བརྩེ་ཆེན་གྱི་འདོད་བློ།
ལམ་ལམ་དུ་འབར་ཞིང
ཡིད་སེམས་ཀྱི་མེ་ཕུང་དམར་པོ་དེའང
ལྕེ་རྩེ་ནས་ཀེར་ཏེ
ང་ལ་མཆུ་སྒྲོས་མང་དུ་གླན་ཞིང
ཁྱེད་ནི་སྨྱོ་ཧམ་དང་བཅས
ང་ཡི་ཆགས་སེམས་ཀྱི་ཉམས་ཀྱང
མེ་ཐོག་ཏུ་སྦར་བྱུང
2/8/2012 ཉིན་ཕྱི་གླིང་བུ་མོ་ཞིག་གི་མིག་མདངས་ལས་གྲུབ།
རྩོམ་ཁུངས། ངེད་དྲ་བ།