ཉི་ཤར་སྐབས་ཀྱི་དྲན་འཆར།

ཚེ་རིང་བདེ་སྐྱིད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-30


པོ་ཏ་ལ    ཡང་ན་རི་བོ་གྲུ་འཛིན
ནོར་མེད་འཁྲུལ་མེད་ཀྱི་ཕོ་བྲང    རྒྱལ་མཁར་དམར་པོ
ངོ་མཚར་མཚར་གྱིས     ལྗིད་ཏིག་ཏིག་གིས
ངའི་རྨི་ལམ་དུ་འཆར་དུས     ཅི་ཞིག་ཡིད་ལ་བསྒོམ་དགོས་སམ
 
ཉམས་ཉེས་ཀྱི་རྡོ་རིང   ཕར་སོང་གི་ལོ་ཟླ
བདག་གི་དྲན་ཤིང་དུ་ལུས་པའི་མེ་ལོང་ཆག་པོ
ཡང་ན     སྒྱུ་རྩལ་གྱི་མངའ་ཐང་ཆེན་པོ
 
ཉི་ཤར་གྱི་སྐབས་དང་སྐབས་སུ
ལྷ་ས་ནས     སྲོང་བཙན་སྒོམ་པོ་དྲན་ཆོག་གམ
སྙན་ངག་པ་ཚངས་དབྱངས་རྒྱ་མཚོ་དྲན་ཆོག་གམ
ཡང་ན་དྲན་ཆོག་ཆོག་གི་མེས་པོ་དེ་དག་དྲན་ཆོག་གམ
 
ཉི་ཟེར་རྒྱ་ཕིབས་ཀྱི་གསེར་ཏོག་ལ་འཕྲོས་ཏེ
པོ་ཏ་ལ་ཉི་འོད་ཀྱི་ཟེགས་མའི་ཀློང་ནས་མཁའ་ལ་འཕགས
ཉི་འོད་རིམ་བཞིན་ཕོ་བྲང་དང་གྲོང་ཁྱེར་ཡོངས་ལ་ཁྱབ
གསེར་འོད་ལམ་ལམ་གྱི་རྒྱ་ཕིབས་འོག་ཏུ་ངས་ཅི་ཞིག་དྲན་འོས་སམ
            ༢༠༡༢ལོའི་ཟླ༤པའི་ཚེས༢༣ཉིན་སློབ་གླིང་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་ཤར་སྐབས་ཀྱི་དྲན་འཆར།

2012-05-30 ཚེ་རིང་བདེ་སྐྱིད། ཀློག་གྲངས། མཆན ཡོད།


པོ་ཏ་ལ    ཡང་ན་རི་བོ་གྲུ་འཛིན
ནོར་མེད་འཁྲུལ་མེད་ཀྱི་ཕོ་བྲང    རྒྱལ་མཁར་དམར་པོ
ངོ་མཚར་མཚར་གྱིས     ལྗིད་ཏིག་ཏིག་གིས
ངའི་རྨི་ལམ་དུ་འཆར་དུས     ཅི་ཞིག་ཡིད་ལ་བསྒོམ་དགོས་སམ
 
ཉམས་ཉེས་ཀྱི་རྡོ་རིང   ཕར་སོང་གི་ལོ་ཟླ
བདག་གི་དྲན་ཤིང་དུ་ལུས་པའི་མེ་ལོང་ཆག་པོ
ཡང་ན     སྒྱུ་རྩལ་གྱི་མངའ་ཐང་ཆེན་པོ
 
ཉི་ཤར་གྱི་སྐབས་དང་སྐབས་སུ
ལྷ་ས་ནས     སྲོང་བཙན་སྒོམ་པོ་དྲན་ཆོག་གམ
སྙན་ངག་པ་ཚངས་དབྱངས་རྒྱ་མཚོ་དྲན་ཆོག་གམ
ཡང་ན་དྲན་ཆོག་ཆོག་གི་མེས་པོ་དེ་དག་དྲན་ཆོག་གམ
 
ཉི་ཟེར་རྒྱ་ཕིབས་ཀྱི་གསེར་ཏོག་ལ་འཕྲོས་ཏེ
པོ་ཏ་ལ་ཉི་འོད་ཀྱི་ཟེགས་མའི་ཀློང་ནས་མཁའ་ལ་འཕགས
ཉི་འོད་རིམ་བཞིན་ཕོ་བྲང་དང་གྲོང་ཁྱེར་ཡོངས་ལ་ཁྱབ
གསེར་འོད་ལམ་ལམ་གྱི་རྒྱ་ཕིབས་འོག་ཏུ་ངས་ཅི་ཞིག་དྲན་འོས་སམ
            ༢༠༡༢ལོའི་ཟླ༤པའི་ཚེས༢༣ཉིན་སློབ་གླིང་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།