རེ་ཐག་ཆད་པའི་སློབ་མ་འགའ་ལ།

ཀ་ཡེ་ཁོ་བོ་ཟ་ཁང་ནང་དུ་སོང་། །
ཁ་ནས་རྩེད་མཚར་གླེང་བའི་སློབ་བུ་འགས། །
ག་ལེར་ངོ་ཚ་མི་བསམ་ཟས་མཆོག་བཞེས། །
ང་ཡིས་དེ་སྐད་རིགས་ལ་འདི་ལྟར་བཤད། །
 
ཅ་ཅོའི་གཏམ་ངན་དེང་སང་རྒྱུགས་དྲེགས་པས། །
ཆ་ལུགས་གཞན་ལྟ་ཅུང་ཙམ་བྱེད་དགོས་ཀྱང་། །
ཇ་འཐུང་ཤེས་བྱ་ཙམ་ལས་མི་ལྡན་ན ། །
ཉ་ཉོག་གཏམ་འདི་ཁྱེད་ཚོར་སྐྱེས་སུ་སྤྲིངས། །
 
 ཏ་ལེན་ཁུར་མཁན་ཕ་ལོའི་རེ་བ་དང་། །
 ཐ་མའི་རྒྱུགས་འབྲས་སྐར་གྲངས་སྒོང་ང་དང་། །
 ད་ལྟ་རེ་བཞག་ཆད་པའི་འཇམ་བསམ་ང་། །
ན་གཞོན་ཁྱེད་ཚོར་གཏིང་ནས་ཨ་ཐང་ཆད། །
 
པ་ཏྲའི་རི་མོ་མིག་ཏུ་མཛེས་ནའང་། །
ཕ་རོལ་སློབ་བུ་དག་གི་བྱ་སྤྱོད་སོགས། །
བ་གླང་དུད་འགྲོ་ཞིག་དང་ཁྱད་མེད་པས། །
མ་ཡུམ་སློབ་གླིང་འགྲིམས་པའི་དགོས་དོན་གང་། །
 
ཙ་ཙོར་རྒྱན་ཆ་མང་བའི་གྲོང་ཁྱེར་ནས། །
ཚ་ཁུའི་བྲོ་བ་ཞིག་ལས་མ་མྱོང་བས། །
ཛ་དྲེགས་བྱ་ངན་སློབ་པའི་འཁྱམས་པོ་ཚོས། །
ཝ་མོ་དག་གི་ཝ་ཞྭ་གོན་ན་མཛེས། །
 
ཞྭ་སེར་བསྟན་པའི་དགོངས་དོན་མ་རྟོགས་རུང་། །
ཟ་སྒོ་བཅག་ནས་རང་ཁྱིམ་སྒམ་ཆུང་དེ། །
འ་འུར་ཆེ་བའི་སྒྱུ་མའི་གྲོང་ཚོ་ན ། །
ཡ་མཚན་ཚོང་རྫས་ཡིན་ཞེས་བཙོང་གྱིན་འདུག །
 
ར་ལྟར་གྱོང་བའི་གཤིས་ཀ་ངན་པ་དེ།  །
ལ་ལུང་བླ་མ་ཨ་ཕས་ཞུས་ན་ཡང་། །
ཤ་ལུས་ཆད་པའི་བུ་ཕྲུག་རྐུན་མ་ལ། །
ས་ཆེན་བླ་མས་གདམས་ངག་ཡོད་མ་མིན། །
 
ཧ་ལམ་འདི་འདྲའི་རིགས་ལ་མ་དམོད་ན། །
ཨ་མཚར་ཨ་ཕས་མ་དངུལ་ཚར་འགྲོ་བས། །
ཧ་ཧ་ཧོ་ཧོ་མ་ཟེར་སྙན་ཚིག་འདི། །
ཨ་ཕས་བདེ་སྡུག་བསམ་གྱིན་དབང་མེད་སྤྲིངས། །
         ཞེས་པ་འདི་ནི་འགར་རྩེ་ས་ཁུལ་གྱི་མཐོ་རྒྱུགས་མ་འཕྲོད་པའི་སློབ་བུ་དག་ལ་མགར་བུ་འཇམ་བསམ་གྱིས་ཟ་ཁང་ནང་དུ་ཤར་མར་བྲིས།  

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རེ་ཐག་ཆད་པའི་སློབ་མ་འགའ་ལ།

2012-08-14 མགར་འཇམ་བསམ། ཀློག་གྲངས། མཆན ཡོད།

ཀ་ཡེ་ཁོ་བོ་ཟ་ཁང་ནང་དུ་སོང་། །
ཁ་ནས་རྩེད་མཚར་གླེང་བའི་སློབ་བུ་འགས། །
ག་ལེར་ངོ་ཚ་མི་བསམ་ཟས་མཆོག་བཞེས། །
ང་ཡིས་དེ་སྐད་རིགས་ལ་འདི་ལྟར་བཤད། །
 
ཅ་ཅོའི་གཏམ་ངན་དེང་སང་རྒྱུགས་དྲེགས་པས། །
ཆ་ལུགས་གཞན་ལྟ་ཅུང་ཙམ་བྱེད་དགོས་ཀྱང་། །
ཇ་འཐུང་ཤེས་བྱ་ཙམ་ལས་མི་ལྡན་ན ། །
ཉ་ཉོག་གཏམ་འདི་ཁྱེད་ཚོར་སྐྱེས་སུ་སྤྲིངས། །
 
 ཏ་ལེན་ཁུར་མཁན་ཕ་ལོའི་རེ་བ་དང་། །
 ཐ་མའི་རྒྱུགས་འབྲས་སྐར་གྲངས་སྒོང་ང་དང་། །
 ད་ལྟ་རེ་བཞག་ཆད་པའི་འཇམ་བསམ་ང་། །
ན་གཞོན་ཁྱེད་ཚོར་གཏིང་ནས་ཨ་ཐང་ཆད། །
 
པ་ཏྲའི་རི་མོ་མིག་ཏུ་མཛེས་ནའང་། །
ཕ་རོལ་སློབ་བུ་དག་གི་བྱ་སྤྱོད་སོགས། །
བ་གླང་དུད་འགྲོ་ཞིག་དང་ཁྱད་མེད་པས། །
མ་ཡུམ་སློབ་གླིང་འགྲིམས་པའི་དགོས་དོན་གང་། །
 
ཙ་ཙོར་རྒྱན་ཆ་མང་བའི་གྲོང་ཁྱེར་ནས། །
ཚ་ཁུའི་བྲོ་བ་ཞིག་ལས་མ་མྱོང་བས། །
ཛ་དྲེགས་བྱ་ངན་སློབ་པའི་འཁྱམས་པོ་ཚོས། །
ཝ་མོ་དག་གི་ཝ་ཞྭ་གོན་ན་མཛེས། །
 
ཞྭ་སེར་བསྟན་པའི་དགོངས་དོན་མ་རྟོགས་རུང་། །
ཟ་སྒོ་བཅག་ནས་རང་ཁྱིམ་སྒམ་ཆུང་དེ། །
འ་འུར་ཆེ་བའི་སྒྱུ་མའི་གྲོང་ཚོ་ན ། །
ཡ་མཚན་ཚོང་རྫས་ཡིན་ཞེས་བཙོང་གྱིན་འདུག །
 
ར་ལྟར་གྱོང་བའི་གཤིས་ཀ་ངན་པ་དེ།  །
ལ་ལུང་བླ་མ་ཨ་ཕས་ཞུས་ན་ཡང་། །
ཤ་ལུས་ཆད་པའི་བུ་ཕྲུག་རྐུན་མ་ལ། །
ས་ཆེན་བླ་མས་གདམས་ངག་ཡོད་མ་མིན། །
 
ཧ་ལམ་འདི་འདྲའི་རིགས་ལ་མ་དམོད་ན། །
ཨ་མཚར་ཨ་ཕས་མ་དངུལ་ཚར་འགྲོ་བས། །
ཧ་ཧ་ཧོ་ཧོ་མ་ཟེར་སྙན་ཚིག་འདི། །
ཨ་ཕས་བདེ་སྡུག་བསམ་གྱིན་དབང་མེད་སྤྲིངས། །
         ཞེས་པ་འདི་ནི་འགར་རྩེ་ས་ཁུལ་གྱི་མཐོ་རྒྱུགས་མ་འཕྲོད་པའི་སློབ་བུ་དག་ལ་མགར་བུ་འཇམ་བསམ་གྱིས་ཟ་ཁང་ནང་དུ་ཤར་མར་བྲིས།  

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།