ཁ་སང་ལྟ་བུའི་བུ་མོ། བུ་མོ་ལྟ་བུའི་ཁ་སང་།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-07-27

                -ཕྱིར་རྟོག་གི་ལེའུ།
བུ་མོ་ཞིག་ཁ་སང་བཞིན་ང་དང་གྱེས་སོང
བུ་མོ་དེའི་གྱེས་ཚུལ་ནི
བརྗེད་མི་ཐུབ་པའི་ཁ་སང་ཞིག་དང་ཅི་འདྲའི་མཚུངས་ཨང
ཁ་སང་གླེང་ཐེངས་རེར
བུ་མོ་དེའི་བཞིན་རས་ཁ་སང་གི་བར་གསེང་ནས་འཛུམ་འོངས
ཁ་སང་ངས་འདས་སོང་ལ་བལྟས་ཆོག་པའི་མེ་ལོང་ཞིག་དང་འདྲ་འདུག
བུ་མོ་དེ་ཁ་སང་ན་འཛུམ་པའི་ངའི་ཁ་སང་ཞིག་གི་བདག་མོ་དེ་ཡིན་འདུག

 
ཁ་སང་ཞིག་བུ་མོ་ཞིག་དང་མཉམ་པར་ང་དང་གྱེས་སོང
ཁ་སང་དེའི་བཞུད་ཚུལ་ནི
རྒྱང་ལ་ཆས་པའི་བུ་མོ་དེའི་ཕྱིར་མིག་དང་ཅི་འདྲའི་མཚུངས་ཨང
བུ་མོ་དེ་དྲན་ཐེངས་རེར
ཁ་སང་གི་ལོ་ཟླ་ཞིག་བུ་མོ་དེའི་གཏམ་རྒྱུད་ཀྱི་ཧྲག་བར་ནས་འཚེར་འོངས
བུ་མོ་དེ་ངས་བརྗེད་མི་ཐུབ་པའི་སྔོན་ཆད་སྔོན་ཆད་ཅིག་དང་འདྲ་འདུག
ཁ་སང་ཞིག་བུ་མོ་དེ་དང་འདྲ་བའི་ངའི་ཡིད་ཀྱི་དྲན་ཤིང་དེ་ཡིན་འདུག

 
ཁ་སང་ལྟ་བུའི་བུ་མོ་དེ
ད་ལྟ་གང་ཞིག་ན་རྩེད་ཀྱིན་དགོད་ཀྱིན་འདུག་གམ
བུ་མོ་ལྟ་བུའི་ཁ་སང་དེ
ང་ལ་ད་ལྟ་ད་དུང་ཅི་ཙམ་ཞིག་ལྷག་ཡོད་དམ

 
བུ་མོ་ཞིག་བུད་སོང
ཁ་སང་ཞིག་ཀྱང་ཁོ་མོ་དང་མཉམ་པར་བཞུད་སོང
བུ་མོ་དེ་མིང་ནས་བོས་ཏེ་བྲང་ལ་སྦྱར་ཆོག
ཁ་སང  ཁ་སང་ཞིག
ཇི་ལྟར་བཙའ་ནས་ལག་པས་འཇུའམ
                                                                    ༢༠༡༢ ༦ ༧ དགོང་མོར།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་སང་ལྟ་བུའི་བུ་མོ། བུ་མོ་ལྟ་བུའི་ཁ་སང་།

2012-07-27 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

                -ཕྱིར་རྟོག་གི་ལེའུ།
བུ་མོ་ཞིག་ཁ་སང་བཞིན་ང་དང་གྱེས་སོང
བུ་མོ་དེའི་གྱེས་ཚུལ་ནི
བརྗེད་མི་ཐུབ་པའི་ཁ་སང་ཞིག་དང་ཅི་འདྲའི་མཚུངས་ཨང
ཁ་སང་གླེང་ཐེངས་རེར
བུ་མོ་དེའི་བཞིན་རས་ཁ་སང་གི་བར་གསེང་ནས་འཛུམ་འོངས
ཁ་སང་ངས་འདས་སོང་ལ་བལྟས་ཆོག་པའི་མེ་ལོང་ཞིག་དང་འདྲ་འདུག
བུ་མོ་དེ་ཁ་སང་ན་འཛུམ་པའི་ངའི་ཁ་སང་ཞིག་གི་བདག་མོ་དེ་ཡིན་འདུག

 
ཁ་སང་ཞིག་བུ་མོ་ཞིག་དང་མཉམ་པར་ང་དང་གྱེས་སོང
ཁ་སང་དེའི་བཞུད་ཚུལ་ནི
རྒྱང་ལ་ཆས་པའི་བུ་མོ་དེའི་ཕྱིར་མིག་དང་ཅི་འདྲའི་མཚུངས་ཨང
བུ་མོ་དེ་དྲན་ཐེངས་རེར
ཁ་སང་གི་ལོ་ཟླ་ཞིག་བུ་མོ་དེའི་གཏམ་རྒྱུད་ཀྱི་ཧྲག་བར་ནས་འཚེར་འོངས
བུ་མོ་དེ་ངས་བརྗེད་མི་ཐུབ་པའི་སྔོན་ཆད་སྔོན་ཆད་ཅིག་དང་འདྲ་འདུག
ཁ་སང་ཞིག་བུ་མོ་དེ་དང་འདྲ་བའི་ངའི་ཡིད་ཀྱི་དྲན་ཤིང་དེ་ཡིན་འདུག

 
ཁ་སང་ལྟ་བུའི་བུ་མོ་དེ
ད་ལྟ་གང་ཞིག་ན་རྩེད་ཀྱིན་དགོད་ཀྱིན་འདུག་གམ
བུ་མོ་ལྟ་བུའི་ཁ་སང་དེ
ང་ལ་ད་ལྟ་ད་དུང་ཅི་ཙམ་ཞིག་ལྷག་ཡོད་དམ

 
བུ་མོ་ཞིག་བུད་སོང
ཁ་སང་ཞིག་ཀྱང་ཁོ་མོ་དང་མཉམ་པར་བཞུད་སོང
བུ་མོ་དེ་མིང་ནས་བོས་ཏེ་བྲང་ལ་སྦྱར་ཆོག
ཁ་སང  ཁ་སང་ཞིག
ཇི་ལྟར་བཙའ་ནས་ལག་པས་འཇུའམ
                                                                    ༢༠༡༢ ༦ ༧ དགོང་མོར།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།