ཡིད་ཆད་ཀློང་གི་འཇིགས་པ།


རྩྭ་ཐང་ལ་སྙིང་པོ་མི་འདུག
གནའ་བོ་ནས་སྤང་ལྗོངས་ལ་འཁེན་པའི
སྦྲ་ནག་ལ་ཡང་སྙིང་བོ་མི་འདུག
ནོར་ལུག་དག་ཀྱང་བྲག་མགོ་དང་རྫ་མགོར་འཐོར་ཟིན
 
ད་ལྟ་ཤན་པ་ཚོའི་ལུས་སེམས་འཁྱག་འདར་རྒྱག་གིན་ཡོད་ངེས
བཀོལ་ས་མེད་པའི་རལ་གྲི་དེ་དག་གང་དུ་འཇོག་གམ
 
ངལ་བས་དུབ་པའི་རྫི་བོ་དག
ལོ་ཟླ་ཡི་ས་རྡུལ་གྱོན་པའི་ལྷམ་རལ་གཡང་ལ་བསྐྱུར་ཏེ
ཕྱིར་ཡོང་མེད་པའི་པར་རིས་ཀྱི་གསེང་དུ་འཛུར
 
གྲང་ཤུར་ཤུར་ངང་བཞུར་གྱིན་པའི་རླུང་བུ
ཡོད་ཚད་མེད་ཤུལ་ན་འགྲིང་སྟེ
ཅི་ཞིག་ལ་གཡབ་མོ་བྱེད་རྒྱུར་བྲེལ་ནས་ཡོད
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡིད་ཆད་ཀློང་གི་འཇིགས་པ།

2012-07-11 དམིགས་རྩེ། ཀློག་གྲངས། མཆན ཡོད།


རྩྭ་ཐང་ལ་སྙིང་པོ་མི་འདུག
གནའ་བོ་ནས་སྤང་ལྗོངས་ལ་འཁེན་པའི
སྦྲ་ནག་ལ་ཡང་སྙིང་བོ་མི་འདུག
ནོར་ལུག་དག་ཀྱང་བྲག་མགོ་དང་རྫ་མགོར་འཐོར་ཟིན
 
ད་ལྟ་ཤན་པ་ཚོའི་ལུས་སེམས་འཁྱག་འདར་རྒྱག་གིན་ཡོད་ངེས
བཀོལ་ས་མེད་པའི་རལ་གྲི་དེ་དག་གང་དུ་འཇོག་གམ
 
ངལ་བས་དུབ་པའི་རྫི་བོ་དག
ལོ་ཟླ་ཡི་ས་རྡུལ་གྱོན་པའི་ལྷམ་རལ་གཡང་ལ་བསྐྱུར་ཏེ
ཕྱིར་ཡོང་མེད་པའི་པར་རིས་ཀྱི་གསེང་དུ་འཛུར
 
གྲང་ཤུར་ཤུར་ངང་བཞུར་གྱིན་པའི་རླུང་བུ
ཡོད་ཚད་མེད་ཤུལ་ན་འགྲིང་སྟེ
ཅི་ཞིག་ལ་གཡབ་མོ་བྱེད་རྒྱུར་བྲེལ་ནས་ཡོད
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།