ཝ་མོ་དང་ཁྭ་ཏ།

དབུ་རུ་དོན་འདུར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-07-23


གཡོ་ཅན་སྙན་པར་སྨྲ་བ་ནི།།
རང་དོན་ཡིན་གྱི་གུས་ཕྱིར་མིན།།
ཝ་མོས་ཁྭ་ཏར་བསྟོད་པ་ཡང་།།
ཁ་ཤ་བསམ་ལས་དགའ་ནས་མིན།།
      
ཁྱེད་ཀྱི་སྒྲོ་ནི་རྨ་བྱའི་སྒྲོ་ལས་མཛེས།
ཁྱེད་ཀྱི་སྐད་ནི་འཇོལ་མོའི་སྐད་ལས་སྙན།
ཁྭ་ཏ་ལགས།
ཁྱེད་ལ་རྨ་བྱ་ལས་མཛེས་པའི་སྒྲོ་ཞིག་ཡོད་དམ།
ཁྱེད་ལ་འཇོལ་མོ་སྐད་ལས་སྙན་པའི་སྐད་ཞིག་ཡོད་དམ།
ཁྭ་ཏ་ལགས།
ཚིག་རྒྱན་དེ་དག་གི་གསེབ་ནས།
དུག་རླངས་ཐུལ་ཐུལ་བྱེད་པ་མ་ཤེས་སམ།
གཏམ་སྙན་དེ་དག་གི་བར་ནས།
ཧམ་སེམས་མེ་ལྕེ་འབར་བ་མ་རྟོགས་སམ།
ཁྭ་ཏ་ལགས།
ཝ་མོས་སྙན་ཚིག་གི་མགུལ་རྒྱན་རེ་རེ་གཡོག་ནས།
ཝ་མོས་གཏམ་སྙན་གྱི་འོབས་དོང་རེ་རེ་དྲུས་ནས།
ཁྱེད་ཀྱི་ཁ་ནང་གི་ཤ་རྡོག་དེ།
རང་ལ་ཐོབ་རྒྱུའི་འབད་བརྩོན་བྱེད་པ་མ་ཤེས་སམ།
གང་ལྟར་ཁྱེད་ནི། 
སྒྲོ་གདོང་མཛེས་པའི་རྨ་བྱ་མ་རེད།
གསུངས་སྐད་སྙན་པའི་འཇོལ་མོ་མ་རེད།
ཁྱེད་ནི་ཁྱེད་དེ་ནམ་ཡང་འགྱུར་བ་མེད་པའི་ཁྭ་ཏ་རེད།
འོན་ཀྱང་ཁྱེད་རང་།
ཝ་མོའི་གཡོ་བསྟོད་ཀྱི་བཟི་ནས་རང་གི་འབྲས་བུ་ཝ་མོ་ལ་ཤོར་བ་ནི།
སྐབས་ཅིག་གི་ཕམ་ཁ་ཞིག་ག་ལ་ཡིན།
ཝ་མོ་དང་ཝ་མོ་འདྲ་བ་ཚོས།
འདི་ལྟ་བུའི་སྙན་ཚིག་གི་དོང་ཁ་དྲུས་ནས།
ཁྭ་ཏ་དང་ཁྭ་ཏ་འདྲ་བ་མང་པོ་ཞིག
གཏིང་ལ་བརྫངས།
ཝ་མོ་དང་ཝ་མོ་འདྲ་བ་ཚོས།
ཟོལ་བསྟོད་ཀྱི་གཏམ་རྩལ་སྤྱད་ནས།
ཁྭ་ཏ་དང་ཁྭ་ཏ་འདྲ་བ་ཚོ།
རྨོངས་སུ་བཅུག
ཁྭ་ཏ་དང་ཝ་མོ།
ཡང་སྙིང་སུ་ལ་ལན་པ་ཡོད་མེད་དེ།
རང་རང་གི་ལན་ཞིག་གནང་དང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཝ་མོ་དང་ཁྭ་ཏ།

2012-07-23 དབུ་རུ་དོན་འདུར། ཀློག་གྲངས། མཆན ཡོད།


གཡོ་ཅན་སྙན་པར་སྨྲ་བ་ནི།།
རང་དོན་ཡིན་གྱི་གུས་ཕྱིར་མིན།།
ཝ་མོས་ཁྭ་ཏར་བསྟོད་པ་ཡང་།།
ཁ་ཤ་བསམ་ལས་དགའ་ནས་མིན།།
      
ཁྱེད་ཀྱི་སྒྲོ་ནི་རྨ་བྱའི་སྒྲོ་ལས་མཛེས།
ཁྱེད་ཀྱི་སྐད་ནི་འཇོལ་མོའི་སྐད་ལས་སྙན།
ཁྭ་ཏ་ལགས།
ཁྱེད་ལ་རྨ་བྱ་ལས་མཛེས་པའི་སྒྲོ་ཞིག་ཡོད་དམ།
ཁྱེད་ལ་འཇོལ་མོ་སྐད་ལས་སྙན་པའི་སྐད་ཞིག་ཡོད་དམ།
ཁྭ་ཏ་ལགས།
ཚིག་རྒྱན་དེ་དག་གི་གསེབ་ནས།
དུག་རླངས་ཐུལ་ཐུལ་བྱེད་པ་མ་ཤེས་སམ།
གཏམ་སྙན་དེ་དག་གི་བར་ནས།
ཧམ་སེམས་མེ་ལྕེ་འབར་བ་མ་རྟོགས་སམ།
ཁྭ་ཏ་ལགས།
ཝ་མོས་སྙན་ཚིག་གི་མགུལ་རྒྱན་རེ་རེ་གཡོག་ནས།
ཝ་མོས་གཏམ་སྙན་གྱི་འོབས་དོང་རེ་རེ་དྲུས་ནས།
ཁྱེད་ཀྱི་ཁ་ནང་གི་ཤ་རྡོག་དེ།
རང་ལ་ཐོབ་རྒྱུའི་འབད་བརྩོན་བྱེད་པ་མ་ཤེས་སམ།
གང་ལྟར་ཁྱེད་ནི། 
སྒྲོ་གདོང་མཛེས་པའི་རྨ་བྱ་མ་རེད།
གསུངས་སྐད་སྙན་པའི་འཇོལ་མོ་མ་རེད།
ཁྱེད་ནི་ཁྱེད་དེ་ནམ་ཡང་འགྱུར་བ་མེད་པའི་ཁྭ་ཏ་རེད།
འོན་ཀྱང་ཁྱེད་རང་།
ཝ་མོའི་གཡོ་བསྟོད་ཀྱི་བཟི་ནས་རང་གི་འབྲས་བུ་ཝ་མོ་ལ་ཤོར་བ་ནི།
སྐབས་ཅིག་གི་ཕམ་ཁ་ཞིག་ག་ལ་ཡིན།
ཝ་མོ་དང་ཝ་མོ་འདྲ་བ་ཚོས།
འདི་ལྟ་བུའི་སྙན་ཚིག་གི་དོང་ཁ་དྲུས་ནས།
ཁྭ་ཏ་དང་ཁྭ་ཏ་འདྲ་བ་མང་པོ་ཞིག
གཏིང་ལ་བརྫངས།
ཝ་མོ་དང་ཝ་མོ་འདྲ་བ་ཚོས།
ཟོལ་བསྟོད་ཀྱི་གཏམ་རྩལ་སྤྱད་ནས།
ཁྭ་ཏ་དང་ཁྭ་ཏ་འདྲ་བ་ཚོ།
རྨོངས་སུ་བཅུག
ཁྭ་ཏ་དང་ཝ་མོ།
ཡང་སྙིང་སུ་ལ་ལན་པ་ཡོད་མེད་དེ།
རང་རང་གི་ལན་ཞིག་གནང་དང་།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།