བདག་གི་ཁུ་ལོ།


བདག་གི་ཁུ་ལོ།  ཁ་སང་གི་དབྱར་གཞུང་དེ་ཅི་འདྲའི་སྐྱིད་འང་།
བརྩེ་ཞེན་གྱི་དམར་ཆུང་རེ་རེར།
དུང་ཞེན་གྱི་ཀི་ཀོ་སྙན་མོས།
དགུན་ཟླ་ཧྲིལ་བོ་ཞིག་གི་འཁྱག་རོམ་གཏོར་དུས།
བཟི་དྲགས་པའི་སེམས་པ་འདི་གང་ལ་འཇོག
 
བདག་གི་ཁུ་ལོ།  སེམས་ལྗིད་རབ་རིབ་ཞིག་གི་གོ་རིམ་ཁྲོད།
གྱེས་བྲལ་གྱི་སྡུག་ཡུས་མིག་ཆུར་བསྟིམས་དུས།
ཡུལ་གྱར་བ་ཞིག་གི་ལས་དབང་ཐོལ་གྱིས་བསུས་ཏེ།
ཟླ་ངོགས་སུ་གཙང་ཆབ་བཞུར་བ་དེ།
དོན་དག་ཆུང་ཆུང་ཞིག་མིན་ཡ།
 
བདག་གི་ཁུ་ལོ།  མུན་པའི་རྗེས་སུ་སྣང་བས་དེད་པའི་བདེན་ཚིག་གིས།
སང་ཉིན་ཅིས་ཀྱང་།  དྲན་གདུང་གི་རྨ་ཁ་ཟབ་མོ།
ལོ་རྒྱུས་ཀྱི་གཏའ་མར་བཞག་ཏེ།
ཡང་བསྐྱར་བརྩེ་སེམས་མངར་མོ་ཞིག་གི་བཟི་ཁ་ནས།
དར་དཀར་གྱིས་བཏུམས་པའི་སེམས་གཞས་ཕྲ་མོ།
ལྷད་མེད་པའི་འཛུམ་ཀོང་ན་མར་ཁུ་བཞིན་འཁྱིལ་ཡོད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གི་ཁུ་ལོ།

2012-07-21 སྙན་བཟང་དགེ་དར། ཀློག་གྲངས། མཆན ཡོད།


བདག་གི་ཁུ་ལོ།  ཁ་སང་གི་དབྱར་གཞུང་དེ་ཅི་འདྲའི་སྐྱིད་འང་།
བརྩེ་ཞེན་གྱི་དམར་ཆུང་རེ་རེར།
དུང་ཞེན་གྱི་ཀི་ཀོ་སྙན་མོས།
དགུན་ཟླ་ཧྲིལ་བོ་ཞིག་གི་འཁྱག་རོམ་གཏོར་དུས།
བཟི་དྲགས་པའི་སེམས་པ་འདི་གང་ལ་འཇོག
 
བདག་གི་ཁུ་ལོ།  སེམས་ལྗིད་རབ་རིབ་ཞིག་གི་གོ་རིམ་ཁྲོད།
གྱེས་བྲལ་གྱི་སྡུག་ཡུས་མིག་ཆུར་བསྟིམས་དུས།
ཡུལ་གྱར་བ་ཞིག་གི་ལས་དབང་ཐོལ་གྱིས་བསུས་ཏེ།
ཟླ་ངོགས་སུ་གཙང་ཆབ་བཞུར་བ་དེ།
དོན་དག་ཆུང་ཆུང་ཞིག་མིན་ཡ།
 
བདག་གི་ཁུ་ལོ།  མུན་པའི་རྗེས་སུ་སྣང་བས་དེད་པའི་བདེན་ཚིག་གིས།
སང་ཉིན་ཅིས་ཀྱང་།  དྲན་གདུང་གི་རྨ་ཁ་ཟབ་མོ།
ལོ་རྒྱུས་ཀྱི་གཏའ་མར་བཞག་ཏེ།
ཡང་བསྐྱར་བརྩེ་སེམས་མངར་མོ་ཞིག་གི་བཟི་ཁ་ནས།
དར་དཀར་གྱིས་བཏུམས་པའི་སེམས་གཞས་ཕྲ་མོ།
ལྷད་མེད་པའི་འཛུམ་ཀོང་ན་མར་ཁུ་བཞིན་འཁྱིལ་ཡོད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།