀྱི་སྨྱོ་མ་མང་པོ་འདི་འདྲའི་མདུན་དུ།
ཁྱེད་རང་མི་ཡིན་པའི་དག་སེལ་བྱེད་ཐུབ་བམ།
ཨ་མ་ལགས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།