མཚན་གུང་གི་མྱོང་བ་རབ་རིབ།


ས་ཆེན་གྱི་བྲང་གཞུང་ལ་མགོ་བོ་ཀླན་ཏེ།
མུན་པའི་གཏིང་རུམ་དུ་ལག་པ་བསྲིངས་དུས།
ཟླ་བའང་བདག་གི་ལག་མཐིལ་ན།
རེས་གསལ་རེས་མོག་གིས་་་
སུ་ཞིག་གི་སེམས་ཀྱི་མཚོ་ཁ་རུ་ཕྱོགས་འདུག

རྩ་མགོར་ཆགས་པའི་ཟིལ་བ་དང་མུ་ཏིག་གི་སྐེ་རྒྱན།
ད་དུང་སྐར་མའི་མིག་ཟུང་།
བདག་གི་དྲན་པ་བསླུ་བའི་ལྕགས་ཀྱུ་རེད།
ལྕགས་ཀྱུ་དེ་གསེར་རེད །  དངུལ་རེད།
ཡང་ན་གང་ཡང་མ་རེད།

གཙང་ཆབ་ལྷུང་ལྷུང་འབབ་པའི་བཞུར་སྒྲ་དེ།
ལྷིང་འཇགས་ཀྱི་པང་ནས་མཛེས་པ་གཞན་ཞིག་མངོན་ཡོང་།
རྩེ་དགར་རོལ་བའི་གསེར་མིག་དང་ཆུ་ཤེལ་འདྲ་བའི་རྡེའུ།
དབང་མེད་དུ་དྲན་པའི་སྒེའུ་འགྲམ་དུ་སླེབས་ཡོང་།
ཐམས་ཅད་གཉིད་ཀྱི་བདེ་བར་རོལ་བའི་དུས་འདིར།
བདག་ལ་ན་ཟུག་དང་བདེ་བ་མཉམ་དུ་སྐྱེ་གི

ལྷིང་འཇགས་ནི་བདེ་བ་གཞན་ཞིག
ལྷིང་འཇགས་ནི་སྡུག་བསྔལ་གཞན་ཞིག
ནམ་ཞིག་སེམས་ཀྱི་ངལ་བ་མེད་པར་བདག་ཀྱང་རང་དགར་གཉིད་སོང་ན།
ལྷ་མོའི་ཕྱག་རྒྱ་དང་འཛུམས་ཆུང་བདག་གི་རྨི་ལམ་དུ་འཆར་སྲིད།
དེ་དུས་བྱུ་རུའི་སྡོང་བོ་ཞིག་ཀྱང་བདག་གི་སེམས་ཁ་རུ་སྐྱེ་སྲིད།
               ༢༠༡༢ལོའི་ཟླ༤པའི་ཚེས༢༥ཉིན་ལ །                     
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་གུང་གི་མྱོང་བ་རབ་རིབ།

2012-04-27 ནམ་ལང་། ཀློག་གྲངས། མཆན ཡོད།


ས་ཆེན་གྱི་བྲང་གཞུང་ལ་མགོ་བོ་ཀླན་ཏེ།
མུན་པའི་གཏིང་རུམ་དུ་ལག་པ་བསྲིངས་དུས།
ཟླ་བའང་བདག་གི་ལག་མཐིལ་ན།
རེས་གསལ་རེས་མོག་གིས་་་
སུ་ཞིག་གི་སེམས་ཀྱི་མཚོ་ཁ་རུ་ཕྱོགས་འདུག

རྩ་མགོར་ཆགས་པའི་ཟིལ་བ་དང་མུ་ཏིག་གི་སྐེ་རྒྱན།
ད་དུང་སྐར་མའི་མིག་ཟུང་།
བདག་གི་དྲན་པ་བསླུ་བའི་ལྕགས་ཀྱུ་རེད།
ལྕགས་ཀྱུ་དེ་གསེར་རེད །  དངུལ་རེད།
ཡང་ན་གང་ཡང་མ་རེད།

གཙང་ཆབ་ལྷུང་ལྷུང་འབབ་པའི་བཞུར་སྒྲ་དེ།
ལྷིང་འཇགས་ཀྱི་པང་ནས་མཛེས་པ་གཞན་ཞིག་མངོན་ཡོང་།
རྩེ་དགར་རོལ་བའི་གསེར་མིག་དང་ཆུ་ཤེལ་འདྲ་བའི་རྡེའུ།
དབང་མེད་དུ་དྲན་པའི་སྒེའུ་འགྲམ་དུ་སླེབས་ཡོང་།
ཐམས་ཅད་གཉིད་ཀྱི་བདེ་བར་རོལ་བའི་དུས་འདིར།
བདག་ལ་ན་ཟུག་དང་བདེ་བ་མཉམ་དུ་སྐྱེ་གི

ལྷིང་འཇགས་ནི་བདེ་བ་གཞན་ཞིག
ལྷིང་འཇགས་ནི་སྡུག་བསྔལ་གཞན་ཞིག
ནམ་ཞིག་སེམས་ཀྱི་ངལ་བ་མེད་པར་བདག་ཀྱང་རང་དགར་གཉིད་སོང་ན།
ལྷ་མོའི་ཕྱག་རྒྱ་དང་འཛུམས་ཆུང་བདག་གི་རྨི་ལམ་དུ་འཆར་སྲིད།
དེ་དུས་བྱུ་རུའི་སྡོང་བོ་ཞིག་ཀྱང་བདག་གི་སེམས་ཁ་རུ་སྐྱེ་སྲིད།
               ༢༠༡༢ལོའི་ཟླ༤པའི་ཚེས༢༥ཉིན་ལ །                     
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།